ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ དྭངས་གསལ་ཐོག་ལས་ བཙག་ འཐུ་མ་འབདཝ།

Bhutan Times - - Adverts -

༉ འདས་པའི་ལོ་ཚུ་ནང་ ངན་ལྷད་བཀག་སྡོམ་ལྷན་ ཚོགས་ཀྱིས་ ལྷན་ཚོགས་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ ཚོགས་ལས་ ཐ་དད་བཟོ་དགོ་ པའི་སྐོར་ལས་ གྲོས་འདེབས་ འབད་ཡོདཔ་ཨིན་རུང་ ད་ རེས་ཀྱི་བདུན་ཕྲག་ནང་ སྤྱི་ལོ་ ༢༠༡༥ འི་ ངན་ལྷད་བཀག་ སྡོམ་ལས་སྡེ་ཟེར་མི་ སྙན་ཞུ་ དང་འཁྲིལ་བ་ཅིན་ ཁྲི་འཛིན་ དང་ ལྷན་འཛིན་ཚུ་ བསྐོ་ བཞག་འབད་བའི་སྐབས་ དྭངས་གསལ་གྱི་ཐོག་ལས་ མ་འབད་བས་ཟེར་ བཀོད་ ཡོདཔ་ཨིན་པས། རྒྱལ་སྤྱི་དྭངས་གསལ་ལས་ སྡེ་གིས་ བསྡུ་བཀོད་འབད་ ཡོད་མི་ སྙན་ཞུ་འབད་མི་དང་ འཁྲིལཝ་ད་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ དང་ ལྷན་འཛིན་ཚུ་ བསྐོ་ བཞག་འབད་བའི་སྐབས་ བྱ་ རིམ་དང་མ་འཁྲིལ་བས་ཟེར་ ཨིན་པས། མི་མང་ལུ་ དྭངས་གསལ་ ཐོག་ལས་ གསལ་སྟོན་ འབད་དགོ་པ་ཅིན་ གོ་ གནས་དེ་ཚུ་གི་དོན་ལུ་ ས་ སྟོངས་གསལ་བསྒྲགས་ འབད་མི་ཚུ་ ཧེ་མ་ལས་ གོ་ གནས་ཀྱི༌ལམ༌ལུགས༌ཚུ༌ མི༌མང༌ལུ༌འབད་དགོཔ་ཅིན་ ཨིན་རུང་ དེ་མ་འབད་བས་ ཟེར་ སྙན་ཞུ་ནང་ བཀོད་ ཡོདཔ་ཨིན་པས། འབྲུག་དྭངས་གསལ་རྩོལ་སྒྲུབ་ ལས་སྡེའི་ མདོ་ཆེན་པb་ལྷ་ མོ་གིས་ སྙན་ཞུ་གསལ་སྟོན་ འབད་བའི་སྐབས་ བཤད་དོ་ བཟུམ་འབད་བ་ཅིན་ བརྟག་ ཞིབ་སྙན་ཞུ་དེ་ ངན་ལྷད་ བཀག་སྡོམ་ལྷན་ཚོགས་ཀྱི་ སྤུས་ཚད་དང་ ལས་དོན་གྱི་ ཡོངས་རྫོགས་བརྟག་ཞིབ་སྙན་ འབདཝ་ལས་ ལྷན་ཚོགས་ དེ་ སྒྲིང་སྒྲིང་དང་ གོང་འཕེལ་ གཏང་ནིའི་དོན་ལུ་ འགོ་ དང་པ་ སྙན་ཞུ་གསལ་སྟོན་ འབདཝ༌ཨིན་ཟེར་བཤད་ ཡོདཔ་ཨིན་པས། སྙན་ཞུ་དེ་ཡང་ བརྡ་སྟོན་ ཁག་༥༠ ལུ་ གཞི་བཞག་ ཐོག་ལས་ བརྟག་ཞིབ་འབད་ ཡོདཔ་བཞིན་དུ་ བརྡ་སྟོན་ཚུ་ ཡང་ ལྷན་ཚོགས་ཀྱི་ཁྲིམས་ ལྡན་དབང་ཆ་དང་ རང་སྐྱོང་ ལག་ལེན་ མ་དངུལ་ལང་ ཚད་ དེ་ལས་ ལས་བྱེདཔ་ ཐོན་འགྱོ་མི་ཚུ་གི་ཐོག་ལུ༌ཡང༌ གཞི༌བཞག་ཡོདཔ་ད་ ད་ལྟོ་ གི་ སྙན༌ཞུ༌དང༌འཁྲིལ༌བ༌ཅིན༌ ལྷན་ཚོགས་ཀྱིས་ ངན་ལྷན་ དང་འབྲེལ་བའི་ ཞིབ་དཔྱད་ ཚུ་ དཔྱ་༥ དེ་ཅིག་ལས་ འབད་མ་ཚུགསཔ་ལས་ མི་ སྡེ་གིས་ ངན་ལྷད་དང་འབྲེལ་ བའི་ ཉོགས་བཤད་བཀོད་ ནི་ལུ་ ཐོ་ཕོག་སྟེ་འདུག་ཟེར་ བཀོད་ཡོདཔ་ཨིན་པས། ངན་ལྷད་བཀག་སྡོམ་ལྷན་ ཚོགས་ཀྱིས་ རྒྱལ་སྤྱའི་ དྭངས་གསལ་དོན་ལུ་ སྤྱི་ལོ་ ༢༠༡༥ ཟླ་༦ པ་དང་༨ པའི་ ནང་འཁོད་ བརྟག་ཞིབ་འབད་ དགོཔ་སྦེ་ སླབ་ཡོདཔ་བཞིན་ དུ་ སུ་ཡིསི་གོང་འཕེལ་མ་ དངུལ་གྱི་ རྒྱབ་སྐྱོར་ཐོག་ ལས་ བརྟག༌ཞིབ༌འབད་ ཡོདཔ་ཨིན་པས། སྙན་ཞུ་གསལ་སྟོན་འབད་ མི་དང་འབྲེལ་ རྒྱལ་སྤྱི་ དྭངས་གསལ་ལས་སྡེ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ ཚོགས་ཀྱི་ སྒྲིག་གཞི་དང་ ལམ་ལུགས་ནང་ལས་ ཐ་ དདའབད་ནི་ཨིན་པ་ཅིན་ རྒྱབ་སྣོན་གདམ་ཁ་ཁག་ གཉིས་ འབད་ཡོདཔ་ཨིན་ པས། དེ་ཡང་ ལས་སྡེ་གིས་ ལྷན་ ཚོགས་ཀྱིས་ ལས་བྱེདཔ་ ཚུ་ རང་དབང་གི་ཐོག་ལས་ བཙུག་ནི་དང་ གདམ་ཁ་ གཉིས་པ་དེ་ ཞི་གཡོག་ལྷན་ ཚོགས་ཀྱི་ སྒྲིག་གཞི་གི་འོག་ ལུ་ར་ ད་ལྟོ་ཡོད་མི་ལས་སྡེ་ དེ་ ལག་ལེན་འཐབ་ཚུགསཔ་ བཟོ་དགོཔ་སྦེ་ རྒྱབ་སྣོན་ འབད་ཡོདཔ་ཨིན་པས། དྭངས་གསལ་ལས་སྡེ་གིས་ ཐད་ཀར་གྱི་ རྒྱབ་སྣོན་ འབད་དོ་བཟུམ་འབད་བ་ཅིན་ གཞུང་དང་སྤྱི་ཚོགས་ ཡང་ ན་ ལྷན་ཚོགས་ཀྱིས་ རྒྱལ་ གཞུང་ཞི་གཡོག་ལྷན་ཚོགས་ དང་སྤྱི་ཚོགས་ཀྱི་ རྒྱབ་སྐྱོར་ ཐོག་ལས་ བཀོད་ཚོགས་བཟོ་ སྟེ་ གནད་དོན་དེ་ལུ་ ག་དེ་ སྦེ་ འབད་ནི་ཨིན་ནའི་སྐོར་ ལས་ གྲོས་བསྡུར་འབད་བ་ ཅིན་ ཐབས་ཤེས་ལེགས་ཤོམ་ འོང་ཟེར་ བཀོད་ཡོདཔ་ཨིན་ པས། དེ་བཟུམ་སྦེ་ ལས་སྡེ་གིས་ ལྷན་ཚོགས་ཀྱི་ ལས་བྱེདཔ་ ཚུ་གིས་ ལཱ་གིས་གནས་ སྟངས་ལུ་བརྟེན་ གདོང་ལེན་ དང་ཚ་གྱང་ག་དེ་སྦེ་ར་ ཕོག་ དོ་ཡོད་གའི་སྐོར་ལས་ ཞིབ་ འཚོལ་འབད་དགོ་པའི་ རྒྱབ་ སྣོན་འབད་ཡོདཔ་ཨིན་པས། ལྷན་ཚོགས་ནང་ལུ་ མི་ སྟོབས་སྒྲིང་སྒྲིང་བཟོ་ནིའི་དོན་ ལུ་ གཞུང་དང་སྤྱི་ཚོགས་ ཀྱིས་ རྒྱབ་སྐྱོར་འབད་དགོ་ནི་ ཨིནམ་ད་ དཀའ་ངལ་དེ་ཚུ་ འཕྲལ་མགྱོགས་ར་ སེལ་ ཚུགས་པ་ཅིན་ མ་འོངས་པའི་ ནང་ ངན་ལྷད་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ སེལ་ནིའི་ དོན་ལུ་ ལམ་ལུགས་ལེགས་ ཤོམ་ འགྱོ་ཚུགས་ནི་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.