གཞུང་གིས་ སྒེར་སྡེ་དང་ ལས་སྡེ་ཁག་ཚུ་གི་དོན་ལུ་ སྐྱེས་མའི་ངལ་གསོ་ བྱིན་ནི་གི་ གྲོས་ཐག་ག་ནི་ཡང་མེདཔ།

Bhutan Times - - Adverts -

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཞི་གཡོགཔ་ཨམ་སྲུ་ཚུ་གི་དོན་ ལུ་ སྐྱེས་མའི་ངལ་གསོ་ ཟླཝ་ ༦ དང་ སྟབས་བདེ་ཧིང་གི་ཐོག་ ལས་ ད་རུང་ ཟླཝ་༦ ངལ་ གསོ་སྡོད་ནི་གི་ ཆ་འཇོག་འབད་ ཡོདཔ་ཨིན་རུང་ སྒེར་སྡེ་དང་ གཞན་ལས་སྡེ་ཚུ་གི་དོན་ལུ་ ག་ ནི་ཡང་ གྲོས་ཐག་མ་བཅདཔ་ ཨིན་པས། དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡ ལུ་ ལྷན་རྒྱས་གཞུང་ཚོགས་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་ བར་ན་ ཞལ་འཛོམས་འཚོགས་ པའི་སྐབས་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ གནད་ དོན་དེ་ལུ་ ལྷན་རྒྱས་གཞུང་ ཚོགས་ནང་ གྲོས་བསྟུན་བྱུང་ པའི་སྐབས་ ངལ་གསོ་དེ་ སྤྱི་ཟླ་ ༡ པའི་ནང་ལས་ འགོ་བཙུགས་ ནི་སྦེ་ གྲོས་ཐག་བཅད་དེ་ཡོདཔ་ ཨིན་ཟེར་བཤད་ཅི། བློན་པོ་གིས་ ངལ་གསོ་དེ་ ཧེ་ མ་ལས་ ལེན་ཡོད་རུང་ ཧེ་མའི་ ལམ་ལུགས་དང་འཁྲིལ་ ཟླ་ངོ་ གསུམ་ཐོབ་སྲོལ་ཡོད་མི་དེ་ མ་ ཚང་མི་ཚུ་གིས་ཡང་ ཐོབ་འོང་ ཟེར་ཨིནམ་ད་ རྒྱལ་གཞུང་ཞི་ གཡོག་ལྷན་ཚོགས་ཀྱིས་ཡང་ གོ་བ་དེ་སྦེ་ར་ ལེན་ཏེ་ཡོད་ཟེར་ ཨིན་པས། ལས་གཡོག་བློན་པོ་ ཉི་མ་ སངས་རྒྱས་ཆེན་པོ་གིས་ ལྷན་ ཁག་གིས་ སྒེར་སྡེ་ནང་ལཱ་ འབད་མི་ ཨམ་སྲུ་ཚུ་ལུ་ ཚ་ གྱངས་ཡོད་ཟེར་ཨིན་མི་དེ་ཡང་ སྒེར་སྡེ་དང་ལས་སྡེ་ཚུ་གིས་ མ་ འོངས་པའི་ནང་ ཡུན་འགྱངས་ ཀྱི་དོན་ལུ་ ངལ་གསོ་བྱིན་མི་ ཚུགསཔ་འོང་ཟེར་ བཤད་མི་ དེ་ཡང་ སྒེར་སྡེ་དང་ལས་སྡེ་ ཚུ་གིས་ ཁེ་སང་གི་ དམིགས་ གཏད་ཐོག་ལུ་ ལཱ་འབད་ནི་དེ་ གིས་ཨིན་པས། ཉུང་ཤོས་ དུས་ཡུན་ཆུ་ཚོད་༨ ཀྱི་ རིང་ ལཱ་འབད་མི་ཚུ་ དགོ་དོ་ ཡོདཔ་ལས་ ཁོང་གི་དོན་ལུ་ ལས་བྱེདཔ་ཚུ་ ཡིག་ཚང་ནང་ མ་འོང་པ་ཅིན་ ཁེ་སང་ལུ་ ཐོ་ ཕོགས་དོ་ཡོདཔ་ལས་ མ་འོངས་ པའི་ནང་ ལས་སྡེ་དང་ སྒེར་ སྡེ་ཚུ་གིས་ ཨམ་སྲུ་ཚུ་ལུ་ ལཱ་ གཡོག་མི་བྱིན་ནི་གི་ ཚ་གྱངས་ ཡོད་ཟེར་ཨིན་པས། དུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་ རྗེ་གིས་ ཟད་འགྲོ་གི་ཐད་ཁར་ སླབ་ནི་མེད་རུང་ ལས་བྱེདཔ་ཚུ་ ངལ་གསོ་ནང་འགྱོ་བའི་སྐབས་ ཡིག་ཚང་ནང་སྡོད་མི་ཚུ་གིས་ ལཱ་འགན་ཐེབས་ འབག་སྲོལ་ ཡོདཔ་ལས་ དེ་ལུ་ ཟད་འགྲོ་ ཐེབས་འོང་ཟེར་ཨིནམ་ད་ ད་ལྟོ་ གཞུང་གིས་གྲོས་ཐག་བཅད་མི་ དང་འཁྲིལ་འབད་རུང་ གཏན་ འཁེལ་གྱི་གནས་སྡུད་ ཐོབ་མི་ ཚུགསཔ་འོང་ཟེར་ཨིན་པས། ལྷན་རྒྱས་གཞུང་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཞི་ གཡོགཔ་ཨམ་སྲུ་ཚུ་གི་དོན་ལུ་ ཟླཝ་༦ གི་ སྐྱེས་མའི་ངལ་གསོ་ དང་ ད་རུང་ ཟླཝ་༦ སྟབས་ བདེ་ཧིང་གི་ཐོག་ལས་ ངལ་ གསོ་སྡོད་ནི་གི་ ཆ་འཇོག་འབད་ ཡོདཔ་ད་ དེ་གི་སྐབས་ དངུལ་ ཕོགས་ཚུ་ ཐོབ་སྟེ་ར་སྡོད་ནི་ ཨིན་པས། ཨིན་རུང་ སྒེར་སྡེ་དང་ལས་ སྡེ་ཚུ་ནང་ལཱ་འབད་མི་ ཨམ་ སྲུ་ཚུ་གི་དོན་ལུ་ གནས་ཚུལ་ དེ་ ལེགས་ཤོམ་ཅིག་མེན་མི་དེ་ ཡང་ གཞུང་གིས་ གཞུང་གིས་ ཁས་བླངས་འབད་བའི་སྐབས་ ལུ་ སྤྱིར་བཏང་སྦེ་ འབད་ཡོད་ རུང་ ད་ལྟོ་ ཐོབ་ནི་རནམ་ད་ ཞི་ གཡོགཔ་ཚུ་གི་དོན་ལུ་ རྐྱངམ་ ཅིག་གྲོགས་རམ་འདུག་ཟེར་ བའི་ ལོ་རྒྱུས་ཚུ་ཡང་ བཤད་མི་ ཐོན་དོ་ཡོདཔ་ཨིན་པས། ཨམ་སྲུ་ཚུ་གི་ སྐྱེས་མའི་ངལ་ གསོ་སེང་ནི་དེ་ ད་ལྟོའི་གཞུང་ གིས་ བཙག་འཐུའི་ཁས་བླངས་ འབད་མི་ཚུ་གི་གྲས་ལས་ གཅིག་ཨིནམ་ད་ ན་ཧིང་སྤྱི་ཟླ་ ༦ པ་ཚུན་གྱི་ གནས་སྡུད་དང་ འཁྲིལ་བ་ཅིན་ ཞི་གཡོགཔ་ ཨམ་སྲུ་༩༢༡༠ ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.