རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ ས་ཡོམ་གྱི་དོན་ལུ་ གྲ་སྒྲིག་ཡོདཔ།

Bhutan Times - - Home -

༉ འདས་པའི་བདུན་ཕྲག་ནང་ རྒྱ་གར་གྱི་བྱང་ཤར་མངའ་སྡེ་ མ་ནི་པུར་ལུ་ ས་ཡོམ་རྐྱབ་མི་ དེ་གིས་ ཤར་ཕྱོགས་རྫོང་ཁག་ ༡༦ ནང་ ཁྱིམ་ལེ་ཤ་ལུ་ གནོད་ སྐྱོན་བྱུང་ཡོདཔ་ལས་ དེ་གིས་ གཞུང་གི་ འབྲེལ་ཡོད་ཡིག་ ཚང་ཚུ་གིས་ གྲ་སྒྲིག་ག་དེ་སྦེ་ ར་ འབད་ཡོད་གའི་ དྲན་འཚོར་ འབདཝ་ཨིན་པས། ད་རེས་ཀྱི་ ས་ཡོམ་གྱིས་ ཁྱིམ་ ༢༤༨ དེ་ཅིག་ལུ་ གནོདཔ་ བཀལ་ཡོད་རུང་ གནོད་པ་ཚུ་ གྱང་རྩིག་ལ་སོགས་པའི་ནང་ སེར་གུ་ཆུང་ཀུ་རེ་ ཐོན་ཡོདཔ་ མ་གཏོགས་ གནོད་པ་སྦོམ་མ་ རྐྱབ་ལས་ འབྲུག་ཉེན་བཅོལ་ ལས་འཛིན་ལུ་ཡང་ རྒུད་འཐུས་ དེ་ཅིག་ སྤྲོད་དགོཔ་མ་བྱུངམ་ ཨིན་པས། ཨིན་རུང་ འབྲུག་རྒྱལ་ཁབ་ དེ་ གངས་རི་ནང་ཆགས་ཡོདཔ་ ལས་ ས་ཡོམ་འཕྲལ་འཕྲལ་ སྦེ་ར་ འོང་ནི་གི་ ས་ཁོངས་ནང་ ཨིནམ་ལས་ འབྲེལ་ལས་དབང་ འཛིན་ཚུ་གིས་ གློ་བུར་དུ་ ས་ ཡོམ་འོང་བའི་སྐབས་ཀྱི་དོན་ ལུ་ གྲ་སྒྲིག་ཚུ་ འབད་དགོཔ་དེ་ ཁག་ཆེཝ་ཨིན་པས། རྐྱེན་ངན་འཛིན་སྐྱོང་གིས་ བསྡུ་ སྒྲིག་འབད་མི་ སྙན་ཞུ་དང་ འཁྲིལཝ་ད་ འདས་པའི་བདུན་ ཕྲག་གི་ ས་ཡོམ་གྱིས་ མང་ ཤོས་ར་ ཤར་ཕྱོགས་རྫོང་ཁག་ ༡༦ ནང་ ཁྱིམ་༢༣༦ དང་ སློབ་གྲྭ་༡༡ དེ་ཅིག་ལུ་ གནོད་ སྐྱོན་རྐྱབ་ཡོད་པའི་ སྙན་ཞུ་ འབད་ཡོདཔ་ཨིན་པས། གནོད་སྐྱོན་ཚུ་ ཆུང་ཀུ་ཨིན་རུང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཁྱིམ་༡༡༢ ལུ་ གནོད་སྐྱོན་རྐྱབ་ ཡོད་མི་དེ་ མཐོ་ཤོས་ཨིནམ་ ད་ རྫོང་ཁག་དེ་ནང་ར་ སློབ་གྲྭ་ ༡༡ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ ཨིན་པས། ཀྲོང་གསར་དང་བསམ་རྩེ་ སྤ་རོ་ ལྷུན་རྩེ་ མགར་ས་ ཧཱ་ ཆུ་ཁ་ དེ་ ལས་ བུམ་ཐང་རྫོང་ཁག་ཚུ་ནང་ ས་ཡོམ་དེ་གིས་ གནོད་སྐྱོན་ག་ ནི་ཡང་ མ་འབདཝ་ཨིན་པས། མོང་སྒར་རྫོང་ཁག་ནང་འབད་བ་ ཅིན་ ཁྱིམ་གུང་༢༣ ལུ་ གནོད་ སྐྱོན་རྐྱབ་ཡོད་མི་ལས་ ཁྱིམ་ ༣ གྱི་རྩིགཔ་ལུ་ སེར་གུ་སྦོམ་ར་ ཐོན་ཡོདཔ་ད་ པདྨ་དགའ་ཚལ་ རྫོང་ཁག་གི་ མཁར་དང་གཡུ་ རུང་ ཟོ་སྦལ་ ལྕོང་ཤིང་གཡུས་ ཚན་ཚུ་ནང་ གནོད་སྐྱོན་དུམ་གྲ་ རེ་ རྐྱབ་ཡོདཔ་ཨིན་པས། བཀྲིས་སྒང་རྫོང་ཁག་ནང་ འབད་བ་ཅིན་ ཁྱིམ་གུང་༣༤ ལུ་ གནོད་སྐྱོན་རྐྱབ་ཡོད་རུང་ གནོད་སྐྱོན་ཤུགས་སྦེ་ མ་ འབདཝ་ཨིནམ་ད་ འདས་པའི་ བདུན་ཕྲག་གི་ ས་ཡོམ་གྱི་ས་ འགུལ་ལྟེ་བ་དེ་ རྒྱ་གར་གྱི་བྱང་ ཤར་མངའ་སྡེ་གི་ མ་ནི་པུར་ལུ་ ཨིནམ་ལས་ ཉེ་འདབས་ཀྱི་ས་ གནས་དང་ མངའ་སྡེ་ དེ་ལས་ རྒྱལ་ཁབ་ཚུ་ནང་ གནོད་སྐྱོན་ རྐྱབ་ཡོདཔ་ད་ ཤར་ཕྱོགས་རྫོང་ ཁག་དེ་ ས་འགུལ་ལྟེ་བ་གི་ ཉེ་ འདབས་ཚམ་ལུ་ཕོགཔ་ལས་ གནོད་སྐྱོན་བྱུང་ཡོདཔ་ཨིན་རུང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ གནོད་སྐྱོན་བྱུང་བའི་ལོ་རྒྱུས་དེ་ ཅིག་ མེདཔ་ཨིན་པས། ས་ཡོམ་རྐྱབ་པའི་ཤུལ་ལས་ རྒྱ་ གར་གྱི་ཚན་རིག་མཁས་མཆོག་ ཚུ་གིས་ ད་རུང་ ས་ཡོམ་འོང་ནི་ ཨིན་པའི་ ཚད་དཔག་འབད་མི་ དེ་གིས་ འབྲུག་མི་ཚུ་ གྱངས་ ལང་དགོཔ་བྱུང་ཡོད་རུང་ རྐྱེན་ ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་ བཟུམ་འབད་བ་ཅིན་ ས་ཡོམ་གྱི་ དོན་ལུ་ གྲ་སྒྲིག་འབད་དེ་ཡོད་ ཟེར་ཨིན་པའི་ཁར་ གནས་ཚུལ་ དེ་ལུ་ བདེན་པ་དེ་ཅིག་མེད་ཟེར་ བཤད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.