ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ བཙག་འཐུ་ལུ་ སྣང་དག་མེད་པའི་གསལ་སྟོན།

Bhutan Times - - Adverts -

༉ ད་རེས་ནངས་པར་ ཁྲོམ་ དཔོན་གྱི་ བཙག་འཐུ་འགོ་ འདྲེན་འཐབ་ནིའི་དོན་ལུ་ ཁྲོམ་སྡེ་ཚུ་ནང་ སྤྱིར་སྙོམས་ འཛོམས་འདུ་ཚུ་ འགོ་འདྲེན་ འཐབ་པའི་བསྒང་ཡོད་མི་དང་ འབྲེལ་ ཐིམ་ཕུག་ཁྲོམ་དཔོན་ གྱི་ བཙག་འཐུ་འགོ་འདྲེན་དོན་ ལུ་ སྐུལ་བསྒྲགས་ཚུ་ འབད་ དོ་ཡོད་རུང་ མི་དམངས་ཀྱིས་ ཁས་བླངས་གསལ་བསྒྲགས་ ཉན་ནིའི་དོན་ལུ་ སྤྲོ་བ་དེ་ཅིག་ མི་བསྐྱེད་དོ་ཡོདཔ་ཨིན་པས། དེ་ཡང་ འདས་པའི་བདུན་ཕྲག་ ནང་ ཁྲོམ་དཔོན་བགྲེསཔ་ ཀུན་ལེགས་རྡོ་རྗེ་གིས་ སྐུལ་ བསྒྲགས་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་སྦོམ་ ཤོས་ཅིག་ཨིན་མི་ ཐིམ་ཕུག་ ཁྲོམ་སྡེ་ནང་ མི་རྩིས་ཡོད་མི་ ཚུ་གིས་ ཁས་བླངས་གསལ་ བསྒྲགས་འབད་བའི་སྐབས་ གྱངས་ཁ་ཆོདཔ་ཅིག་ལས་ བརྒལ་ འོང་མ་བཏུབ་ཨིན་ པས། བརྒྱ་ཆ་ལས་བཅད་པ་ཅིན་ ཐིམ་ཕུག་གི་བྱང་ཁ་ཐུག་གི་ རྟ་བབ་- བདེ་ཆེན་ཆོས་གློང་ འདེམས་ཁོངས་ནང་ལས་ ཁྱད་ ཚད་ལྡན་པའི་ ཚོགས་རྒྱན་ བཙུགས་མི་ བརྒྱ་ཆ་༣ ལྷགཔ་ ཅིག་གིས་རྐྱངམ་ཅིག་ གྲལ་ གཏོགས་འབད་ཡོད་མི་ལུ་ བལྟཝ་ད་ མ་འོངས་པའི་ནང་ ཁྲོམ་སྡེ་ནང་ བཙག་འཐུ་འགོ་ འདྲེན་འཐབ་ནི་དེ་ སྐྱོ་དྲག་ཅིག་ ལུ་འགྱུར་ནི་གི་ བརྡ་མཚོན་ སྟོནམ་ཨིན་པས། དེ་མ་ཚད་ བཙག་འཐུ་ལྷན་ ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གནས་སྟངས་དེ་ལུ་བལྟཝ་ ད་ མི་སེར་ཚུ་གིས་ ཚོགས་ རྒྱན་བཙུགས་ནི་གི་དབང་ཆ་དེ་ ཁོང་ལུ་ཡོདཔ་ལས་ བཙུགས་ རུང་མ་བཙུགས་རུང་ ཁོང་གི་ ལགཔ་པར་ཡོདཔ་ལས་ སྣང་ དག་ཅིག་ མེདཔ་བཟུམ་ མཐོང་ ཡི་ཟེར་ཨིན་པས། ཁྲོམ་སྡེ་གི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཁོང་༧ ཐོན་ཡོད་རུང་ ཁྲོམ་དཔོན་གྱི་ དོན་ལུ་ ཁྲོམ་དཔོན་བགྲེསཔ་ ཅིག་ལས་ མ་ཐོནམ་ད་ ཁོ་ གིས་ བཙག་འཐུའི་སྐབས་ལུ་ ཐིམ་ཕུག་ལུ་ མི་རྩིས་ཡོད་མི་ ཚུ་གིས་རྐྱངམ་ཅིག་མེན་པར་ ཐིམ་ཕུག་ལས་ ས་དང་ཁྱིམ་ ཉོ་མི་ཚུ་གིས་ཡང་ བཅའ་མར་ གཏོགས་ནི་ཡོད་པ་ཅིན་ དྲག་ ནི་མས་ཟེར་བཤད་ཡོདཔ་ཨིན་ པས། གནས་སྡུད་ཚུ་དང་འཁྲིལ་བ་ ཅིན་ ཐིམ་ཕུག་ཁྲོམ་སྡེ་ནང་ སྡོད་མི་ མི་༡༡༦༠༠ ལྷགཔ་ ཅིག་ ཡོདཔ་ཨིན་རུང་ ཐིམ་ ཕུག་ལུ་ས་དང་ཁྱིམ་ཡོད་རུང་ མི་རྩིས་ རྫོང་ཁག་གཞན་ཁར་ ཡོད་མི་དེ་ བརྒྱ་ཆ་༩༠ དེ་ཅིག་ ཡོདཔ་ལས་ མི་རྩིས་ཚུ་ ཐིམ་ ཕུག་ཁྲོམ་སྡེ་ནང་ སྤོ་བ་ཅིན་ ཚོགས་རྒྱན་བཙུགས་མི་ ཡར་ སེང་འགྱོ་ནི་མས་ཟེར་ འདེམས་ ངོ་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས། ཁྲོམ་སྡེ་ཚུ་ནང་ ཚོགས་རྒྱན་ བཙུགས་མི་ མང་སུ་ཐོན་ནིའི་ དོན་ལུ་ ཚོགས་རྒྱན་ཚུ་ རང་ག་ ཏེ་སྡོད་ས་ལས་ བཙུགས་ཆོག་ པའི་ ལམ་ལུགས་བཟོ་དགོ་ པའི་ ཞུ་བ་ཚུ་ སྲིད་དོན་ཚོགས་ པ་ཚུ་གིས་ འབད་ཡོདཔ་ཨིན་ རུང་ སྤྱི་ཚོགས་དང་ བཙག་ འཐུ་ལྷན་ཚོགས་ཀྱི་ཧོང་ལས་ ངོས་ལེན་ལེགས་ཤོམ་ཅིག་ མ་ ཐོབ་ཨིན་པས། བཙག་འཐུ་གི་བྱ་རིམ་ཚུ་ ག་ དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ ན་ ལྟ་རྟོག་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཙག་འཐུ་གི་བཅའ་ཁྲིམས་ཚུ་ བསྒྱུར་བཅོས་མ་འབད་བ་ཅིན་ ཁྲོམ་སྡེ་དང་གཞན་བཙག་འཐུ་ ཚུ་གི་སྐབས་ལུ་ བཅའ་མར་ གཏོགས་མི་གི་གྱངས་ཁ་དེ་ མ་ འོངས་པའི་ནང་ སྐྱོ་དྲག་འགྱོ་ ནི་མ་གཏོགས་ ཡར་སེང་འགྱོ་ ནི་བཟུམ་ མི་མཐོང་པས་ཟེར་ བཤད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.