ཕུན་ཚོགས་གླིང་ཁྲོམ་དཔོན་གྱི་འདེམས་ངོ་ ཨུ་ཏར་ རའི་དེ་ དགོ་དང་ མི་དགོ་གི་ཐོག་ལས་ བཙག་འཐུ་འབད་ནི་ཨིན་པས།

Bhutan Times - - Adverts -

༉ ཕུན་ཚོགས་གླིང་གི་ ཁྲོམ་ དཔོན་བགྲེསཔ་ ཚེ་བརྟན་རྡོ་ རྗེ་དེ་ བཙག་འཐུ་ལྷན་ཚོགས་ ཀྱིས་ འདེམས་ངོ་ནང་ལས་ ཆ་མེད་བཏང་ཡོདཔ་ལས་ གཞན་མི་འདེམས་ངོ་ ཨུ་ཏར་ རའི་དེ་ དགོ་དང་ མི་དགོ་གི་ ཚོགས་རྒྱན་ཐོག་ལས་ བཙག་ འཐུ་འབད་ནི་ཨིན་པས། ནངས་པར་ ཁྲོམ་དཔོན་གྱི་ དོན་ལུ་ ཚོགས་རྒྱན་བཙུགས་ ནི་ཨིན་རུང་ ཁྲོམ་དཔོན་ བགྲེསཔ་དེ་ སྤྱི་ཟླ་༡ པའི་ ཚེས་༢༢ ལུ་ གསང་བའི་སྙན་ ཞུ་ འབད་མི་ཐོན་པའི་ཤུལ་ ལས་ བཙག་འཐུ་ལྷན་ཚོགས་ ཀྱིས་ ཞིབ་དཔྱད་འབདཝ་ ད་ ཁོ་རའི་ མིང་ཐོ་ཁར་ ཚོང་ འབྲེལ་གྱི་ ཆོག་ཐམ་ཡོད་པའི་ ངོས་འཛིན་བྱུང་བའི་ཤུལ་ལས་ འདེམས་ངོ་ཆ་མེད་ བཏང་ ཡོདཔ་ཨིན་པས། བཙག་འཐུ་གི་ བཅའ་ཁྲིམས་ དང་འཁྲིལཝ་ད་ ཚོང་འབྲེལ་ གྱི་ཆོག་ཐམ་འཆང་ཡོད་པ་ ཅིན་ ཁེ་སང་གི་ཡིག་ཚང་ ཡོད་དོ་བཟུམ་ཅིག་ཨིནམ་ད་ བཅའ་ཁྲིམས་དང་འཁྲིལཝ་ ད་ འདེམས་ངོ་ཚུ་གིས་ ཆོག་ ཐམ་འཆང་སྟེ་ཡོད་པ་ཅིན་ འདེམས་ངོ་གི་དོན་ལུ་ ཐོ་ བཀོད་མ་འབད་བའི་ཧེ་མར་ འབྲེལ་ཡོད་ཡིག་ཚང་ལུ་ ལོག་སྤྲོད་དགོ་ནི་ཨིན་པས། བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་ འབད་མི་དང་འཁྲིལཝ་ད་ འདེམས་ངོ་གི་མིང་ཐོ་ལུ་ ཚོང་ འབྲེལ་གྱི་ཆོག་ཐམ་ འཆང་ ཡོད་པའི་ ངོས་འཛིན་འབྱུང་མི་ དེ་ བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༡༦༣ པ་དང་ བརྒལ་ཡོདཔ་ སྦེ་ བཀོད་ཡོདཔ་ཨིན་པས། གནས་ཚུལ་གསར་བཏོན་དང་ འཁྲིལཝ་ད་ འདེམས་ངོ་གིས་ ཡིག་ཆ་འཆང་མི་དང་ དྲི་ དཔྱད་འབད་བའི་སྐབས་ ཁོ་ ལུ་ ཆོག་ཐམ་ཡོད་པའི་སྐོར་ ལས་ ལྷན་ཚོགས་ལུ་ ཧེ་མ་ ལས་ གསལ་སྟོན་མ་འབད་ བས་ ཟེར་ཨིན་པས། དེ་འབདཝ་ལས་ བཙག་འཐུ་ ལྷན་ཚོགས་ཀྱིས་ ཚེ་བརྟན་ རྡོ་རྗེ་གི་ འདེམས་ངོ་དེ་ ཆ་ མེད་བཏང་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ཁྲོམ་དཔོན་ གྱི་དོན་ལུ་ འདེམས་ངོ་ ཕུད་ རྡོག་གཅིག་ལས་མེདཔ་ལས་ བཙག་འཐུ་དེ་ དགོ་དང་ མི་ དགོ་གི་ཐོག་ལས་ འབད་ནི་ ཨིན་པས། ཁྲོམ་དཔོན་བགྲེསཔ་ལུ་ ཚོང་ འབྲེལ་གྱི་ཆོག་ཐམ་འཆང་ ཡོད་མི་དེ་ འཕྲལ་ཁམས་ཅིག་ ཁར་རྐྱངམ་ཅིག་ ཤེས་ཡོདཔ་ ཨིན་རུང་ ཆོག་ཐམ་དེ་ ཁོ་ གི་མིང་ཐོ་ཁར་ ཧེ་མ་ལས་ ཡོདཔ་ཨིནམ་ལས་ བཙག་ འཐུ་ནང་ བཅའ་མར་གཏོགས་ མི་ཅིག་གིས་ ཡིག་ཚང་དང་ ཆོག་ཐམ་གྱི་རིགས་ འཆང་ མི་ཆོག་ཟེར་མི་དེ་ ཁོ་གིས་ ཧེ་མ་ ཁྲོམ་དཔོན་སྦེ་ གདམ་ འཐུ་སྒྲུབ་པའི་བསྒང་ལས་ར་ འགལ་ཡོདཔ་ཨིན་པས། དེ་འབདཝ་ལས་ བཙག་ འཐུ་གི་བྱ་རིམ་ཚུ་ ལྟ་རྟོག་ འབད་མི་ཚུ་གིས་ ཁྲོམ་དཔོན་ བགྲེསཔ་གི་གནད་དོན་དེ་ ད་ རེས་ རྐྱངམ་ཅིག་ བདའ་ཟུན་ ཡོད་རུང་ བཅའ་ཁྲིམས་ལས་ ཧེ་མ་ལས་ འགལ་ཡོདཔ་ ལས་ ག་དེ་སྦེ་ འབད་འོང་ག་ ཟེར་བའི་ དྲི་བ་ཚུ་ བཀོད་དོ་ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.