སྨྱོ་རྫས་ ཚད་གཞི་ལས་ཐེབས་ འབག་མི་ཚུ་ལུ་ ཉེས་ཁྲིམས་ཕོགས་ནི།

Bhutan Times - - Adverts -

༉ ཁྲིམས་སྲུང་འགག་སྡེ་གིས་ ན་ཧིང་ སྤྱི་ལོ་༢༠༡༥ མཇུག་ བསྡུ་ཁམས་ལས་ སྨྱོ་རྫས་ ལག་ལེན་འཐབ་མི་དང་ ཚུལ་ མིན་ཐོག་ལས་ ཚོང་འབྲེལ་ འཐབ་མི་ཚུ་ལུ་ ཞིབ་དཔྱད་ མཐིལ་ཕྱིན་འབད་ནི་ འགོ་ བཙུགས་པའི་ཤུལ་ལས་ བྱ་ ངན་ནང་ འབྲེལ་གཏོགས་ འབད་མི་ མི་༡༤༠༠ ལྷགཔ་ ཅིག་ འཛིན་བཟུང་འབད་ཡོདཔ་ ཨིན་པས། དེ་གི་ནང་ལས་ཡང་ མང་ཤོས་ ར་ ན་གཞོན་སྐྱེས་ལོ་༡༨ ལས་ ༢༤ གི་བར་ན་འབད་མི་༧༡༡ འཛིན་བཟུང་འབད་ཡོདཔ་ད་ དེ་ གི་ཤུལ་ལས་ སྐྱེས་ལོ་༢༥ ཡན་ཆད་འབད་མི་༦༤༠ འཛིན་ བཟུང་འབད་ཡོདཔ་ཨིན་པས། བྱ་ངན་ནང་ འབྲེལ་བ་ཡོད་ མི་ཚུ་ཡང་ མང་ཤོས་ར་ ལཱ་ གཡོག་མེད་མི་དང་སོ་ནམ་ པ་ ཚུ་ཚུད་དེ་ཡོདཔ་ད་ དེ་གི་ འོག་ལས་ར་ སློབ་ཕྲུག་༢༡༠ འཛིན་བཟུང་འབད་ཡོདཔ་ད་ ཞི་ གཡོགཔ་༣༧ བཟུང་ཡོདཔ་ ཨིན་པས། ཁྲིམས་སྲུང་འགག་པ་གིས་ ལཱ་ གཡོག་ཡོད་མི་ཚུ་ འཛིན་བཟུང་ འབད་བའི་སྐབས་ འབྲེལ་ བ་ཡོད་པའི་ ཡིག་ཚང་ཚུ་ལུ་ དགོངས་ཕོག་བཏང་དགོཔ་སྦེ་ ཡི་གུ་བྲིས་དོ་ཡོད་རུང་ ཞིབ་ དཔྱད་ཚུ་ འབད་དེ་མེདཔ་ཨིན་ པས། འདས་པའི་ལོ་ཅིག་ནང་ ལྟ་ བཤལ་ལམ་སྟོན་པ་༢༠ དེ་ཅིག་ བཟུང་ཡོདཔ་ད་ སྒེར་གྱི་སྲུང་ རྒྱབ་༡༧ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་༡༥ འཛིན་བཟུང་ འབད་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་པའི་མདོ་ འཛིན་གྱིས་ སྨྱོ་རྫས་ཀྱི་དཀའ་ ངལ་དེ་ སྦོམ་ཡོད་རུང་ བདའ་ ཟུན་མི་དེ་ ཕྱེད་ཀ་ཡང་ མི་འོང་ ཟེར་ཨིནམ་ད་ སྨྱོ་རྫས་ཚུ་གི་ གྲས་ལས་ མང་ཤོས་ར་ ཨཱེས་ པསི་མོ་པོག་སི་བོན་ཟེར་མི་ དེ་ སྤྱོད་དོ་ཡོདཔ་ད་ དེ་གི་ཤུལ་ ལས་ ནའི་ཊོ་སཱན་དང་ རི་ ལི་པིན་ཟེར་མི་ཚུ་ ལག་ལེན་ འཐབ་དོ་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ནི་ འགོ་ བཙུགས་པའི་ཤུལ་ལས་ ཨཱེས་ པསི་མོ་པོག་སི་བོན་ ལེབ་ ༢༢༠༡༣ དང་ གཞན་ཡང་ ཀེ་ ཧང་ལ་སོགས་པའི་ སྨྱོས་རྫས་ ཀྱི་རིགས་ ལེ་ཤ་ འཕྱོག་བཟུང་ འབད་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་ཡོད་པའི་སྐོར་ ལས་ སྙན་ཞུ་གསལ་སྟོན་ འབད་བའི་སྐབས་ ན་ཧིང་ལས་ སྨྱོ་རྫས་བཀག་དམ་བཅའ་ ཁྲིམས་ བསྟར་སྤྱོད་འབད་ ནི་ འགོ་བཙུགས་པའི་ཤུལ་ ལས་ མི་༥༩༤ གིས་ ཁྲིམས་ འཐུས་བཏབ་དགོཔ་བྱུང་ཡོདཔ་ ད་༧༨ དེ་ ད་ལྟོ་ཡང་ ཁྲིམས་ སྲུང་འགག་པའི་ དོ་དམ་ནང་ བཞག་ཡོདཔ་ད་༥ དགོངས་ ཡངས་བཏང་ཡོདཔ་ད་ གཞན་ མི་༡༣ སྨྱོ་རྫས་དང་འབྲེལ་བའི་ སྨན་བཅོས་འབད་ནིའི་དོན་ལུ་ སྨན་བཅོས་ལྟེ་བ་ཚུ་ནང་ བཏང་ ཡོདཔ་ཨིན་པས། བཅའ་ཁྲིམས་ཚུ་ དམ་དམ་ བཟོ་ཡོདཔ་ལས་ ཁྲིམས་སྲུང་ འགག་སྡེ་གིས་ སྨྱོ་རྫས་ལག་ ལེན་འཐབ་མི་དང་ ནག་ཚོང་ ནང་ འབྲེལ་བ་འཐབ་མི་ཚུ་ གིས་ ཧེ་མ་བཟུམ་སྦེ་ འཇམ་ ཏོག་ཏོ་སྦེ་ དོ་དམ་ནང་ལས་ འགྱོ་མི་ཚུགས་ཟེར་ ཉེན་བརྡ འབད་ཡོདཔ་ད་ མདོ་འཛིན་ གྱིས་ བྱ་ངན་འབད་མི་སྟོང་ཕྲག་ ལས་བཅད་དེ་ འཛིན་བཟུང་ འབད་རུང་ ཁོང་གི་དོན་ལུ་ དོ་ དམ་མང་སུ་རྐྱབ་ནི་མ་གཏོགས་ དཀའ་ངལ་མེད་ཟེར་ཨིན་པས། ཧེ་མ་འབད་བ་ཅིན་ མི་ཚུ་ གིས་ སྨྱོ་རྫས་ཀྱི་ཐོག་ནང་ཚུད་ མི་ སྨན་ཚུ་ ཚད་གཞི་ལས་ ཐེབས་འབག་ཡོད་རུང་ རང་ སྤྱོད་ནིའི་དོན་ལུ་ ཨིན་ཟེར་སླབ་ པའི་ཤུལ་ལས་ འཛིན་བཟུང་ མ་འབད་བར་ བཏང་སྲོལ་ ཡོད་རུང་ བཅའ་ཁྲིམས་བསྒྱུར་ བཅོས་འབད་མི་དེ་གིས་ ཚད་ གཞི་ལས་ཐེབས་འབག་མི་ཡོད་ པ་ཅིན་ ཉེས་ཕྲའི་གྲངས་སུ་ཚུད་ ནི་ཨིན་པས། ཁྲིམས་སྲུང་འགག་པ་གིས་ གཞུང་ལམ་བདའ་སྟེ་ ཞིབ་ དཔྱད་འབད་ནིའི་ལས་རིམ་ཡོད་ མི་དེ་ འཕྲོ་མཐུད་དེ་ར་ འབད་ནི་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.