མི་དབང་རྒྱལ་པོའི་སྲས་ སྐུ་འཁྲུངས་ཡོདཔ།

Bhutan Times - - Home -

༉ ད་ལྟོ་ཚུན་ འབྲུག་མི་ཚུ་གིས་ རྒྱལ་སྲས་འཁྲུངས་ནིའི་དོན་ ལུ་ སག་ལངས་ རེ་བ་སྦོམ་ བསྐྱེད་སྡོད་མི་དེ་ སྤྱི་ཟླ་༢ པའི་ ཚེས་༥ ལུ་ སྐུ་འཁྲུངས་ཡོདཔ་ ལས་ དབང་ཕྱུག་བརྒྱུད་འཛིན་ དང་ འབྲུག་མི་ཚུ་གི་དོན་ལུ་ དགའ་བ་ཚད་མེད་ འབྱུང་པའི་ ཉིནམ་ཅིག་ལུ་ འགྱུར་ཡོདཔ་ ཨིན་པས། རྒྱལ་པོའི་བརྡ་དཔོན་ཡིག་ཚང་ ལས་ གནས་ཚུལ་གསར་བཏོན་ འབད་མི་དང་འཁྲིལཝ་ད་ མི་ དབང་མངའ་བདག་རིན་པོ་ ཆེ་ དཔལ་འཇིགས་མེད་སེང་ གེ་དབང་ཕྱུག་མཆོག་དང་ མི་ དབང་རྒྱལ་བཙུན་ རྗེ་བཙུན་ པདྨ་རྣམ་གཉིས་ཀྱི་སྲས་དེ་ཡང་ ཐིམ་ཕུག་གླིང་ཀ་ནང་ཕོ་བྲང་ ནང་སྦེ་ སྐུ་གཟུགས་ལུ་ ཉེས་ སྐྱོན་སོགས་ ག་ནི་ཡང་མེད་པར་ འཁྲུངས་ཡོད་ཟེར་ བཀོད་ཡོད་ པའི་ཁར་ རྒྱལ་བཙུན་དེ་ཡང་ སྐུ་ཁམས་བདེ་ཏོག་ཏོ་སྦེ་ ཡོད་ ཟེར་ བཀོད་ཡོདཔ་ཨིན་པས། རྒྱལ་སྲས་མཆོག་ དུས་ཚོད་ ནམ་འཁྲུངས་ཡོདཔ་ཨིན་ནའི་ སྐོར་ལས་ ད་ལྟོ་ ཁ་གསལ་ གསལ་སྟོན་འབད་དེ་མེད་རུང་ སྐུ་འཁྲུངས་པའི་ཤུལ་ལུ་ མི་ དབང་འབྲུག་རྒྱལ་བཞི་པ་ མཆོག་ལུ་ སྙན་གསན་ཕུལ་ ཡོདཔ་ད་ མི་དབང་རྒྱལ་པོ་ མཆོག་ཡང་ སྐུ་འཁྲུངས་པའི་ སྐབས་ལུ་ རྒྱལ་བཙུན་གྱི་ སྦོ་ ལོགས་ཁར་ར་ བཞུགས་ཡོདཔ་ ཨིན་པས། རྒྱལ་པོའི་སྲས་ འཁྲུངས་ནིའི་ དོན་ལུ་ ཧེ་མ་ལས་ སྐུ་རིམ་ཚུ་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ ཁ་ཙ་ སྐྱབས་རྗེ་མཆོག་གིས་ དབུ་བཞུགས་ཐོག་ལས་ གསུང་ ཆོག་ཚུ་ གནང་ཡོདཔ་ད་ རྫོང་ ཁག་ཚུ་ནང་ཡོད་མི་ རབ་སྡེ་ དང་ དགོན་སྡེ་ཚུ་ནང་ སྐུ་རིམ་ ཚུ་ གནང་ཡོདཔ་ཨིན་པས། སྐུ་འཁྲུངས་པའི་ནམ་དུས་ ལུ་ སྨན་བཅོས་འབད་མི་ཚུ་ ཡང་ འབྲུག་པའི་སྨན་བཅོས་ སྡེ་ཚུ་ཡོདཔ་ད་ དེ་ལུ་ མི་ དབང་མཆོག་གིས་ ཐུགས་ ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ཨིན་ པས། རྒྱལ་སྲས་འཁྲུངས་མི་དང་ འབྲེལ་ ཁ་ཙ་དྲོ་པ་ རྒྱལ་ རབས་ཅན་གྱི་ སྤ་རོ་ལུ་ཡོད་མི་ འབྲུག་རྒྱལ་རྫོང་དེ་ཡང་ ཉམས་ གསོ་ནིའི་དོན་ལུ་ ས་བབླང་ རྟེན་འབྲེལ་ཚུ་ འབད་ཡོདཔ་ ད་ སྨན་ཁང་ནང་ ཨ་ལུ་སྐྱེས་ནི་ ཡོད་མི་ ཨམ་སྲུ་ཚུ་གིས་ ཟུག་ མ་རྐྱབ་པར་ ཨ་ལུ་སྐྱེས་ནིའི་ དོན་ལུ་ སྨན་ཁབ་བཙུགས་ནི་ གི་ ཞབས་ཏོག་གསརཔ་དེ་ ཡང་ འགོ་འབྱེད་ འབད་ཡོདཔ་ ཨིན་པས། གཙུག་སློབ་དཔོན་བསམ་གཏན་ རྡོ་རྗེ་གིས་ ཁ་ཙ་དྲོ་པ་ རྒྱང་ མཐོང་ནང་ རྒྱལ་སྲས་འཁྲུངས་ པའི་སྐོར་ལས་ གསུངས་དོ་ བཟུམ་འབད་བ་ཅིན་ འབྲུག་མི་ ག་ར་གིས་ རྒྱལ་སྲས་དེ་ བྱང་ ཆུབ་སེམས་དཔའི་ རྣམ་སྤྲུལ་ འཁྲུལ་མེད་ ཨིན་པའི་ གུས་ བཀུར་ཞུ་དགོ་ཟེར་ གསུངས་ ཡོདཔ་ཨིན་པས། རྒྱལ་སྲས་འཁྲུངས་མི་དང་ འབྲེལ་ རེས་གཟའ་མིག་ དམར་དེ་ གཞུང་གི་ངལ་གསོ་ སྦེ་ བཞག་གནང་ནི་ཨིནམ་ད་ རྒྱལ་སྲས་འ་ཁྲུངས་པའི་ བརྩི་ སྲུང་ཚུ་ ཞུ་ནི་ཨིན་པས། རྒྱལ་སྲས་འཁྲུངས་པའི་སྐོར་ ལས་ ལོ་རྒྱུས་ཚུ་ འབྲུག་ལུ་ རྐྱངམ་ཅིག་མེན་པར་ ཕྱི་རྒྱལ་ ཁབ་ཚུ་ནང་ལས་ཕར་ཡང་ དར་ ཁྱབ་སྦོམ་ སོང་ཡོདཔ་ཨིན་ པས། རྒྱལ་སྲས་འཁྲུངས་པའི་སྐོར་ ལས་ རྒྱ་གར་གྱི་སྲིད་བློན་ ན་ རེན་ད་ར་ མོ་དཱི་གིས་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ ཚུ་ མི་སྡེའི་བརྡ་བརྒྱུད་ནང་ བཀོད་དེ་ཡོདཔ་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.