གཞུང་གི་གནམ་གྲུ་གིས་ ནགས་མེ་བསད་ནིའི་ནང་ ཕན་ཐོགས་སྦོམ་ བྱུང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ ཉིནམ་གཉིས་ཀྱི་ནང་འཁོད་ ལུ་ ནགས་ཚལ་མེ་རྐྱེན་ཁག་ བཞི་འབྱུང་མི་དེ་གིས་ ནགས་ ཚལ་ཨེ་ཀར་ལས་བཅད་དེ་ མེདཔ་བཏང་ཡོདཔ་མ་ཚད་ གཞུང་གི་གནམ་གྲུ་ ཧེ་ལི་ཀོབ་ ཊར་དེ་གིས་ ཕན་ཐོགས་སྦོམ་ འབྱུང་ཡོདཔ་ཨིན་པས། དེ་ཡང་ མེ་རྐྱེན་གཉིས་ཆ་རའི་ ནང་ གནམ་གྲུ་དེ་གིས་ གནམ་ ཁ་ལས་ ཆུ་གཏོར་ཏེ་ མེ་བསད་ ནིའི་ནང་ གྲོགས་རམ་འབད་མི་ དེ་གིས་ མེ་རྐྱེན་འབྱུང་སའི་ ས་ ཁོངས་ཚུ་ནང་ ཁྱིམ་དང་ལྷ་ཁང་ ཡོད་མི་ཚུ་ མེ་རྐྱེན་ངན་ སྲུང་ སྐྱོབས་འབད་ཚུགས་ཡོདཔ་ ཨིན་པས། ཁ་ཙ་ ཐིམ་ཕུག་བསམ་དམར་ རྫིང་ཁ་ བསྟན་སྲུང་དམག་སྡེ་ གི་ སྡོད་སྒར་གྱི་ཉེ་འདབས་ ལས་ མེ་རྐྱེན་ཤོར་མི་དེ་གིས་ ཤིང་གི་ལྕངམ་བཙུགས་ཡོད་ མི་ ནགས་ཚལ་ཨེ་ཀར་༡༠ དེ་ ཅིག་ འཚིགས་ཡོད་རུང་ དེ་ ནང་ཡང་ གནམ་གྲུ་གི་ཞབས་ ཏོག་དེ་གིས་ ཉེ་འདབས་ཀྱི་ རྟ་ མགྲིན་གནས་དང་ ཁྱིམ་ཡོད་ མི་ཚུ་ གནོད་སྐྱོན་ག་ནི་ཡང་ འབྱུང་མ་ཚུགས་པར་ བཀག་ འཛིན་འབད་ ཚུགས་ཡོདཔ་ ཨིན་པས། ཁ་ཙའི་ནགས་མེ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༥ མན་ཆད་འབད་ མི་ ཨ་ལུ་གཉིས་ འཛིན་བཟུང་ འབད་ཡོདཔ་ད་ ཁོང་གཉིས་ ཀྱིས་ ཁྲིམས་སྲུང་འགག་པ་ ལུ་ སླབ་དོ་བཟུམ་འབད་བ་ ཅིན་ ཐིམ་ཆུ་གི་མཐའ་མར་ མེ་ རྩེ་པའི་སྐབས་ ཤོར་ཡོདཔ་སྦེ་ སླབ་ཡོདཔ་ད་ རྐྱེན་ངན་དེ་ཡང་ ཉི་མའི་ ཆུ་ཚོད་༡༢ དེ་ཅིག་ཁར་ འབྱུང་ཡོདཔ་ཨིན་པས། ཁ་ཙའི་ མེ་རྐྱེན་འབྱུང་སའི་ ས་ཁོངས་དེ་ འཁོར་ལམ་ཚུ་ ཡོད་པའི་ ས་ཁོངས་ཅིག་ནང་ འབད་ནི་དེ་གིས་ མེ་བསད་པར་ འགྱོ་མི་ཚུ་ལུ་ སྟབས་བདེ་ ཏོག་ཏོ་བྱུང་ཡོདཔ་ད་ མེ་བསད་ སྣུམ་འཁོར་ཚུ་ཡང་ ཁག་སོ་ སོར་ནང་ལས་འགྱོ་ཏེ་ ཆུ་གཏོར་ ཡོདཔ་ཨིན་པས། གནམ་གྲུ་གིས་ དུས་ཚོད་ཁར་ ཆུ་གཏོར་ཚུགས་མི་དེ་གིས་ ཉེ་ འདབས་ཀྱི་ཁྱིམ་གསུམ་དེ་ཅིག་ དང་ གནས་ཁང་ཚུ་ལུ་ ག་ནི་ ཡང་ འབད་མ་ཚུགསཔ་ཨིན་ པས། སྤྱི་ཟླ་༢ པའི་ཚེས་༡༢ ལུ་ སངས་རྒྱས་སྒང་ལུ་ མེ་རྐྱེན་ ཤོར་མི་དེ་གིས་ ནགས་ཚལ་ཨེ་ ཀར་༢༠ དེ་ཅིག་ མེདཔ་བཏང་ ཡོདཔ་ད་ རྐྱེན་ངན་དེ་ནང་ མེ་ བསད་པར་འགྱོ་མི་ ཕོ་སྐྱེས་ ཅིག་ བྱག་གུ་ལས་ རྦོབ་རིལ་ སོང་སྟེ་ རྐང་མར་ གནོད་སྐྱོན་ བྱུང་ཡོདཔ་ཨིན་པས། ས་ཁོངས་དེ་གི་ མེ་རྐྱེན་དེ་ཡང་ ཏམ་ཁུ་འཐུང་མི་ཚུ་གིས་ ཏམ་ ཁུ་འཚིགས་རོ་ ག་ལྷོད་སར་ བཀོག་བཞག་མི་ལས་ འབྱུང་ ཡོད་པའི་ དོགས་པ་ཡོད་མི་ དེ་ཡང་ མེ་རྐྱེན་མ་འབྱུང་པའི་ ཧེ་མར་ ས་ཁོངས་དེ་ནང་ལས་ བུཚ་དང་བུམོ་ཅིག་ འགྱོ་ས་ མཐོང་ཡོདཔ་ཨིན་པས། གནམ་གྲུ་དེ་གིས་ དེ་བཟུམ་ མའི་ རྐྱེན་ངན་ཚུ་ འབྱུང་པའི་ སྐབས་ ཕན་ཐོགས་སྦོམ་ ཡོད་ དེ་འབད་རུང་ མི་ཚུ་གིས་ ཆུ་ དབོགས་སའི་ ས་ཁོངས་ཚུ་ ནང་ སྤུངས་འཛོམས་འབད་མི་ དེ་གིས་ ཉེན་ཁག་ཡོདཔ་ལས་ ཞབས་ཏོག་བྱིན་ལུ་ བར་ཆད་ བྱུང་ཡོདཔ་ཨིན་པས། ཨིན་རུང་ ཁ་ཙ་ལས་ ཆུ་ དབོགས་སའི་ ས་ཁོངས་ནང་ མི་ཚུ་ འཛོམས་མ་བཅུགཔ་ ལས་ བཞག་ཚུགས་ནི་དེ་གིས་ མེ་བསད་ནིའི་དོན་ལུ་ བར་ ཆད་དེ་ཅིག་ མ་བྱུངམ་ཨིན་ པས། གནམ་གྲུ་དེ་གིས་ བསམ་ དམར་རྫིང་ཁའི་ མེ་བསད་ཚར་ བའི་ཤུལ་ལས་ ད་རུང་ སངས་ རྒྱས་སྒང་ལུ་ དུ་པ་ཐོན་ས་ མཐོང་སྟེ་ ད་རུང་ མེ་བསད་ པར་ འགྱོ་དགོཔ་ བྱུང་ཡོད་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.