གཞུང་གིས་ ཤར་ཕྱོགས་རྫོང་ཁག་གི་དོན་ལུ་ དམིགས་བསལ་ བློན་པོའི་ཚོགས་ ཆུང་བཟོ་ཡོད་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ངེས་ལེན་མེདཔ།

Bhutan Times - - Adverts -

༉ གཞུང་གིས་ ཤར་ཕྱོགས་ རྫོང་ཁག་ཚུ་ནང་ གོང་འཕེལ་ གྱི་འགྱུར་བ་ འབག་ནིའི་དོན་ ལུ་ དམིགས་བསལ་དུ་ བློན་ པོའི་ཚོགས་ཆུང་ཅིག་ གཞི་ བཙུགས་འབད་མི་ལུ་ ལྡོག་ ཕྱོགས་ཚོགས་པ་གིས་ ངོལ་ ལེན་མེད་པའི་ཁར་ དེ་གིས་ ལུང་ཕྱོགས་ནང་ ཁག་དབྱེ་ནི་ གི་ ཉེན་ཁ་སྦོམ་འདུག་ཟེར་ བཤད་ཡོདཔ་ཨིན་པས། ལྡོག་ཕྱོགས་ཚོགས་པ་གིས་ ལས་རིམ་དེ་ ཤར་ཕྱོགས་ རྫོང་ཁག་ཚུ་ནང་ གོང་འཕེལ་ འབག་འོང་ནིའི་དོན་ལུ་ཨིན་ རུང་ དམིགས་བསལ་དུ་ དེ་ སྦེ་ ལས་རིམ་བཟོ་མི་དེ་ ཚོགས་རྒྱན་གྱི་ཁེ་ཕན་ལུ་བལྟ་ སྟེ་ འབད་ནུག་ཟེར་ སླབ་དོ་ ཡོདཔ་མ་ཚད་ རྩ་ཁྲིམས་ཆེན་ མོའི་ དགོངས་དོན་ལས་ཡང་ འགལ་བ་ཨིནམ་སྦེ་ གནས་ ཚུལ་གསར་བཏོན་ནང་ བཀོད་ ཡོདཔ་ཨིན་པས། ལས་རིམ་དེ་ཡང་ ཤར་ཕྱོགས་ རྫོང་ཁག་གི་ བློན་པོ་བཞི་གིས་ འགོ་འདྲེན་འཐབ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ ད་ ཚོགས་ཆུང་བཟོ་བའི་ཤུལ་ ལས་ ཤར་ཕྱོགས་རྫོང་ཁག་ ནང་ མཐོ་རིམ་སློབ་གྲྭ་གསུམ་ གསརཔ་བཟོ་ནིའི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་ ཨིན་པས། ལྡོག་ཕྱོགས་ཚོགས་པ་གིས་ ཤར་ཕྱོགས་རྫོང་ཁག་མ་ཚད་ ལུང་ཕྱོགས་ག་ར་ནང་ གོང་ འཕེལ་དགོཔ་ཁག་ཆེཝ་ལས་ ཧེ་མ་ལས་ ལྡོག་ཕྱོགས་ཚོགས་ པ་ གཞུང་སྐྱོང་འབད་སྡོད་ པའི་སྐབས་ལུ་ཡང་ མི་དབང་ འབྲུག་རྒྱལ་བཞི་པ་མཆོག་གི་ དགོངས་བཞེད་ལྟར་དུ་ གོང་ འཕེལ་གྱི་དོན་ལུ་ འཆར་གཞི་ ཚུ་འབད་དེ་ ལཱ་འབད་བཞིན་ དུ་ ཡོད་ཟེར་ཨིན་པས། ཨིན་རུང་ ད་རེས་བཟུམ་སྦེ་ ལུང་ཕྱོགས་ངོས་འཛིན་འབད་དེ་ དམིགས་བསལ་དུ་ ཚོགས་ ཆུང་བཟོ་སྟེ་ འབད་མི་དེ་གིས་ ཧེང་སྐལ་ར་ རྒྱལ་ཁབ་ནང་ འཁོད་ཀྱི་ མི་སེར་གྱི་བར་ན་ བྱེལཝ་བཟོ་ནི་གི་ ཉེན་ཁ་སྦོམ་ འདུག་ཟེར་ བཀོད་ཡོདཔ་ཨིན་ པས། ཚོགས་ཆུང་བཟོ་ཡོད་མི་དེ་ གིས་ གཞན་རྫོང་ཁག་དང་ ལུང་ཕྱོགས་ཚུ་གིས་ཡང་ དེ་ བཟུམ་སྦེ་ དམིགས་བསལ་ གྱི་ ཞབས་ཏོག་དགོ་པས་ཟེར་ སླབ་མི་ཐོན་ནི་ཨིན་པའི་ཁར་ མི་ཚུ་གིས་ ཚོགས་ཆུང་བཟོ་ ཡོད་མི་ལུ་ དྲི་བ་བཀོད་མི་ཡང་ ལེ་ཤ་ཐོན་ཏེ་ཡོད་ཟེར་ཨིན་པས། དེ་མ་ཚད་ ལྡོག་ཕྱོགས་ཚོགས་ པ་གིས་ ལས་རིམ་དེ་ ཚོགས་ པ་རྐྱངམ་ཅིག་ལུ་མེན་པར་ མ་ འོངས་པའི་དོན་ལུ་ རྒྱལ་ ཁབ་ཀྱི་ ཚ་གྱང་ཨིནམ་ལས་ གཞུང་གིས་ ཚོགས་པ་གི་ དོན་ལུ་དམིགས་ཏེ་མེན་པར་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ བལྟ་སྟེ་ འབད་དགོཔ་འདུག་ ཟེར་ བཀོད་ཡོདཔ་ཨིན་པས། དམིགས་བསལ་གྱི་ལས་རིམ་ དེ་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ བའི་ཁར་ ལུང་ཕྱོགས་དང་མི་ རིགས་ཚུ་གི་བར་ན་ ཁྱད་པར་ ཕྱེ་ནི་མི་འོང་ཟེར་བའི་ དམིགས་ དོན་ཚུ་ལས་ འགལ་དོ་ཡོདཔ་ སྦེ་ གནས་ཚུལ་གསར་བཏོན་ ནང་ བཀོད་ཡོདཔ་ཨིན་པས། ལྡོག་ཕྱོགས་ཚོགས་པ་གིས་ གནད་དོན་དེ་གི་སྐོར་ལས་ སྤྱི་ ལོ་༢༠༡༣ ལུ་ ལོ་རྒྱུས་གོཝ་ ཅིག་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོད་པའི་ཁར་ ཤུལ་ ལས་ རྒྱལ་ཡོངས་ཚོགས་འདུ་ ནང་ ཐོན་པའི་སྐབས་ལུ་ ཚ་ གྱང་ལུ་ བཤད་ཡོདཔ་ཨིན་ པས། གནད་དོན་དེ་ལུ་ གཞུང་གིས་ ད་ལྟོ་ ག་ནི་ཡང་ མ་སླབ་པར་ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.