ནང་སྲིད་ལྷན་ཁག་ནང་ མི་སྟོབས་དང་མ་དངུལ་གྱི་ དཀའ་ངལ་སྦོམ་ཐོན་ཡོདཔ།

Bhutan Times - - Adverts -

༉ ནང་སྲིད་ལྷན་ཁག་གིས་ ལོ་༥ འི་ འཆར་གཞི་༡༡ པའི་ དམིགས་དོན་ཚུ་ འགྲུབ་ ནིའི་དོན་ལུ་ གདོང་ལེན་ངོ་མ་ ར་ མི་སྟོབས་དང་ མ་དངུལ་ མངམ་མེད་པའི་ དཀའ་ངལ་ འབྱུང་ཡོདཔ་ཨིན་པས། དེ་ཡང་ འདས་པའི་བདུན་ ཕྲག་ནང་ ལྷན་ཁག་གི་ ལས་ ཁུངས་ཁག་གིས་ འཆར་གཞི་ ༡༡ པའི་ བར་མཚམས་བསྐྱར་ ཞིབ་སྙན་ཞུ་འབད་བའི་སྐབས་ འབེྲེལ་བ་ཡོད་པའི་ ལས་ ཁུངས་ཁག་གི་ འགོ་དཔོན་ཚུ་ གིས་ བཤད་ཡོདཔ་ཨིན་པས། གནད་དོན་དེ་ཚུ་ལུ་བརྟེན་ ལམ་ སྲོལ་ལས་ཁུངས་ཀྱིས་ འཆར་ གཞི་༡༢ པ་ནང་ འཕྲོ་མཐུད་ འབད་ནིའི་དོན་ལུ་ གཙོ་རིམ་ ངོ་མ་སྦེ་ ངོས་འཛིན་འབད་ ཡོད་མི་ གླིང་གཞི་རྫོང་ཉམས་ གསོ་ཞུ་ནི་གི་ ལས་འགུལ་དེ་ ཡང་ ཕར་ཕུད་འབད་དགོཔ་ བྱུང་ཡོདཔ་ད་ ལས་འགུལ་དེ་ གི་དོན་ལུ་ ཟད་འགྲོ་དངུལ་ ཀྲམ་ས་ཡ་༢༠༠ དགོ་ས་ལས་ དངུལ་ཀྲམ་ས་ཡ་༥༠ རྐྱངམ་ ཅིག་ བཞག་ཡོདཔ་ཨིན་པས། ད་ཚུན་ པb་དགའ་ཚལ་རྫོང་ གསར་བཞེངས་ཀྱི་ལཱ་ བརྒྱ་ ཆ་༥༠ མཇུག་བསྡུ་ཡོདཔ་ ད་ དབང་འདུས་རྫོང་གི་དོན་ ལུ་ དངུལ་ཀྲམ་འཐེར་འབུམ་༡ བཞག་ས་ལས་ དངུལ་ཀྲམ་ ས་ཡ་༡༢༦ ཟད་འགྲོ་བཏང་ ཚར་ཡོདཔ་ད་ གསར་སྤང་ རྫོང་བཞེངས་ནིའི་དོན་ལུ་ བཟོ་ བཀོད་ཀྱི་ལཱ་ཚུ་ འབད་ཚར་ ཡོདཔ་ཨིན་པས། ལམ་སྲོལ་ལས་ཁུངས་ཀྱི་ ནགས་མཚོ་རྡོ་རྗེ་གིས་ གླིང་ གཞི་རྫོང་གི་དོན་ལུ་ རྒྱལ་ ཡོངས་དགའ་སྐྱིད་དཔལ་ འཛོམས་ལྷན་ཚོགས་ཀྱིས་ ཤུལ་མའི་འཆར་གཞི་ནང་ གཙོ་རིམ་སྦེ་ ངོས་འཛིན་ འབད་ནི་སྦེ་ བཞག་སྟེ་ཡོད་ ཟེར་ བཤད་ཡོདཔ་ཨིན་པས། དབང་འདུས་རྫོང་གི་དོན་ ལུ་ དངུལ་ཀྲམ་འཐེར་འབུམ་ ༡ བཞག་ཡོད་མི་ལུ་ འཕྲལ་ ཁམས་ཅིག་ཁར་ རྒྱ་གར་གྱི་ངོ་ ཚབ་ཚུ་དང་གཅིག་ཁར་ ལས་ འགུལ་འཛིན་སྐྱོང་གི་ ཞལ་ འཛོམས་འཚོགས་པའི་ཤུལ་ ལས་ དངུལ་ཀྲམ་ས་ཡ་༥༠༠ གུ་ མར་ཕབ་འབད་ཡོདཔ་ ཨིན་པས། ལས་འགུལ་དེ་གི་དོན་ལུ་ མ་ དངུལ་ཐེབས་དགོཔ་ཡོད་ པ་ཅིན་ ཐབས་ཤེས་བཏོན་ དགོཔ་འོང་ཟེར་ བློན་ཆེན་ཚེ་ རིང་སྟོབས་རྒྱས་མཆོག་གིས་ གསུངས་ཡོདཔ་ད་ བློན་ཆེན་ གྱིས་ མི་སྟོབས་དང་བཟོ་རིག་ མཁས་མཆོག་ཚུ་གི་དོན་ལུ་ ལས་ཁུངས་ཀྱིས་ རྒྱལ་གཞུང་ ཞི་གཡོག་ལྷན་ཚོགས་ནང་ ཡི་ གུ་བཙུགས་དགོ་པའི་ བཀའ་ གནང་ཡོདཔ་ཨིན་པས། དེ་མ་ཚད་ ལས་ཁུངས་ཀྱིས་ ལས་འགུལ་གྱི་ བཟོ་བཀོད་ ཚུ་ ཕུན་ཚོགས་གླིང་ལུ་ཡོད་ མི་ འཕྲུལ་རིག་སྤེལ་ཁང་གི་ སློབ་ཕྲུག་ཚུ་ལུ་ གོ་སྐབས་ བྱིན་དགོ་པའི་ ཐབས་ཤེས་ཚུ་ ཡང་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ ལོ་གཉིས་ ནང་ འབྲུག་རྒྱལ་རྫོང་ཉམས་ གསོ་གི་དོན་ལུ་ དངུལ་ཀྲམ་ ས་ཡ་༥༠༠ དེ་ སྤྱོད་མི་ཚར་ ནི་ཨིནམ་ལས་ དངུལ་ཀྲམ་ས་ ཡ་༣༠༠ གུ་ ཕབ་ཡོདཔ་ཨིན་ པས། རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ ཀྱིས་ རྫོང་ཁག་༢༠ ག་རའི་ ནང་ རྐྱེན་ངན་འཛིན་སྐྱོང་ གི་འཆར་གཞི་ཚུ་ འབད་མ་ ཚུགས་པར་ ཡོད་པའི་ཁར་ མ་ དངུལ་མེད་པའི་ དཀའ་ངལ་ལུ་ བརྟེན་ ལས་ཁུངས་ཀྱིས་ རྫོང་ ཁག་དྲུག་ལུ་ ཕབ་ཡོདཔ་ད་ ད་ལྟོ་ ཐིམ་ཕུག་དང་སྤ་རོ་རྫོང་ ཁག་གཉིས་ནང་རྐྱངམ་ཅིག་ འཆར་གཞི་བཟོ་སྟེ་ཡོདཔ་ཨིན་ པས། ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ཡང་ མི་སྟོབས་མེད་པའི་དཀའ་ ངལ་ཚུ་ བཤད་ཡོདཔ་ད་ དེ་གི་ དོན་ལུ་ བློན་ཆེན་གྱིས་ གྲོས་ འབུལ་ལོགས་སུ་སྦེ་ བཙུགས་ དགོཔ་སྦེ་ གསུངས་གནང་ ཡོདཔ་ད་ ལས་ཁུངས་ཀྱིས་ ཕྱི་མི་རྒྱལ་ཁབ་ནང་འོང་པའི་ སྐབས་ ཉེན་སྲུང་མ་དངུལ་ བསྡུ་མི་ལས་ དངུལ་ཀྲམ་ས་ ཡ་༦ དེ་ཅིག་ཡོད་མི་དེ་ འོང་ འབབ་མེན་པའི་ མ་དངུལ་ལུ་ འགྱུར་བཅོས་འབད་དགོ་པའི་ གནང་བ་ཞུ་ཡོདཔ་ཨིན་པས། དངུལ་རྩིས་དྲུང་ཆེན་ ལྷམ་རྡོ་ རྗེ་གིས་ ལས་ཁུངས་ཁག་གི་ དོན་ལུ་ དགོ་མཁོ་དང་འཁྲིལ་ མ་དངུལ་ཚུ་ ཆ་འཇོག་འབད་ ཡོདཔ་ལས་ རང་སོའི་ཚད་ གཞི་དང་འཁྲིལ་ འཐོབ་འོང་ ཟེར་ བཤད་ཡོདཔ་ཨིན་པས། བློན་ཆེན་གྱིས་ རྒྱལ་གཞུང་ འབྲུག་གི་འགག་སྡེ་གིས་ གྲོས་ འདེབས་འབད་ཡོདཔ་བཞིན་དུ་ མེ་བསད་སྡེ་ཚན་དེ་ ཁྲིམས་ སྲུང་འགག་སྡེ་ནང་ལས་ སོ་ སོར་བཟོ་ནིའི་དོན་ལུ་ གྲོས་ འདེབས་ལོགས་སུ་ བཙུགས་ དགོ་པའི་ བཀའ་གནང་ཡོད་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.