ལས་མི་ས་དོང་ནང་ཚུད་མི་ཚུ་ བཏོན་ནིའི་དོན་ལུ་ ལཱ་ཚུ་འབད་བའི་ བསྒང་ཡོདཔ་ཨིན་པས།

Bhutan Times - - Adverts -

༉ སྤུན་ཁ་གཙང་ཆུ་ གློག་མེ་ ལས་འགུལ་གཉིས་པའི་ ས་ འོག་ལུ་ ཆུ་དུང་བཟོ་ས་ནང་ ལས་མི་༦ སའི་འོག་ལུ་ ཚུད་ ཡོད་མི་ལས་ ཕུངམ་ཅིག་ ཁ་ ཉིནམ་ བཏོན་ཚུགས་ཡོདཔ་ ཨིན་པས། སྤྱི་ཟླ་༤ པའི༣ པའི་ཚེས་༣ གྱི་དྲོ་པ་ ཆུ་ཚོད་༡ དེ་ཅིག་ ཁར་ འབྱུང་ཡོད་མི་ རྐྱེན་ ངན་དེ་གིས་ ལས་མི་༦ སའི་ འོག་ལུ་ཚུད་ཡོད་རུང་ གཞན་ མི་ལས་༡༡ གིས་ དོང་གི་ ཟུར་ཁ་ལས་ དོང་ཆུང་ཀུ་ཅིག་ ཡོད་མི་ནང་ལས་ ཕྱི་ཁར་ཐོན་ འོང་ཚུགས་ཡོདཔ་ཨིན་པས། རྐྱེན་ངན་དེ་ཡང་ དོང་གི་ཕྱི་ ཁར་ ས་འཇམ་ཏོག་ཏོ་ཡོད་མི་ ཚུ་ བརྡིབ་འོངམ་ད་ ལཱ་འབད་ སྡོད་མི་ཚུ་ འོག་ལུ་ཚུད་ཡོདཔ་ ད་ སྤྱི་ཚེས་༣ ལུ་ ས་དོང་ནང་ ལཱ་འབད་མི་ འཕྲུལ་ཆས་ལག་ ལེན་པ་ཅིག་གི་ཕུངམ་ བཏོན་ ཚུགས་ཡོདཔ་ད་ ལས་འགུལ་ གྱི་ འཛིན་སྐྱོང་འགོ་དཔོན་ ཨཱར་ཨེན་ ཁ་ཟན་ཅི་གིས་ བཤད་དོ་བཟུམ་འབད་བ་ ཅིན་ ས་ཆད་འོང་མི་དེ་ ངོ་མ་ ར་ གང་གི་ཕྱི་ཁར་ ལྗིད་ཕོག་ ནི་དེ་གིས་ འབག་མ་འཐེག་ པར་ དོང་གི་ནང་ན་ བཙུགས་ ཡོད་མི་ ལྕགས་ཚུ་གིས་ཡང་ བཀག་ཐབས་འབད་མ་ཚུགས་ པས་ཟེར་ཨིན་པས། རྐྱེན་ངན་འབྱུག་པའི་ཤུལ་ ལས་ ལས་འགུལ་གྱིས་ ནིའུ་ དེལ་ལི་ལས་ མཁས་མཆོག་ ཚུ་འབོ་སྟེ་ མ་འོང་པའི་ནང་ བཀག་ཐབས་ཀྱི་ལས་རིམ་ཚུ་ ག་དེ་སྦེ་ར་ འབད་ནི་ཨིན་ན་ ཚུ་ གྲོས་བསྟུན་འབད་ཡོདཔ་ ད་ ལས་འགུལ་གྱི་འགོ་དཔོན་ དང་ མཁས་མཆོག་ཚུ་གིས་ དེ་འཕྲོ་ལས་ བཀག་ཐབས་ ག་ཅི་ར་ འབད་དགོཔ་ཡོདཔ་ ཨིན་ན་ཚུ་ གྲོས་བསྟུན་འབད་ ནི་ཨིན་པས། གཞན་མི་ཕུངམ་ཚུ་ བཏོན་ ནིའི་དོན་ལུ་ ལཱ་ཚུ་འབད་ བའི་བསྒང་ཡོད་རུང་ འཛིན་ སྐྱོང་མདོ་ཆེན་གྱིས་ ས་དོང་ ནང་ གནོད་སྐྱོན་རྐྱབ་ཡོད་མི་ ཚུ་ ཞིབ་དཔྱད་དང་བརྟག་ ཞིབ་ཚུ་ འབད་དགོཔ་ཡོདཔ་ ལས་ ལོག་བཟོ་ནི་ལུ་ དུས་ ཚོད་ཨ་ཙི་འགོར་ནི་མས་ཟེར་ ཨིན་པས། མཁས་མཆོག་གསུམ་གྱིས་ ལས་འགུལ་ས་ཁོངས་ནང་ ཉིནམ་གསུམ་དེ་ཅིག་ བལྟ་ ཞིབ་འབད་བའི་ཤུལ་ལས་ བཀག་ཐབས་ཀྱི་ལས་རིམ་ ཚུ་ ཐབས་ལམ་སྒྲིག་འོང་ཟེར་ ཨིནམ་ད་ བསྟན་རྒྱས་བློན་ པོ་ ནོར་བུ་དབང་ཕྱུག་གིས་ ཡང་ ལས་འགུལ་ས་ཁོངས་ ནང་ བྱོན་ཡོདཔ་ཨིན་པས། བློན་པོ་གིས་ ལས་འགུལ་ སྦོམ་ཚུ་ རྐྱབ་པའི་སྐབས་ ས་ དང་འབྲེལ་འབད་བའི་ དཀའ་ ངལ་ཚུ་ ཧང་སྟོང་མར་ཐོན་ནི་ ཡོད་ཟེར་ཨིནམ་ད་ རྐྱེན་ངན་ འབྱུང་མི་ཚུ་ལུ་ ལས་འགུལ་ གྱིས་ གྲོགས་རམ་ ག་དེ་དྲག་ དྲག་འབད་དགོ་པའི་ བཀའ་ རྒྱ་གནང་ཡོདཔ་ཨིན་པས། ཁོང་རྐྱེན་ངན་འབྱུང་མི་ཚུ་ཡང་ ནུབ་མོ་ལཱ་འབད་མི་གི་ སྡེ་ཚན་ ཨིནམ་ད་ རྐྱེན་ངན་འབྱུང་ས་ དེ་ དོང་དཀྱུ་རིངམ་སྦེ་ཡོདཔ་ ལས་ ལས་མི་ཚུ་ སོན་པོ་སྦེ་ འཐོབ་ཚུགས་ནི་བཟུམ་ཅིག་ མེདཔ་ཨིན་པས། ན་ཧིང་ལོ་ནང་ཡང་ མང་སྡེ་ཆུ་ གློག་མེ་ལས་འགུལ་ནང་ ཆུ་ མཛོད་ནང་ལཱ་འབད་མི་ ལས་ མི་ཚུ་ བྱག་གུ་ལས་ས་ཆད་ འོང་མི་དེ་གིས་ ས་འོག་ཚུད་དེ་ ཤི་རྐྱེན་ཚུ་འབྱུང་ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.