འབྲུག་གིས་འཛམ་གླིང་རྒྱལ་སྤྱི་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་༡ གི་རིང་ མེ་བསད་བཞག་ནིའི་ནང་ གྲལ་གཏོགས་འབད་ཡོདཔ།

Bhutan Times - - Home -

༉ འབྲུག་གིས་ འཛམ་གླིང་ རྒྱལ་སྤྱི་ནང་ ལོ་བསྟར་བཞིན་ དུ་ དུས་ཡུན་ཆུ་ཚོད་༡ གི་རིང་ མེ་བསད་བཞག་ནི་གི་ ཉིནམ་ དེ་ ཁ་ཙ་ ལྷུན་རྩེ་ལུ་ཡོད་མི་ དུང་དཀར་སློབ་གྲྭ་ཆུང་བ་ནང་ སྦེ་ བརྩི་སྲུང་འབད་ཡོདཔ་ཨིན་ པས། ཉིནམ་དེ་ནང་ འབྲུག་གིས་ འཛམ་གླིང་རྒྱལ་ཁབ་༡༧༨ ཀྱིས་ བརྩི་སྲུང་འབདཝ་དང་ གཅིག་ཁར་ འབྲུག་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ད་ དུས་ཅི་ལོའི་ བརྩི་སྲུང་གི་བརྗོད་ དོན་དེ་ གནམ་གཤིས་འགྱུར་ བགྲོད་ཀྱི་དོན་ལུ་ཟེར་ བཞག་ ཡོདཔ་ཨིན་པས། ཉིནམ་དེ་ཁར་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་ རྡོ་རྗེ་གིས་ འཕྲིན་ཡིག་ནང་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་གིས་ འཛམ་གླིང་ནང་ ཡོད་མི་ མི་ས་ཡ་ལས་བཅད་ མི་ཚུ་དང་གཅིག་ཁར་ བརྩི་ སྲུང་འབདཝ་དང་འབྲེལ་ བཅའ་ མར་གཏོགསཔ་ཨིན་ཟེར་ ཨིནམ་ད་ འབྲུག་ལུ་འབད་ བ་ཅིན་ ཁ་ཙ་ ཕྱི་རུ་ ཆུ་ཚོད་ ༨ དང་སྐར་མ་༣༠ ལས་ དུས་ ཡུན་ཆུ་ཚོད་༡ གི་རིང་ གློག་མེ་ བསད་དེ་ བཞག་ཡོདཔ་ཨིན་ པས། བློན་པོ་གིས་ དེ་སྦེ་འབད་མི་ དེ་ཡང་ འཛམ་གླིང་ནང་ རང་ བཞིན་གནས་སྟངས་དང་འབྲེལ་ བའི་ གདོང་ལེན་འབྱུང་མི་ལུ་ བརྟེན་ འཛམ་གླིང་སེམས་ཅན་ སྲུང་སྐྱོབས་མ་དངུལ་གྱིས་ སྤྱི་ལོ་༢༠༠༧ ལས་ འགོ་ བཙུགས་ཡོདཔ་ཨིན་པས། ཉིནམ་དེ་ཁར་ འཛམ་གླིང་ ནང་ ཁྲོམ་སྡེ་༧༠༠༠ དེ་ཅིག་ གིས་ བཅའ་མར་གཏོགས་ནི་ གི་ རེ་བ་ཡོདཔ་ད་ དུས་ཅི་ལོའི་ བརྗོད་དོན་དེ་ འབྲུག་གི་དོན་ ལུ་ འོས་འབབ་ཅན་ཅིག་ ཨིན་ མི་དེ་ཡང་ འབྲུག་དེ་ གནམ་ གཤིས་འགྱུར་བགྲོད་ཀྱི་ ཉེན་ ཁ་ཡོད་པའི་ ལུང་ཕྱོགས་ནང་ ཡོད་ནི་དེ་གིས་ཨིན་ཟེར་ འཕྲིན་ ཡིག་ནང་ བཀོད་ཡོདཔ་ཨིན་ པས། གནམ་གཤིས་འགྱུར་བགྲོད་ལུ་ བརྟེན་ གངས་ལྗོངས་ཧི་མ་ལ་ ཡ་ཚུ་ནང་ རང་བཞིན་གནས་ སྟངས་ལུ་ ཐོ་སྦོམ་ཕོག་དོ་ ཡོདཔ་མ་ཚད་ ཆུ་རུད་དང་ས་ རུད་ དེ་ལས་ ཆར་ཆུ་དུས་ལུ་ མ་འབབ་པའི་ དཀའ་ངལ་ཚུ་ ལེ་ཤ་ ཐོན་དོ་ཡོདཔ་ཨིན་པས། མི་རློབས་ཡར་སེང་འགྱོ་མི་ དེ་གིས་ རང་བཞིན་གནས་ སྟངས་ལུ་ ཉེན་ཁ་སྦོམ་བྱིན་ དོ་ཡོདཔ་ལས་ རང་གི་རྒྱལ་ ཁབ་ཀྱི་ རང་བཞིན་གནས་ སྟངས་ཚུ་ བདག་འཛིན་འཐབ་ སྟེ་ རང་བཞིན་གནས་སྟངས་ ལས་བརྟེན་པའི་ དཀའ་ངལ་ ཚུ་ཐོནམ་ད་ གདོང་ལེན་འབད་ ནི་གི་ གྲ་སྒྲིག་འབད་དགོ་ནི་ ཨིན་པས། དེ་འབདཝ་ལས་ ན་ཧིང་ པེ་ རིསི་ལུ་སྦེ་ འཛམ་གླིང་སྤྱི་ ཚོགས་ གནམ་གཤིས་འགྱུར་ བགྲོད་ཀྱི་ ཞལ་འཛོམས་ སྐབས་ འཚོགས་པའི་སྐབས་ རྒྱལ་ཁབ་ཚུ་གིས་ གདོང་ལེན་ དེ་ལུ་ རྒྱབ་སྐྱོར་འབད་དགོ་ པའི་ ཁས་བླངས་འབད་ཡོདཔ་ ཨིན་པས། འབྲུག་གི་ནགས་ཚལ་གྱི་ཁྱབ་ ཚད་ ལེགས་ཤོམ་ཡོདཔ་ལས་ འཛམ་གླིང་ནང་ འབྲུག་གིས་ གནམ་གཤིས་འགྱུར་བགྲོད་ ནང་ དཔེ་སྟོན་བཏུབ་པའི་རྒྱལ་ ཁབ་ཅིག་སྦེ་ཡོད་མི་དེ་ ད་ ལས་ཕར་འབད་རུང་ དེ་སྦེ་ར་ བཞག་ནི་ལུ་ གཙོ་བོར་བཏོན་ འོང་ཟེར་ བློན་པོ་གིས་བཤད་ བཀོད་ཡོདཔ་ཨིན་པས། བློན་པོ་གིས་ འཛམ་གླིང་དང་ གཅིག་ཁར་ དུས་ཡུན་བརྩི་སྲུང་ འབད་བའི་སྐབས་ འབྲུག་མི་ག་ ར་གིས་ གྲལ་གཏོགས་འབད་ནི་ གི་ རེ་བ་ཡོད་ཟེར་ བཤད་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.