རྐང་ལག་དང་ ཁ་ནང་རྨ་ཐོན་མི་ ཆུ་འབུར་ཚུ་ བཙིར་བཏང་ནི་མི་འོང།

Bhutan Times - - ADVERTS -

འབྲི་མི: བསོད་ནམས། ༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ནང་འཁོད་ལུ་ རྐང་ ལག་དང་ཁ་ནང་ རྨ་ཐོན་ནི་གི་ ནད་གཞི་འཐོབ་མི་གི་གྱངས་ ཁ་དེ་ ཡར་སེང་ འགྱོ་དོ་ཡོདཔ་ ཨིན་པས། གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ལུ་ སྨན་བཅོས་དང་ སྨན་ཁབ་ཀྱི་རིགས་ ག་ནི་ཡང་ བྱིན་ནི་མེདཔ་ལས་ གཙོ་བོ་ར་ རང་གིས་ལགཔ་དང་རྐངམ་ཚུ་ ལེགས་ཤོམ་སྦེ་ འཁྱུ་དགོཔ་དེ་ ཁག་ཆེ་ནི་ཨིན་པས། དེ་མ་ཚད་ ནད་གཞི་དེ་གིས་ ཚེ་ སྲོག་ལུ་ ཉེན་ཁ་དེ་ཅིག་ མེདཔ་ ལས་ ཚ་གྱངས་ལང་དགོཔ་ཅིག་ ག་ནི་ཡང་ མེདཔ་ཨིན་རུང་ གཞན་ལུ་ ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་སྦོམ་ ཡོདཔ་ཨིན་པས། ནད་གཞི་དེ་ ཟླ་ངོ་ཅིག་དེ་ཅིག་ གི་ཧེ་མ་ལས་ མགར་ས་དང་ ལུང་ནག་ན་ལུ་ ཐོན་པའི་ཤུལ་ ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ འཁོད་ལུ་ ཐོན་ནི་འགོ་བཙུགས་ ཡོདཔ་ད་ དེ་ཡང་ མང་ཤོས་ར་ ཨ་ལུ་ སྐྱེས་ལོ་༥ མན་ཆད་ འབད་མི་ཚུ་གིས་ ཐོབ་དོ་ཡོདཔ་ ད་ འཕྲལ་འཕྲལ་སྐབས་ ལོ་ ན་རྒས་མི་ཚུ་གིས་ཡང་ ཐོབ་དོ་ ཡོདཔ་ཨིན་པས། ནད་གཞི་དེ་གིས་ ཁ་དང་རྐང་ ལག་ དེ་ལས་ ཨ་བུ་ཚུ་ནང་ ཆུ་འབུར་ཐོན་ནི་དེ་གིས་ བཞེས་ སྒོ་བཟའ་བའི་སྐབས་ དཀའ་ ངལ་བྱུང་དོ་ཡོདཔ་ད་ ནད་ གཞི་དེ་ ཨ་ལུ་ ཆུང་ཀུ་ཚུ་ གིས་ ཐོབ་དོ་ཡོདཔ་ལས་ ཐིམ་ ཕུག་ལུ་ འགོ་དང་པ་ར་ སྒེར་ གྱི་སློབ་གྲྭ་ཚུ་ནང་ལས་ ཐོན་ ཡོདཔ་ཨིན་པས། སྨན་ཁང་ནང་ ལཱ་འབད་མི་ཚུ་ གིས་ ནད་གཞི་ཐོབ་མི་ཚུ་གིས་ སྤེལ་ནི་གི་ ཉེན་ཁ་ཡོདཔ་ལས་ ཨ་ལུ་ནད་གཞི་ཐོབ་མི་ཚུ་ ཡོད་པ་ཅིན་ སྨན་བཅོས་འབད་ བར་ བཏང་དགོཔ་སྦེ་ སླབ་དོ་ ཡོདཔ་ད་ དེ་མིན་ མ་དྲགཔ་ ཚུན་ ཁྱིམ་ནང་བཞག་དགོ་ནི་ ཨིན་པས། ཕམ་ཚུ་གིས་ ལགཔ་དང་རྐངམ་ ཚུ་ནང་ཐོན་མི་ ཆུ་འབུར་ཚུ་ མ་ སྐམ་ཚུན་ ཁྱིམ་ནང་ར་ བཞག་ དགོཔ་དེ་ ཁག་ཆེ་ནི་ཨིནམ་ད་ ནད་གཞི་དེ་གིས་ ཞག་གྲངས་ ༡༠ དེ་ཅིག་ནང་ དྲག་དོ་ཡོདཔ་ ཨིན་པས། ནད་གཞི་དེ་ མང་ཤོས་ར་ ཨ་ ལུ་ཆུང་ཀུ་ཚུ་ ལེ་ཤ་སྦེ་ ཡོད་ས་ ཚུ་ནང་ གཙང་སྦྲ་ལེགས་ཤོམ་ མེད་མི་ལུ་བརྟེན་ ཐོབ་དོ་ཡོདཔ་ ད་ ནད་གཞི་དེ་གིས་ ལུང་ནག་ ན་དང་ མགར་ལུ་ ཨ་ལུ་༢༣ ལུ་ ཐོབ་སྟེ་ཡོདཔ་ཨིན་པས། རྫོང་ཁག་གཞན་ཚུ་ནང་ ནད་ གཞི་དེ་ ཐོབ་ཡོད་པའི་སྙན་ཞུ་ མེད་རུང་ མི་ཚུ་འགྲོ་འགྲུལ་ འབད་མི་དེ་ལས་ སྤེལ་འགྱོ་ནི་ གི་ ཉེན་ཁ་ཚུ་ ཡོདཔ་ཨིན་པས། གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་ འབུར་ཚུ་ རང་བཞིན་གྱིས་ སྐམ་ བཅུག་ནི་མ་གཏོགས་ བཙིར་ བཏང་པ་ཅིན་ ཧེང་སྐལ་ར་ ཚ་ནི་ དང་རྨ་སྦོམ་འགྱོ་སྟེ་ གཞན་ནད་ གཞི་ཚུ་ ཐོབ་ནི་གི་ ཉེན་ཁ་ཡོད་ ཟེར་ཨིན་པས། ནད་གཞི་ཐོབ་མི་ཡོད་པ་ཅིན་ སློབ་གྲྭའི་བདག་སྐྱོང་གིས་ གསོ་བའི་ལས་ཁུངས་ལུ་ སྙན་ ཞུ་འབད་དགོ་ནི་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.