བར་དོ་-ཀྲོང་གི་འཐུས་མི་ ལས་སྐྱིད་རྡོ་རྗེ་ བསྟན་རྒྱས་བློན་པོ་སྦེ་ བསྐོས་ བཞག་འབད་ནི།

Bhutan Times - - Adverts -

འབྲི་མི: བ སོད་ནམས། ༉ཤེས༌རིག༌བློན ༌པོ༌མིང༌བོ༌འབྲུ ག༌པ༌གིས༌ཤེས༌རིག༌བློན༌པོའི༌ གནས༌ནང༌ལས༌དགོངས༌ཞུ༌འ བད༌ནི༌གི༌ཞུ༌ཡིག༌བཙུགས༌མི༌དེ ༌གིས༌ཧེ༌མ༌ལས༌བློན༌པོའི༌གོ༌ག ནས༌འཐོབ༌ནི༌གི༌གཏམ༌དར༌ཁྱ བ༌སོང༌ཡོད༌མི༌གཞལམ༌སྒང༌རྫོ ང༌ཁག༌གི༌བར༌དོ༌ཀྲོང༌གི༌འཐུས༌ མི༌ལས༌སྐྱིད༌རྡོ༌རྗེ༌ལུ༌གོ༌སྐབས༌ བཟང༌པོ༌ཅིག༌འོང༌ནི༌ཨིན༌པས། དེ༌ཡང༌ ད༌རེས༌ཀྱི༌བདུན༌ ཕྲག༌ནང ༌བློན༌ཆེན ༌ཚེ༌རིང༌སྟབས༌རྒྱས༌མ ཆོག༌གིས༌གནད༌ དོན༌དེའི་སྐོར༌ ལས༌མི༌དབང༌མངའ༌ཞབས༌མ ཆོག༌ལུ༌སྙན༌མ གྲོན༌ཕུལ༌ཡོདཔ ༌ཨིན༌པས། ཤེས༌རིག༌བློན༌པོ༌དགོངས༌ཞུ༌འ བད༌མི༌དེ༌གི ས༌བསྟན༌རྒྱས༌བློན ༌པོ༌ནོར༌བུ༌དབ ང༌ཕྱུག༌དེ༌ཤེས༌རི ག༌བློན༌པོ༌སྦེ༌བསྐོ༌བཞག༌འབད༌ ནི༌ཨིནམ༌ད༌ལས༌སྐྱི ད༌རྡོ༌རྗེ༌དེ༌བ སྟན༌རྒྱས༌བློན༌པོ༌སྦེ༌ གདམ༌བསྐོ ས༌འབད༌ནི༌ཨིན༌པས། གཞུང་གི་གནས་ཚུལ་གསར་ བཏོན་འབད་མི་དང་འཁྲིལཝ་ད་ ཤེས་རིག་བློན་པོ་གིས་ ཁོ་རའི་ གསོ་བའི་འཕྲོ་བསྟེན་གྱི་ དཀའ་ ངལ་ལུ་བརྟེན་ ལྷན་ཁག་ནང་ འགན་ཁུར་འབག་ཚུགས་མི་ གཞོནམ་ཅིག་ ཚབ་བཙུགས་ དགོཔ་སྦེ་ ཞུ་བ་འབད་ཡོདཔ་ སྦེ་ བཀོད་ཡོདཔ་ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་ གིས་ བསམ་འཆར་སྣ་ཚོགས་ བཀོད་དོ་ཡོདཔ་ཨིན་པས། བློན་པོ་དགོངས་ཞུ་འབ ད་མི་ལུ་ བདེ་བ་ཐང་སྒོམ་དར་འདེམས་ ཁོངས་ཀྱི་ མི་སེར་ཚུ་གིས་ སེམས་དང་མ་ལྡན་པའི་སྐོར་ ལས་ ཤེས་མི་དེ་ཡང་ བློན་པོ་ དེ་ འདེམས་ཁོངས་དེ་ནང་ལས་ འབད་ནི་དེ་གིས་ཨིན་པས། འདེམས་ཁོངས་དེ་ནང་ལས་ ཚོགས་རྒྱན་བཙུགས་མི་ ཅིག་གིས་ ཤེས་རིག་བློན་པོ་ དགོངས་ཞུ་འབད་མི་དེ་གིས་ འདེམས་ཁོངས་ལུ་ ཐོ་ཕོགས་ ནི་གི་ ཚ་གྱང་ཡོད་ཟེར་ཨིན་མི་ དེ་ཡང་ འདེམས་ཁོངས་དེ་ནང་ བློན་པོ་གིས་ གོང་འཕེལ་གྱི་ གྲུབ་འབྲས་ཚུ་ ལྷོད་ཡོད་ནི་དེ་ གིས་ཨིན་པས། ཁོ་གིས་ བཤད་མིའི་ནང་ བློན་ པོ་གིས་ ད་ལས་ཕར་ འཐུས་མི་ སྦེ་ ཕྱག་ཞུ་ནི་ཨིན་རུང་ གོང་ འཕེལ་གྱི་ཐད་ཁར་ལྷོདཔ་ད་ དེ་ ཅིག་འབད་མི་ཚུགས་ནི་བཟུམ་ མཐོང་མས་ཟེར་ཨིན་པས། གཞན་མི་རྒྱབ་སྐྱོར་པ་ཅིག་ གིས་ དགོངས་ཞུ་འབད་ བའི་སྐབས་ མི་སེར་ཚུ་ལུ་ འབྲེལ་བ་འབད་དགོཔ་མེད་ རུང་ གནད་དོན་ངོ་མ་ ག་ཅི་ ལུ་བརྟེན་ དགོངས་ཞུ་འབད་ ཡོདཔ་ཨིན་ན་ ཤེས་དགོཔ་ འདུག་ཟེར་ཨིན་པས། ཤེས་རིག་བློན་པོ་ཁོ་ར་ སྐྱེས་ ལོ་༦༤ ལང་ཡོདཔ་ལས་ ཁོ་ རའི་ལོ་ཚད་དང་ གསོ་བའི་ འཕྲོ་བསྟེན་ལུ་བརྟེན་ དགོངས་ ཞུ་འབད་ཡོདཔ་སྦེ་ བཤད་ཡོད་ རུང་ སྲིད་དོན་ནང་ ལྟ་རྟོགས་ འབད་མི་ཚུ་གིས་འབད་བ་ཅིན་ སོ་སོར་སྦེ་ བཤད་ནི་ཡོདཔ་ ཨིན་པས། ཨིན་རུང་ བསྟན་རྒྱས་བློན་པོ་ ཁོ་ར་ ཧེ་མ་ལས་ ཤེས་རིག་ གི་ ཉམས་མྱོང་ཡོད་མི་ཅིག་ འབད་ནི་དེ་གིས་ ལྷན་ཁག་ ལུ་ ཕན་ཐོགས་བྱུང་ཚུགས་ ནི་ཨིནམ་ད་ འཐུས་མི་ ལས་ སྐྱིད་རྡོ་རྗེ་གིས་ བརྡ་དོན་བརྒྱུད་ འབྲེལ་ནང་ མཐོ་རིམ་གོང་ མའི་ ཤེས་ཚད་ཡོདཔ་ཨིན་ པས། གཞུང་སྐྱོང་གི་གནས་ཡུན་དེ་ ཚང་ནི་རན་དོ་ཡོདཔ་ལས་ ལ་ ལུ་གིས་ འབད་བ་ཅིན་ ཤེས་ རིག་བློན་པོ་གིས་ ཤུལ་མའི་ བཙག་འཐུ་ནང་ བཅའ་མར་ གཏོགས་ནི་གི་ འོས་འབབ་ མེདཔ་ལས་ གཞལམ་སྒང་ རྫོང་ཁག་ནང་ལས་ ཚོགས་ རྒྱན་གྱི་ རྒྱབ་སྐྱོར་ བཟོ་ནིའི་ དོན་ལུ་ ལས་སྐྱིད་རྡོ་རྗེ་ལུ་ གོ་ སྐབས་བཟོཝ་ཨིན་མས་ཟེར་ ཡང་ བཤད་དོ་ཡོདཔ་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.