མེ་ཏོག་དཔལ་རི་དུས་སྟོན་ཐེངས་༤ པ་ ད་རེས་ མཇུག་བསྡུ་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉ ལམ་དཔལ་རིལ་གླིང་ག་དེ་ གཞི་བཙུགས་འབད་དེ་ ལོ་ལེ་ ཤ་སོང་ཡོད་རུང་ ཉེ་འདས་ལས་ ཕར་ཡོད་མི་ ཁྲོམ་སྡེ་ནང་གི་ མི་ཚུ་གིས་ གླིང་ག་དེ་ནང་གི་ ཞབས་ཏོག་ཚུ་ ག་ཅི་ར་ཡོདཔ་ ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་ པས། དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༥ ལས་ ཉིན་གྲངས་གསུམ་གྱི་ རིང་ འགོ་འདྲེན་འཐབ་ནི་ཨིན་ མི་ ལོ་བསྟར་གྱི་ ཨེ་ཏོག་མེ་ ཏོག་དུས་སྟོན་དེ་ནང་ སྐུ་མགྲོན་ གཙོ་བོ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ གླིང་གའི་ འགོ་དཔོན་ཚུ་ལུ་ དུས་སྟོན་དེ་གི་ཐོག་ལས་ དར་ ཁྱབ་འགྱོ་བའི་ རེ་བ་ཡོད་ཟེར་ བཤད་ཡོདཔ་ཨིན་པས། བློན་པོ་གིས་ གླིང་ག་གཞི་ བཙུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ ནགས་ཚལ་གྱི་ ཁྱབ་ཚད་ བརྒྱ་ཆ་༦༠ གི་འོག་ ལུ་ བཞག་དགོཔ་སྦེ་ཡོད་མི་དེ་ འགྲུབ་དོ་ཡོདཔ་ད་ རྒྱལ་ཡོངས་ དགའ་སྐྱིད་དཔལ་འཛོམས་ ཀྱི་ ཀ་ཆེན་བཞི་གི་གྲས་ལས་ རང་བཞིན་གནས་སྟངས་སྲུང་ སྐྱོབས་འབད་དགོཔ་སྦེ་ ཡོད་ མི་དེ་ཡང་ དེ་གིས་ འགྲུབ་ཨིན་ ཟེར་ བཤད་ཡོདཔ་ཨིན་པས། དུས་སྟོན་དེ་ཡང་ ལྕང་དང་ སྟོདཔ་ དར་དཀར་ལ་ དེ་ལས་ ཀ་ཝང་རྒེད་འོག་བཞི་གིས་ འཚོགས་མི་ ཡོངས་གྲགས་ ལུ་ མེ་ཏོག་དཔལ་རི་ཟེར་མི་ ཚོགས་པ་ནང་ བདེ་ཆེན་རྩེ་མོ་ སློབ་གྲྭ་ལྟེ་བ་དང་ འཕྲིན་ལས་ སྒང་སློབ་གྲྭ་ཆུང་བ་ དེ་ལས་ ཕུན་ཚོགས་སློབ་གྲྭ་ཆུང་བ་ཚུ་ ཡང་ ཚོགས་པ་དེ་ནང་ ཚུདཔ་ ཨིན་པས། དུས་སྟོན་དེ་གི་དོན་ལུ་ གཡུས་ ཚན་ཚུ་ཡང་ ཤེས་རིག་དང་གོ་ བརྡ་ ལས་སྲོལ་དང་སྤྲོ་སྟོན་ དེ་ལས་ བཞེས་སྒོ་དང་འཐུང་ རིགས་སྦེ་ དབྱེ་ཁག་གསུམ་ ནང་ བཟོ་སྟེ་ཡོདཔ་ད་ དེ་ནང་ རྟ་གུ་བཞོན་ནི་ བྱ་བལྟ་ནི་དང་ གཡུས་ཚན་ཚུ་ནང་་བཟོ་སྲོལ་ ཡོད་མི་ བཞེས་སྒོ་དང་འཐུང་ རིགས་ཚུ་ གསལ་སྟོན་འབད་ ཡོདཔ་ཨིན་པས། དེ་མ་ཚད་ ཚོགས་པ་ནང་ཡོད་ མི་ སློབ་གྲྭ་ཚུ་གིས་ གྱིབ་ རིགས་ཀྱི་ ཕྱགས་སྙིགས་ ནང་ལས་ བཟོ་ཡོད་མི་ ཅ་ ཆས་ སྨྱུས་གུ་བཞག་ས་དང་ ཀྲེབ་ཀྲེམ་ དེ་ལས་ གདན་ལ་ སོགས་པ་ཚུ་ཡང་ གསལ་སྟོན་ འབད་ཡོདཔ་ད་ སྟོདཔ་རྒེད་ འོག་ལས་ཨིན་མི་ ཨཔ་ཅིག་ གིས་ ཚར་བཟོ་གི་རིགས་ཚུ་ འགྲེམ་སྟོན་འབད་ཡོདཔ་མ་ཚད་ ཆང་གི་རིགས་ཚུ་ཡང་ བཙོང་ ཡོདཔ་ཨིན་པས། ཚོགས་པའི་ཁྲི་འཛིན་ དར་ དཀར་ལའི་རྒཔོ་གིས་ དུས་ སྟོན་དེ་གིས་ ལ་ཁར་ལས་སྡོད་ མི་ གཡུས་མི་ཚུ་གི་ འཚོ་ བའི་གནས་སྟངས་དང་གནས་ སྟངས་ཚུ་གི་སྐོར་ལས་ གསལ་ སྟོན་འབད་ཡོདཔ་མ་ཚད་ དུས་ སྟོན་དེ་གིས་ རང་བཞིན་གནས་ སྟངས་དང་ རི་དྭགས་དང་ཤིང་ རིགས་ཚུ་ ཉམས་སྲུང་འབད་ནི་ ལུ་ ལྷན་ཐབས་འབད་ཚུགས་ ཟེར་ཨིན་པས། རྒྱལ་ཁབ་ནང་ ཨེ་ཏོག་མེ་ ཏོག་གི་རིགས་༤༦ ལྷགཔ་ ཅིག་ཡོདཔ་ད་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ གླིང་ག་ནང་འབད་ ནི་དེ་གིས་ ཉོ་མི་དེ་ཅིག་ མི་འོང་ མས་ཟེར་ཨིན་རུང་ ལོ་བསྟར་ བཞིན་དུ་ བཅའ་མར་གཏོགས་ ནི་ཡོད་ཟེར་ བཤདཔ་ཨིན་པས། སྟོདཔ་གཡུས་ཚན་ལས་ ཨམ་ སྲུ་ཅིག་གིས་ གཡུས་ཆང་ ཚུ་ ཕོརཔ་གང་ལུ་ དངུལ་ཀྲམ་ ༥༠ རེ་སྦེ་ བཙོང་པར་འབག་ འོང་ཡོད་རུང་ མོ་གིས་ ཉིནམ་ དང་པའི ཉིན་ཕྱེད་ཚུན་ ཕོརཔ་ གཅིག་ཡང་ ཉོ་འཐུང་མི་ མ་ཐོན་ ཟེར་ སླབ་ཡོདཔ་ཨིན་པས། དུས་སྟོན་དེ་གི་སྐབས་ལུ་ སློབ་ གྲྭ་ཁག་གི་ ན་གཞོན་ཚུ་གིས་ ཞབས་ཁྲའི་ལས་རིམ་ཚུ་ འགོ་ འདྲེན་འཐབ་ཡོདཔ་མ་ཚད་ ཧོང་ མཚོ་གཡུས་ཚན་གྱི་ ཕོ་སྐྱེས་ དང་ཨམ་སྲུ་ཚུ་གིས་ཡང་ རང་ ལུགས་ཀྱི་ ལས་རིམ་ཚུ་ འགོ་ འདྲེན་འཐབ་ཡོདཔ་ད་ དུས་སྟོན་ དེ་ ད་རེས་ མཇུག་བསྡུ་ནི་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.