ས་ཡོམ་གྱི་དོན་ལུ་ གྲ་སྒྲིག་འབད་དེ་ སྡོད་དགོ་ནི།

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ གསར་ཤོག་དང་རྒྱང་མཐོང་ཚུ་ ནང་ ས་ཡོམ་ཤུགས་ཅན་རྐྱབ་ནི་ གི་ ཉེན་ཁ་ཡོད་པའི་སྐོར་ལས་ གནས་ཚུལ་ཐོན་པའི་ཤུལ་ལས་ མི་ཚུ་གིས་ ས་ཡོམ་དེ་ ཐད་རི་ བ་རི་ར་ རྐྱབ་ནི་མས་ཟེར་བའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་གིས་མ་ཚད་ ད་རེས་ནངས་ པར་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ ལས་ཕར་ ས་ཡོམ་རྐྱབ་ནི་ཨིན་ པའི་སྐོར་ལས་ གནས་ཚུལ་འདྲ་ མིན་སྣ་ཚོགས་ ཁྱབ་སྤེལ་འགྱོ་ དོ་ཡོདཔ་ད་ ལ་ལུ་གིས་ ཡོངས་ གྲགས་ཅན་གྱི་ མི་ངོ་ཚུ་གི་ མིང་ ཐོ་ཁར་ ས་ཡོམ་རྐྱབ་ནི་ཨིན་ པའི་སྐོར་ལས་ གནས་ཚུལ་ཚུ་ འབྲི་སྟེ་ ཡོངས་གྲགས་ལུ་ ཝི་ ཅེཌ་ཟེར་མི་ནང་ དར་ཁྱབ་འབད་ དོ་ཡོདཔ་ཨིན་པས། ཉིནམ་དག་པ་ཅིག་གི་ཧེ་མར་ སྐྱབས་རྗེ་ག་རབ་རིན་པོ་ཆེ་གི་ མཚན་བཀོད་དེ་ མི་ལ་ལུ་གིས་ ས་ཡོམ་རྐྱབ་ནི་ཨིན་འབྲི་སྟེ་ ཝི་ ཅེཌ་ནང་ ཁྱབ་སྤེལ་བཏང་ཡོདཔ་ལས་ རིན་པོ་ཆེ་གིས་ གཏམ་དེ་ ཚུ་ རྫུས་མ་ཨིན་ཟེར་ ལོག་སྟེ་ གསལ་བསྒྲགས་འབད་དགོཔ་ ཡང་ ཐོན་ཡོདཔ་ཨིན་པས། ས་ཁམས་རིག་པ་ཚུ་གིས་ རྒྱལ་ ཁབ་ནང་ ས་ཡོམ་ཤུགས་ཅན་ རྐྱབ་ནི་གི་ ཉེན་ཁ་ཡོདཔ་ལས་ དྲན་བཏོན་ཏེ་ སྡོད་དགོ་ཟེར་ སླབ་ཡོདཔ་མ་གཏོགས་ ནམ་ རྐྱབ་ནི་ཨིན་ན་ཚུ་ ག་གིས་ཡང་ སླབ་མི་ཚུགས་ཟེར་རྐྱངམ་ཅིག་ གནས་ཚུལ་ནང་ བཀོད་ཡོདཔ་ ཨིན་པས། ཨིན་རུང་ རྐྱབ་ནི་དེ་ ཉེན་ ཁ་ཡོདཔ་ངེས་བདེན་བཟུམ་ ར་ ཨིན་མི་དེ་ཡང་ རྒྱལ་ཁབ་ ནང་ ལོ་ངོ་༣༠༠ དེ་ཅིག་གི་ཧེ་ མར་ ཤུགས་ཚད་མེག་ནི་ཅུཌ་ ༨ དེ་ཅིག་འབད་མི་དེ་ རྐྱབ་ པའི་ཤུལ་ལས་ ཤུགས་ཚད་ དེ་བཟུམ་ རྐྱབ་སྟེ་མེདཔ་ལས་ རྐྱབ་ནི་གི་དུས་ཚོད་དེ་ རན་ནུག་ ཟེར་ ས་ཁམས་རིག་པ་ཚུ་གིས་ བཤདཔ་ཨིན་པས། གནས་ཚུལ་དེ་ དར་ཁྱབ་སོང་ ཡོད་ནི་དེ་གིས་ རྒྱལ་ས་ལྟེ་བ་ ལུ་ སྡོད་མི་ཚུ་གིས་ ཉེན་སྲུང་ གི་དོན་ལུ་ སྡོད་ཁྱིམ་ཆུང་ཀུ་ཚུ་ ནང་ སྡོད་ནིའི་དོན་ལུ་ འཚོལ་དོ་ ཡོདཔ་ཨིན་པས། བློན་ཆེན་གྱིས་ རྒྱལ་ཁབ་ ཀྱི་ སློབ་གྲྭ་དང་ སྨན་ཁང་ ཚུ་ བརྟག་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་ ཡང་ བློན་ཆེན་གྱིས་ གསུངས་ མིའི་ནང་ སློབ་གྲྭ་དང་ སྨན་ཁང་ ཚུ་ནང་ སློབ་ཕྲུག་དང་ ནདཔ་ ལེ་ཤ་ཡོདཔ་ལས་ ཧེ་མ་ར་ ཁོང་གི་དོན་ལུ་ ཉེན་སྲུང་འབད་ ནི་དེ་ ཁག་ཆེ་ཟེར་ཨིན་པས། ས་ཡོམ་གྱི་རྐྱེན་ངན་བྱུང་པ་ ཅིན་ སྒྲིང་ཁྱིམ་སྦོམ་དངསྨན་ ཁང་ཚུ་ནང་ ཉེན་སྲུང་ཚུ་ ཁག་ ཆེ་ནི་ཨིན་རུང་ དཔེར་ན་ རྒྱལ་ ཡོངས་གཙོ་བསྟེན་སྨན་ཁང་ ནང་འབད་བ་ཅིན་ མ་ཆད་པར་ ནདཔ་བརྒྱ་ལས་བཅད་དེ་ སྡོད་ དོ་ཡོདཔ་ལས་ འཇིགས་མེད་རྡོ་ རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་ བསྟེན་སྨན་ཁང་དེ་ སྤྱི་ལོ་༢༠༡༢ ལུ་ འཛམ་གླིང་གསོ་བའི་ལས་ ཚོགས་དང་ གསོ་བ་ལྷན་ཁག་ དེ་ལས་ རྐྱེན་ངན་འཛིན་སྐྱོང་ ལས་ཁུངས་ཀྱིས་ མཉམ་རུབ་ ཐོག་ལས་ ས་ཡོམ་གྱི་ གནོད་ སྐྱོན་དང་འབྲེལ་བའི་ བརྟག་ ཞིབ་འབད་ནུག། བརྟག་ཞིབ་སྙན་ཞུ་དང་འཁྲིལ་ བ་ཅིན་ ས་ཡོམ་རྐྱབ་པའི་ སྐབས་ གནོད་སྐྱོན་ངོ་མ་ར་ སྒྲིང་ ཁྱིམ་དང་ གཞི་རྟེན་མཁོ་ཆས་ དེ་ལས་ གསོ་བའི་འཕྲུལ་ཆས་ ཚུ་ལུ་ འབྱུང་ནི་ཨིནམ་ལས་ དེའི་དོན་ལུ་ གློ་བུར་གྱི་ ཉེན་ སྲུང་འབད་མི་ སྡེ་ཚན་ཡང་ ངོས་ འཛིན་འབད་དགོཔ་སྦེ་ཨིན་པས། སྙན་ཞུ་གཞན་ཅིག་དང་འཁྲིལ་ བ་ཅིན་ ས་ཡོམ་གྱི་གནོད་སྐྱོན་ དེ་ རང་ལུགས་ཀྱི་ བཟོ་བཀོད་ ཐོག་ལུ་ དེང་སང་གི་ཅ་ཆས་ རྩི་ ས་དང་ ལྕགས་ལ་སོགས་པ་ཚུ་ ལག་ལེན་འཐབ་སྟེ་རྐྱབ་མི་ སྒྲིང་ ཁྱིམ་ཚུ་ལུ་ འབྱུང་ནིའི་ཉེན་ཁ་ འདུག་ཟེར་ཨིན་པས། ས་ཡོམ་གྱི་ གནོད་སྐྱོན་སྦོམ་ ཤོས་ར་ ཐིམ་ཕུ་ལུ་ འབྱུང་ནི་ ཨིནམ་མ་ཚད་ སྤ་རོ་གནམ་ཐང་ དང་ གཞུང་ལམ་ གློག་མེ་ དེ་ ལས་ བརྒྱུད་འབྲེལ་གྱི་ ཞབས་ ཏོག་ཚུ་ལུ་ གནོད་སྐྱོན་འབྱུང་ནི་ ཨིན་པས། གནས་ཚུལ་ཚུ་ ག་དེ་སྦེ་ དར་ ཁྱབ་འགྱོ་དོ་ཡོད་རུང་ ས་ཡོམ་ དེ་ ནམ་རྐྱབ་ནི་ཨིན་ན་ ག་གིས་ ཡང་ སླབ་མི་ཚུགས་དོ་ཡོདཔ་ ལས་ ག་ར་གིས་ དྲནམ་བཏོན་ ཏེ་ སྡོད་དགོ་ནི་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.