ཉེས་ལས་མར་ཕབ་ཀྱི་དོན་ལུ་ པར་ཆས་ཀེམ་ར་ བཙུགས་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས།

༉ རྒྱལ་ས་ལྟེ་བ་ལུ་ ལོ་བསྟར་ བཞིན་དུ་ བྱ་ངན་འབད་མི་གི་ གྱངས་ཁ་དེ་ ཡར་སེང་འགྱོ་བའི་ ནམ་དུས་ལུ་ ཁྲིམས་སྲུང་འགག་ སྡེ་གིས་ པར་ཆས་སི་སི་ཀེམ་ར་ བཙུགས་ནི་གི་ འཆར་གཞི་ཡོད་ མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ ནི་ཨིན་པས། ཁྲོམ་སྡེ་ཉེན་སྲུང་ལས་འགུལ་དེ་ གིས་ ཁྲོམ་སྡེ་ནང་རྐྱངམ་ཅིག་མ་ ཚད་པར་ ལྷ་ཁང་ཚུ་ནང་ལས་ཕར་ ཡང་ པར་ཆས་ཚུ་ བཙུགས་ནི་གི་ འཆར་གཞི་ཡོད་མི་དེ་གིས་ རྒྱལ་ ཁབ་ནང་གི་ སྐུ་བརྟན་གསུང་ བརྟན་ཚུ་ཡང་ བདག་འཛིན་འབད་ དེ་ བཞག་ནི་ལུ་ ལྷན་ཐབས་ འབད་ཚུགས་ནི་ཨིན་པས། ད་རེས་ཀྱི་བདུན་ཕྲག་ནང་ ཁྲིམས་ སྲུང་འགག་པའི་མདོ་འཛིན་ སྐྱིབས་ཅུ་རྣམ་རྒྱལ་གྱིས་ ཁྲོམ་ སྡེ་ཉེན་སྲུང་ལས་འགུལ་དེ་ མི་ དབང་མཆོག་གི་ དམིགས་ བསལ་དུ་ ཁྲོམ་སྡེ་དང་ མི་སྡེའི་ ནང་ ཉེན་སྲུང་བཟོ་ཐབས་ལུ་ བཀའ་རྒྱ་གནང་མི་ལྟར་དུ་ འགོ་ འདྲེན་འཐབ་དོ་ ཟེར་ཨིན་པས། ལས་འདུག་དེ་ ལས་འགུལ་དེ་ སྤྱི་ལོ་༢༠༡༧ ནང་ མཇུག་བསྡུ་ནི་གི་ འཆར་ གཞི་ཡོདཔ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༤༩.༧༧ དེ་ ཅིག་ གནས་ནི་གི་ ཚོད་རྩིས་ ཡོདཔ་ད་ མདོ་འཛིན་གྱིས་ ལས་ འགུལ་དེ་ཡང་ དབྱེ་ཁག་གཉིས་ ནང་སྦེ་ འགོ་འདྲེན་འཐབ་ནི་ཟེར་ ཨིན་པས། ཐིམ་ཕུ་གི་དོན་ལུ་འབད་བ་ཅིན་ པར་ཆས་ཚུ་ ཐིམ་ཕུ་ཁྲོམ་ནང་ འཛུལ་བའི་སྐབས་ སྒེག་སྲུང་སྒོ་ ར་ནང་ བཙུགས་ནི་ཨིནམ་ད་ དེ་ བཟུམ་སྦེ་ ཐིམ་ཕུ་ལས་ དབང་ འདུས་ཁ་ཐུག་འགྱོ་མི་ཚུ་ ལྟ་ རྟོག་འབད་ནིའི་དོན་ལུ་ སེམས་ རྟོགས་ཁ་ལུ་ཡོད་མི་ སྒེག་སྲུང་ ནང་བཙུགས་ནི་ཨིན་རུང་ ད་ལྟོ་

སྣུམ་འཁོར་གྱི་ཨང་ཚུ་རྐྱངམ་ ཅིག་ གནས་སྡུད་ནང་ འཛུལ་ནི་ ཨིན་པས། ཨིན་རུང་ མ་འོངས་པའི་ནང་ མི་ གི་གདོང་ཚུ་ཡང་ ངོས་འཛིན་ འབད་ཚུགས་པའི་ པར་ཆས་ཚུ་ བཙུགས་ནི་ཨིནམ་ད་ དེ་གིས་ བྱ་ངན་ནང་འབྲེལ་བ་ཡོད་མི་ཚུ་ འཛིན་བཟུང་འབད་དགོཔ་ཐོན་པ་ ཅིན་ ས་གནས་ག་ཏེ་ལུ་ ཡོདཔ་ ཨིན་ན་ཚུ་ ག་ར་ གནས་སྡུད་ནང་ ལས་ ཤེས་ཚུགས་ནི་ཨིན་པས། ལས་འགུལ་དེ་ འགོ་བཙུགས་ནི་ ཕྱིས་ཡོད་རུང་ ལཱ་ཚུ་མགྱོགས་ པར་ འབད་དོ་ཡོདཔ་ད་ འགོ་དང་ པ་ར་ པར་ཆས་ཀེམ་ར་༢༠ དེ་ དངོས་འཛིན་འབད་ཡོད་མི་ བྱ་ ངན་མང་སུ་ཐོན་སའི་ ས་ཁོངས་ ཚུ་ནང་ བཙུགས་ནི་ཨིནམ་ད་ ལྷག་ལུས་༩༨ དེ་ ལས་འགུལ་ ཁག་གཉིས་པའི་ནང་ བཙུགས་ནི་ ཨིན་པས། མ་འོངས་པའི་ནང་ པར་ཆས་ ཚུ་ ས་མཚམས་ཁྲོམ་སྡེ་ཚུ་ནང་ བཙུགས་ནི་ཨིན་རུང་ དེ་གི་དོན་ ལུ་ ཟད་འགྲོ་དེ་ གཞུང་གིས་མེན་ པར་ འབྲེལ་བ་ཡོད་མི་ ལས་སྡེ་ དང་དབང་འཛིན་ དངུལ་འབྲེལ་ གཙུག་སྡེ་ཚུ་གིས་ འབག་དགོ་ ཟེར་ མདོ་འཛིན་གྱིས་ བཤད་ཅི། མདོ་འཛིན་གྱིས་ ཁྲོམ་སྡེ་ནང་ ཉེན་སྲུང་བཟོ་ནིའི་དོན་ལུ་ པར་ ཆས་ཀེམ་ར་༡༡༨ ཀྱིས་ ལང་མི་ ཚུགས་ནི་ཨིནམ་ལས་ མ་འོངས་ པའི་ནང་ ཁྲིམས་སྲུང་འགག་ སྡེ་གིས་ ལྷན་ཁག་དང་ལས་སྡེ་ སྒེར་སྡེ་རང་སོ་གིས་ སྣུམ་འཁོར་

ཨང་གྲངས་ཡོད་མི་ པར་ཆས་ ཚུ་ བཙུགས་ནིའི་དོན་ལུ་ སེམས་ ཤུགས་བསྐྱེད་བཅུག་འོང་ཟེར་ ཨིན་པས། ད་ལྟོའི་གནས་སྟངས་ལྟ་བ་ཅིན་ བྱ་ངན་འབད་མི་མཐོ་ཤོས་ར་ ཐིམ་ཕུ་ཁྲོམ་སྡེ་ནང་ལས་ ཐོན་དོ་ ཡོདཔ་ད་ རང་སྲོག་གཅད་མི་གི་ གྱངས་ཁ་དེ་ ཡར་སེང་འགྱོ་བཞིན་ དུ་ཡོདཔ་ད་ གཞན་ཡང་ ལཱ་ གཡོག་མ་འཐོབ་པའི་དཀའ་ངལ་ དང་ བཟའ་ཚང་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ ཐོན་བཞིན་དུ་ ཡོདཔ་ཨིན་པས། ལས་འགུལ་དེ་གིས་ གྲོང་སྡེ་ནང་ ལས་ཕར་ཡོད་མི་ མཆོད་རྟེན་ཚུ་ ཨར་རྐུན་འབད་མི་ཚུ་ལས་ སྲུང་ ནིའི་དོན་ལུ་ འགྲུལ་འཕྲིན་ཨང་ ༡༠ བཙུགས་བཏུབ་པའི་ འཕྲུལ་ ཆས་སེན་སཱོར་རེ་ བཙུགས་ནི་གི་ འཆར་གཞི་ཚུ་ཡང་ཡོདཔ་ད་ དེ་ གིས་ བྱ་ངན་འབད་མི་ཚུ་གིས་ མཆོད་རྟེན་བསློང་པར་འོངམ་ད་ བློ་སླབ་མི་ཚུ་ཡང་ འགྲུལ་འཕྲིན་ གྱི་ཨང་ཡོད་མི་ མི་ཚུ་གིས་ ཤེས་ ཚུགས་ནི་ཨིནམ་ལས་ དེ་གིས་ སྦེ་ ཨར་རྐུན་འབད་མི་ཚུ་ བཀག་ ཐབས་འབད་ཚུགས་ནི་ཨིན་པས། མདོ་འཛིན་གྱིས་ ལས་འགུལ་གྱི་ དམིགས་གཏད་དེ་ མཆོད་རྟེན་ ༡༠༠༠ དེ་ཅིག་ནང་ བཙུགས་ནི་ གི་ འཆར་གཞི་ཡོདཔ་ད་ དེ་གི་ དོན་ལུ་ ཟད་འགྲོ་དེ་ཡང་ དེ་ཅིག་ མི་གནས་ནི་ཨིནམ་ལས ལྷ་ཁང་ ལ་ལུ་ནང་ སྒེར་གྱིས་བཙུགས་ནི་ ལུ་ ཁ་བཟེད་དེ་ཡོད་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.