ཨམ་སྲུ་ཚུ་གིས་ རག་ཅུང་གི་རིགས་ག་ར་ བཀབ་ཆོག་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉ ནང་སྲིད་ལྷན་ཁག་གིས་ ཟླ་ ངོ་གཉིས་དེ་ཅིག་གི་ཧེ་མ་ལས་ ཨམ་སྲུ་ཚུ་གིས་ ཨ་དག་རག་ ཅུང་རྐྱངམ་ཅིག་ བཀབ་ཆོགཔ་སྦེ་ བཟོ་ཡོད་མི་དེ་ ཆ་མེད་བཏང་ཡོད་ མི་ལུ་ ཨམ་སྲུ་ཚུ་ སེམས་དགའ་ སྟེ་ཡོདཔ་ཨིན་པས། ནང་སྲིད་ལྷན་ཁག་གིས་ ཨམ་སྲུ་ སྤྱིར་བཏང་གིས་ ཨ་དག་རག་ཅུང་ མ་གཏོགས་ རག་ཅུང་གཞན་གྱི་ རིགས་ཚུ་ བཀབ་མ་ཆོག་པའི་ གསལ་བསྒྲགས་འབད་བའི་ཤུལ་ ལས་ རྫོང་ཁག་ལམ་སྲོལ་འགོ་ དཔོན་ཚུ་གིས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས། ཨིན་རུང་ འདས་པའི་བདུན་ཕྲག་ ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གསལ་བསྒྲགས་དེ་ ཆ་མེད་བཏང་ སྟེ་ ཨམ་སྲུ་ཚུ་གིས་ རག་ཅུང་ ག་ཨིནམ་སྦེ་ བཀབ་ཆོགཔ་བཟོ་ ཡོད་མི་དེ་ཡང་ ངོ་མ་ར་ གསལ་ བསྒྲགས་དེ་ལུ་ མི་སྡེ་ལས་ ངོས་ ལེན་མེད་པའི་ཁར་ དམངས་ གཙོའི་རིང་ལུགས་ནང་ དབང་ཆ་ ལུ་ བཀག་འཛིན་འབད་དོ་བཟུམ་ མའི་ ཚོར་སྣང་བྱུང་ནི་དེ་གིས་ཨིན་ པས། གདན་དོན་དེ་ལུ་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ ལྷན་ཁག་ གིས་ གསལ་བསྒྲགས་འབད་ཡོད་ མི་ལུ་ ལྷན་རྒྱས་གཞུང་ཚོགས་ ཀྱིས་ ངོས་ལེན་མེདཔ་ལས་ ཧེ་ མ་བཟུམ་སྦེ་ར་ ཨམ་སྲུ་ཚུ་གིས་ རག་ཅུང་ག་ར་ བཀབ་ཆོགཔ་སྦེ་ བཞག་ཡི་ཟེར་བཤད་ཡོདཔ་ཨིན་ པས། རག་ཅུང་གཞན་ བཀབ་མ་ཆོགཔ་ བཟོ་སྟེ་ བསྟར་སྤྱོད་འབད་ནི་ འགོ་ བཙུགསཔ་ད་ ཨམ་སྲུ་ཚུ་གིས་ ཁོང་རའི་ དལ་དབང་ལུ་ བཀག་ འཛིན་འབད་དོ་ཡོད་པའི་ཁར་ དམངས་གཙོའི་རིང་ལུགས་ནང་ རག་ཅུང་ཅིག་ཡང་ གདམ་ཁའི་ ཐོག་ལས་ བཀབ་ནི་གི་ དབང་ཆ་ མིན་འདུག་ཟེར་བའི་ བསམ་འཆར་ ཚུ་ བཀོད་མི་ལེ་ཤ་ཐོན་ཡོདཔ་ ཨིན་པས། གཞུང་གིས་ ཨ་དག་རག་ཅུང་ མ་ གཏོགས་གཞན་བཀབ་མི་ཆོག་ ཟེར་བའི་ གསལ་བསྒྲགས་འབད་ བའི་ཤུལ་ལུ་ བརྡ་བརྒྱུད་དང་མི་སྡེ་ བརྡ་བརྒྱུད་ ལ་སོགས་པ་ཚུ་ནང་ བསམ་འཆར་སྣ་ཚོགས་བཀོད་མི་ ཐོན་ཡོདཔ་མ་ཚད་ ཨམ་སྲུ་ལ་ལུ་ གིས་ རྫོང་ཁག་སྲོལ་འཛིན་འགོ་ དཔོན་ཚུ་ལུ་ ཁ་ཡང་བཏང་ཡོདཔ་ ཨིན་པས། ཨ་དག་རག་ཅུང་རྐྱངམ་ཅིག་ བཀབ་ཆོག་པའི་ གསལ་ བསྒྲགས་དེ་ཡང་ གསལ་བསྒྲགས་ མ་འབད་བའི་ ཟླཝ་དག་པ་ཅིག་ གི་ཧེ་མར་ རྫོང་ཁག་སྲོལ་འཛིན་ འགོ་དཔོན་ཚུ་གི་བར་ན་ ཞལ་ འཛོམས་འཚོགས་པའི་སྐབས་ ནང་སྲིད་བློན་པོ་གིས་ ད་རེས་ ནངས་པར་ ཨམ་སྲུ་ཚུ་གིས་ མེ་ ཏོག་ཅན་གྱི་ རག་ཅུང་གི་རིགས་ ཚུ་ བཀབ་མི་ཡོངས་གྲགས་ཐལ་ དོ་ཡོདཔ་ལས་ སྤྱིར་བཏང་ཨམ་ སྲུ་ཚུ་གིས་ སྤྱིར་བཏང་རག་ཅུང་ གི་རིགས་ཚུ་ བཀབ་ནི་ལུ་ དང་ འདོད་བསྐྱེད་བཅུག་དགོཔ་སྦེ་ སླབ་པའི་ཤུལ་ལས་ ཐོན་ཡོདཔ་ ཨིན་པས། གསལ་བསྒྲགས་དེ་གི་སྐོར་ལས་ ཨམ་སྲུ་ལ་ལུ་གིས་ ཤེས་ར་མ་ ཤེསཔ་ལས་ རྫོང་ནང་འགྱོ་བའི་ སྐབས་ ནང་ན་འཛུལ་མ་བཅུག་ པར་ ལོག་འགྱོ་དགོཔ་ཡང་ ཐོན་ ཡོདཔ་ལས་ བྱ་སྟབས་མ་བདེཝ་ ཡང་ བྱུང་ཡོདཔ་ཨིན་པས། ནང་སྲིད་ལྷན་ཁག་གི་ གསལ་ བསྒྲགས་དང་འཁྲིལ་བ་ཅིན་ ད་ ཚུན་ རག་ཅུང་ལྟ་རྟོག་འབད་མི་ མེདཔ་ལས་ དུམ་གྲ་ཅིག་ འཐུས་ ཤོར་བྱུང་ཡོདཔ་ཨིན་རུང་ ད་ལས་ ཕར་ རྫོང་བདག་དང་ སྲོལ་འཛིན་ འགོ་དཔོན་ཚུ་གིས་ འགན་ཁུར་ ཧྲིལ་བུམ་ འབག་ཐོག་ལས་ ཨམ་སྲུ་སྤྱིར་བཏང་གིས་ ཨ་དག་ རག་ཅུང་དེ་ར་ ལག་ལེན་འཐབ་ བཅུག་དགོ་ཟེར་ བཀོད་ཡོདཔ་ ཨིན་པས། ཨ་དག་རག་ཅུང་གི་ལམ་ལུགས་ དེ་ཡང་ ཨམ་སྲུ་དང་སློབ་ཕྲུག་ ཚུ་གིས་ ག་ཏེ་འགྱོ་རུང་ མེ་ཏོག་ འཐུ་ཡོད་པའི་རིགས་ཚུ་ བཀབ་ མི་དེ་ ཡོངས་གྲགས་ཐལ་ཡོདཔ་ ལས་ བཀག་ཆ་འབད་ནིའི་དོན་ ལུ་ འབད་ཡོདཔ་ཨིན་རུང་ ཆ་མེད་ བཏང་ཡོད་པའི་སྐོར་ལས་ གསལ་ བསྒྲགས་འབད་བའི་ཤུལ་ལས་ ཨམ་སྲུ་ཚུ་ སེམས་དགའ་སྟེ་ ཡོདཔ་ཨིན་པས། ཞི་གཡོགཔ་ཨིན་མི་ བསྟན་ འཛིན་ཆོས་སྒྲོན་གྱིས་ གནད་དོན་ དེ་ ལྷན་ཁག་གིས་ འགོ་དང་ པ་ གསལ་བསྒྲགས་མ་འབདཝ་ ལས་ འབྲེལ་བ་ཡོད་་པའི་ ལས་ སྡེ་དང་ལས་ཁུངས་ཚུ་དང་གཅིག་ ཁར་ གྲོས་བསྟུན་འབད་བ་ཅིན་ ཆ་ མེད་བཏང་དགོཔ་ཡང་ མི་ཐོན་ཟེར་ ཨིན་པས། མོ་གིས་ ལྷན་ཁག་གིས་ རག་ ཅུང་བཀབ་ནི་གི་གནད་དོན་ལུ་ དེ་ བཟུམ་མའི་ སྒྲིག་གཞི་བཟོ་མི་དེ་ དོན་ཆུང་བའི་ལཱ་ནང་ སྤྲོ་བ་བསྐྱེད་ དོ་བཟུམ་ཅིག་ཡང་ མཐོང་མས་ ཟེར་ བཤད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.