དྲང་དཔོན་བགྲེསཔ་ཚུ་གིས་ རྒྱབ་མི་འབད་ཆོག་ནི།

Bhutan Times - - འབྲུག་གི་དུས་ཚོད། -

འབྲི་མི:བསོད་ནམས། དེ་ཡང་ ཧེ་མ་དྲང་དཔོན་ཚུ་གིས་ ཕྱག་ཞུ་ཡོད་མི་ ཁྲིམས་འདུན་ ལས་མཐོ་བའི་ ཁྲིམས་ཁང་ཚུ་ ནང་རྐྱངམ་ཅིག་ འབད་ཆོག་ནི། ༉ ཁ་ཙ་ སྤྱི་ཚོགས་ལྷན་ བཞུགས་ཀྱི་ཐོག་ལས་ སྤྱི་ལོ་ ༢༠༡༤ ཅན་མའི་ རྒྱབ་མི་གི་ འཕྲི་སྣོན་དཔྱད་ཡིག་ ཆ་འཇོག་ འབད་མི་དེ་གིས་ ད་ལས་ཕར་ དྲང་དཔོན་བགྲེསཔ་ཚུ་གིས་ རྒྱབ་ མི་སྦེ་ ལཱ་འབད་ཆོག་ནི་ཨིན་ པས། དྲང་དཔོན་བགྲེསཔ་ཟེར་བའི་ སྐབས་ གནས་ཡུན་མ་ཚང་པར་ གཡོག་ནང་ལས་ དགོངས་ཞུ་ འབད་མི་དང་ གནས་ཡུན་ཚང་ སྟེ་ དགོངས་ཞུ་འབད་མི་ཚུ་ ཨིནམ་ལས་ ཡིག་ཚང་ནང་ལས་ བཏོན་བཏང་མི་ཚུ་ དྲང་དཔོན་ བགྲེསཔ་ཚུ་ མི་ཚུད་ནི་ཨིན་པས། དེ་ཡང་ དྲང་དཔོན་ཚུ་གིས་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཁོང་རང་གིས་ དབུ་ཁྲིད་འབད་ ཡོད་པའི་ ཁྲིམས་འདུན་ལས་ མཐོ་བའི་ ཁྲིམས་འདུན་ཅིག་ ལུ་མ་གཏོགས་ དེའི་འོག་གི་ ཁྲིམས་འདུན་ཚུ་ནང་ རྒྱབ་མི་སྦེ་ འབད་མི་ཆོག་ནི་ཨིན་པས། སྤྱི་ཚོགས་ཀྱིས་འཐུས་མི་ ཚུ་གིས་ དཔྱད་ཡིག་དེ་ལུ་ གསུངས་གྲོས་གནང་པའི་སྐབས་ ཚད་གཞི་དེ་སྦེ་ བཟོ་མི་དེ་ཡང་ ངོ་མ་ར་ ཁེ་ཕན་ལྟག་སྤྲོད་དང་ འབྲེལ་བའི་ བྱ་ངན་ལས་བཀག་ ཐབས་ཀྱི་ ཐབས་ཤེས་ཨིན་མི་དེ་ ཡང་ དཔེར་ན་ ཧེ་མ་ རྫོང་ཁག་ ཁྲིམས་འདུན་ལུ་ ལཱ་འབད་མི་ དྲང་དཔོན་ཅིག་གིས་ དྲུང་ཁག་ ཁྲིམས་འདུན་ནང་ རྒྱབ་མི་འབད་ བའི་སྐབས་ ཁོ་རའི་འོག་ལས་ ལཱ་འབད་མི་ཅིག་ དྲང་དཔོན་སྦེ་ ཡོད་པ་ཅིན་ དྲང་ཁྲིམས་ཁྱི་ཐོག་ ལས་ ཕྱེ་མ་ཚུགས་པའི་ དཀའ་ ངལ་ཐོན་འོང་སྲིད་ནི་ཨིན་པས། རྒྱབ་མིའི་བཅའ་ཁྲིམས་༢༠༠༣ ཅན་མ་ནང་འབད་བ་ཅིན་ དྲང་ དཔོན་བགྲེསཔ་ཚུ་གིས་ རྒྱབ་ མི་སྦེ་ རྩ་ལས་ར་ བཅའ་མར་ གཏོགས་མི་ཆོག་ཟེར་ ཡོད་མི་ དེ་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ ཡོངས་ཚོགས་འདུ་གིས་ འཕྲི་ སྣོན་དཔྱད་ཡིག་སྦེ་ ཚོགས་ཁང་ ནང་ བཙུགས་པའི་ཤུལ་ལས་ དྲང་དཔོན་བགྲེསཔ་ཚུ་གིས་ ཁོང་ རའི་དབུ་ཁྲིད་འབད་ཡོད་པའི་ ཁྲིམས་འདུན་ལས་མཐོ་བའི་ ཁྲིམས་འདུན་ནང་མ་གཏོགས་ དེའི་འོག་གི་ཁྲིམས་འདུན་ན་ བཅའ་མར་གཏོགས་མ་ཆོགཔ་ སྦེ་ བཟོ་ཡོདཔ་ཨིན་པས། ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ སྐབས་ ཧེ་མ་ ཚོགས་ཁང་༢ ཀྱི་ བར་ན་ དོན་ཚན་༢༣ གྱི་ཐོག་ ལུ་ གྲོས་འཆམ་མ་ཚུགས་པ་ ལུས་མི་དེ་ མཉམ་འབྲེལ་ཚོགས་ ཆུང་གིས་ བསྐྱར་ཞིབ་གནང་སྟེ་ ཚོགས་ཁང་ནང་ གྲོས་འདེབས་ སྦེ་ ཕུལ་བའི་སྐབས་ དོན་ཚན་ ཚུ་ལུ་ གྲོས་འཆམ་བྱུང་ནི་དེ་གིས་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་ཅི། ཁ་ཙ་ འཕྲི་སྣོན་དཔྱད་ཡིག་ ཆ་ འཇོག་འབད་མི་དང་འབྲེལ་ ད་ ལས་ཕར་ རྒྱབ་མི་ཚོགས་སྡེ་ ཟེར་མི་ ཁྲིམས་འབྲེལ་གྱི་ ཡིག་ ཚང་ཅིག་ཡང་ གཞི་བཙུགས་ འབད་ནི་ཨིནམ་ད་ དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ཡོད་ མི་ སྒེར་གྱི་ རྒྱབ་མི་ཟེར་ སྒེར་ གྱི་ཐོག་ལས་ ཁྲིམས་འབྲེལ་གྱི་ ལཱ་འབད་མི་ཚུ་ ལྟ་རྟོག་འབད་ནི་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.