འོང་འབབ་ཁྲལ་གྱི་བསྐྱར་བཟོ་ ཆ་འཇོག་འབད་བ་ཅིན་ འོང་ འབབ་ཆུང་བ་ཚུ་ལུ་ ཁེ་ཕན་ཐོབ་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས།

༉ རང་སོའི་འོང་འབབ་ཁྲལ་ དངུལ་ཀྲམ་འབུམ་༡ ལས་ འབུམ་༢ ལུ་ བསྐྱར་ཞིབ་འབད་ ནི་གི་ གྲོས་འཆར་འབད་ཡོད་མི་ དེ་ ཆ་འཇོག་འབད་བ་ཅིན་ གཞུང་ ལུ་ ལོ་བསྟར་བཞིན་དུ་ དངུལ་ ཀྲམ་ས་ཡ་༤༨༤ དེ་ཅིག་ མར་ ཕབ་འགྱོ་ནི་ཨིན་རུང་ གཞན་ ཐབས་ཤེས་ཀྱི་ཐོག་ལས་ འགབ་ ནི་གི་ འཆར་གཞི་ཚུ་ཡོདཔ་ཨིན་ པས། ཨིན་རུང་ གཞུང་ལུ་ བསྐྱར་ཞིབ་ དེ་གིས་ དངུལ་ཀྲམ་ས་ཡ་༣༥༥ དེ་ཅིག་ མར་ཕབ་སྦེ་ར་ ལུས་ནི་ ཨིན་མི་དེ་ཡང་ ས་གཏེར་དང་ གཞན་ལས་སྡེ་ཚུ་ནང་ལས་ སྤྱོད་ འཐུས་ཚུ་ ཡར་སེང་འབད་ནི་གི་ འཆར་གཞི་ཡོད་མི་དེ་གིས་ཡང་ ཁྲལ་བསྐྱར་ཞིབ་ལུ་བརྟེན་ མར་ ཕབ་འགྱོ་མི་ དངུལ་དེ་ ཐོབ་མི་ ཚུགས་ནི་ཨིན་པས། བློན་ཆེན་ཚེ་རིང་སྟོབས་རྒྱས་ ཀྱིས་ གསུངས་དོ་བཟུམ་འབད་ བ་ཅིན་ ཁྲལ་བསྐྱར་བཟོ་མ་ འབད་བར་ ལོ་ངོ་༡༥ དེ་ཅིག་ སོང་ཡོདཔ་ལས་ གྲོས་འཆར་ དེ་གིས་ འོང་འབབ་ཆུང་བ་ དང་ བར་མའི་ནང་ཡོད་མི་ མི་ ༤༦,༡༠༥ དེ་ཅིག་གིས་ ཁྲལ་ བཏབ་མི་དགོ་ཟེར་ གསུངས་ ཡོདཔ་ཨིན་པས། དངུལ་རྩིས་བློན་པོ་རྣམ་རྒྱལ་ རྡོ་རྗེ་གིས་ ཏི་རུ་གི་ནུས་ཤུགས་ ལུ་ ཁྱད་པར་ཞུགས་ནི་དེ་གིས་ བསྐྱར་ཞིབ་འབད་ནི་དེ་ གལ་ ཆེཝ་སྦེ་ མཐོང་ཡི་ཟེར་ བཤད་ ཡོདཔ་ད་ ད་ལྟོ་ཡོད་མི་ ཚད་ གཞི་དེ་གིས་ འོང་འབབ་ཆུང་བ་ དང་བར་མའི་ནང་ཡོད་མི་ཚུ་ལུ་ ཁེ་ཕན་ཐོབ་སྟེ་ མིན་འདུག་ཟེར་ ཨིན་པས། བསྐྱར་ཞིབ་དེ་གིས་ ནང་འཁོད་ འོང་འབབ་ལུ་ ཐོ་ཕོགས་ཏེ་ འབད་རུང་ རྩ་ཁྲིམས་ཀྱི་དོན་ ཚན་དང་འཁྲིལ་ འོང་འབབ་དེ་ ནང་འཁོད་ལས་ར་ ཐོན་དགོ་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ ཡོདཔ་ཨིན་པས། རྩིས་ལོ་ སྤྱི་ལོ་༢༠༡༣ ལས་ ༢༠༡༤ ལས་ རྩིས་ལོ་༢༠༡༤ ལས་༢༠༡༥ ནང་ ནང་འཁོད་ འོང་འབབ་དེ་ དངུལ་ཀྲམ་ཐེར་ འབུམ་༤༢.༡ འབད་ཡོད་ས་ ལས་ གཞུང་གིས་ ལོ་གཉིས་ཀྱི་ ནང་འཁོད་ལུ་ འོང་འབབ་དངུལ་ ཀྲམ་ཐེར་འབུམ་༤༤.༩ བཟོ་ ཚུགས་ཡོད་ཟེར་ བློན་ཆེན་གྱིས་ ནང་འཁོད་འོང་འབབ་དེ་ ཡར་ སེང་འགྱོ་སྟེ་ཡོད་ཟེར་ཨིན་པས། བློན་ཆེན་གྱིས་ ལོ་ལྔའི་འཆར་ གཞི་༡༡པའི་ནང་གློག་མེ་མེན་ པའི་བུ་ལོན་དངུལ་ཀྲམ་ཐེར་ འབུམ་༤༠.༩ ཡོད་མི་དེ་ད་ལྟོ་ ཐེར་འབུམ་༣༤གུ་ཕབ་སྟེ་ཡོད་ ཟེར་ཨིན་པས། དེ་མ་ཚད་ བློན་ཆེན་གྱིས་ཤེས་ རིག་གི་འཐུས་དེ་ཡང་ད་ལས་ཕར་ གསུམ་ལྟབ་ཀྱིས་མར་ཕབ་འབད་ དེ་དངུལ་ཀྲམ་༡༥༠,༠༠༠ གུ་ ལྷོད་འོང་ཟེར་ཨིན་མི་དེ་ཡང་ཤེས་ རིག་གི་དོན་ལུ་ཟད་འགྲོ་ཡར་ སེང་ འགྱོ་མི་ལུ་བརྟེན་ཨིན་ཟེར་ ཨིན་པས། དངུལ་རྩིས་བློན་པོ་གིས་ བཤད་ དོ་བཟུམ་འབད་བ་ཅིན་ ལུང་ ཕྱོགས་རྒྱལ་ཁབ་གཞན་ཚུ་དང་ ཕྱདཔ་ད་ འབྲུག་རྒྱལ་ཁབ་ནང་ འོང་འབབ་ཁྲལ་གྱི་ཚད་གཞི་ དེ་ ཉུང་ཤོས་ཅིག་ཨིན་པས་ཟེར་ ཨིན་པས། ས་གཏེར་ལས་སྡེ་དང་ གན་ཤོག་ ཚོང་འབྲེལ་ དངུལ་ཁང་ལྟེ་བའི་ བགོ་བཤའ་དང་ དར་དཀར་ཆུ་ གློ་མེ་ལས་འགུལ་ཚུ་གི་ སྤྱོད་ འཐུས་སེང་ནི་གི་ གྲོས་འཆར་ ཡོད་མི་དེ་གིས་ ལོ་བསྟར་བཞིན་ དུ་ དངུལ་ཀྲམ་ས་ཡ་༡༢༩ གིས་ ལྷན་ཐབས་འབད་ནི་གི་ རེ་བ་ ཡོད་ཟེར་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.