ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ ག་ལྷོད་སར་ ལྟོ་འབད་ཟ་ནི་ དེ་གིས་ ས་ཁོངས་ཚུ་ ཁམས་ལོག་སི་སི་ བཟོ་དོ་ཡོདཔ།

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ བུམ་ཐང་རྫོང་ཁག་གི་ ཆུ་སྨད་ ཨུ་ར་གི་འཐུས་མི་ ཚེ་དབང་ འགྱུར་མེད་ཀྱིས་ འདས་པའི་རེས་ གཟའ་སྤེན་པ་གི་ རྒྱལ་ཡོངས་ ཚོགས་འདུའི་ དྲི་བཀོད་ལས་ རིམ་ནང་ བསྟན་རྒྱས་བློན་པོ་ ལུ་ ལུང་ཕྱོགས་ལྟ་བཤལཔ་འོང་ མི་དང་ དེ་དང་བསྟུན་པའི་ ལྟ་ བཤལ་དང་འབྲེལ་བའི་ ལམ་ ལུགས་ཚུ་ག་དེ་སྦེ་ར་ ཡོད་ག་ ཟེར་དྲི་བ་བཀོད་ཡོདཔ་ཨིན་པས། འཐུས་མི་གིས་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ འོངམ་ད་ འཐུས་ཚུ་ག་ནི་ཡང་ སྤྲོད་མ་དགོ་པའི་ཁར་ ལམ་སྟོན་ པ་ཡང་མེད་པར་ སྣུམ་འཁོར་ཡང་ ཁོང་ར་གི་བདའ་འོང་སྟེ་ ག་ཏེ་ ལྷོད་ས་ ཁོང་ར་གིས་ལྟོ་བཟོ་ཟ་ སྟེ་ ས་ཁོངས་ཚུ་ ཁམས་ལོག་ སི་སི་སྦེ་ར་ བཞག་ནི་འདུག་ཟེར་ ཞུ་ཡི། དྲི་བ་དེ་གི་ལན་ལུ་ བསྟན་རྒྱས་ བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སྤྱི་ ལོ་༢༠༡༡ ལས་འགོ་བཙུགས་ ལུང་ཕྱོགས་ལྟ་བཤལཔ་འོང་ མི་དང་ གཞན་ལྟ་བཤལཔ་གི་ གྱངས་ཁ་དེ་ ཡར་སེང་འགྱོ་ བཞིན་དུ་ཡོད་ཟེར་ཨིནམ་ད་ བློན་པོ་གིས་ གཞུང་གིས་ ལྟ་ བཤལཔ་ཉུང་སུ་ སྤུས་ཚད་མཐོ་ དྲག་སྦེ་ བྱིན་ནི་གི་ སྲིད་བྱུས་ དེ་ འདས་པའི་ལོ་ལེ་ཤ་ཅིག་གི་ རིང་ ལག་ལེན་འཐབ་བཞིན་དུ་ ཡོདཔ་ལས་ གསརཔ་ཅིག་མེན་ ཟེར་བཤད་ཅི། བློན་པོ་གིས་ ལྟ་བཤལ་གྱི་སྲིད་ བྱུས་ཡོད་དེ་འབད་རུང་ དེ་གིས་ ལུང་ཕྱོགས་ཀྱི་ལྟ་བཤལཔ་ཚུ་ གི་དོན་ལུ་ ལག་ལེན་འཐབ་མི་ བཏུབ་ཟེར་ཨིནམ་ད་ བློན་པོ་ གིས་འབད་བ་ཅིན་ གོང་འཕེལ་ གྱི་འགྱུར་བ་ལུ་བརྟེན་ དཀའ་ ངལ་ཡོདཔ་བཟུམ་མཐོང་སྟེ་ ལུང་ཕྱོགས་ལྟ་བཤལ་འཛིན་སྐྱོང་ གི་ ཐབས་བྱུས་བརྩམ་ནུག་ཟེར་ ཨིན་པས། ཐབས་བྱུས་དེ་ཡང་ ཁྲིམས་སྲུང་ འགག་སྡེ་དང་ རྒྱ་གར་ཀོལ་ཀ་ ཊ་ལུ་ཡོད་མི་ གཞུང་ཚབ་ དེ་ ལས་ ལམ་འགྲུལ་ཉེན་སྲུང་ དང་སྐྱེལ་འདྲེན་དབང་འཛིན་དང་ གཅིག་ཁར་ གྲོས་བསྟུན་འབད་ དེ་ བཟོ་ནུག་ཟེར་ཨིན་པས། ལུང་ཕྱོགས་ལྟ་བཤལཔ་ཚུ་ གིས་ འཁོར་ལམ་དང་གནམ་གྲུ་ གཉིས་ཆ་ར་ལས་ འོང་ཆོག་པའི་ ཁར་ འགྲུལ་སྐྱོད་ཆོག་ཐམ་ཚུ་ ཡང་ མི་དགོ་དོ་ཡོདཔ་ད་ དེ་གི་ དོན་ལུ་ འབྲུག་ལྟ་བཤལ་ཚོགས་ སྡེ་གིས་ ཡོངས་འབྲེལ་གྱི་ཐོག་ ལས་ ལཱ་འབད་ནི་གི་ ཞབས་ ཏོག་འགོ་བཙུགས་ཡོད་མི་དེ་ ད་ ལྟོ་ཡང་ ཞིབ་དཔྱད་འབད་བའི་ བསྒང་ ཡོདཔ་ཨིན་པས། ལུང་ཕྱོགས་ཀྱི་ལྟ་བཤལཔ་ཚུ་ གིས་ ཉིན་བསྟར་གྱི་འཐུས་ ཡུ་ ཨེས་ཌོ་ལར་༢༥༠ འབད་མི་ དེ་ བཏབ་མ་དགོ་པའི་ཁར་ ཁྱད་ ཚད་ལྡན་པའི་ བཟའ་ཁང་སྦོམ་ཚུ་ ནང་ཡང་ སྡོད་མ་དགོ་ནི་དེ་གིས་ ལུང་ཕྱོགས་ཀྱི་དོན་ལུ་ སྲིད་བྱུས་ བརྩམ་ཡོདཔ་ཨིན་པས། བློན་པོ་གིས་ ལུང་ཕྱོགས་ལྟ་ བཤལཔ་ཚུ་གི་དོན་ལུ་ ཕྱི་མི་ ནང་སྐྱོད་ལས་ཁུངས་དང་ གཞན་ འབྲེལ་བ་ཡོད་པའི་ དབང་འཛིན་ ཚུ་གིས་ ལྟ་རྟོག་འབད་ནི་གི་ འགན་ཁུར་ལེ་ཤ་ཡོད་ཟེར་ཨིནམ་ ད་ མ་འོངས་པའི་ནང་ ལྟ་བཤལ་ གྱི་དོན་ལུ་ ཡོངས་འབྲེལ་ཐོག་ ལས་ ལཱ་ཚུ་འབད་ནི་ཨིནམ་ལས་ དེ་ཚུ་ཡང་ ཁྲིམས་སྲུང་འགག་ སྡེ་གིས་ ལྟ་རྟོག་འབད་འོང་ཟེར་ བློན་པོ་གིས་ བཤད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.