ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་གིས་ སྦུང་གི་ལཱ་འབད་ ནིའི་ནང་ གོ་སྐབས་མི་ལེན་དོ་ཡོདཔ།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ གནས་སྟངས་ ཡར་དྲགས་སོང་ མི་དང་འབྲེལ་ གཞུང་གིས་ ཕྱི་ རྒྱལ་ཁབ་ནང་ལས་ཕར་ ན་གཞོན་ ༣༠༠༠༠ དེ་ཅིག་ ལཱ་འབད་བར་ བཏང་ནི་གི་ འཆར་གཞི་ཡོད་མི་ དེ་ མར་ཕབ་འབད་ཡོདཔ་ཨིན་རུང་ ན་གཞོན་ཚུ་གིས་ སྦུང་གི་ཐོག་ ལས་ ལཱ་འབད་དགོ་ས་ནང་ ད་ལྟོ་ ཡང་ དང་འདོད་བསྐྱེད་མི་ མི་ཐོན་ དོ་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ལས་ གཡོག་བློན་པོ་ ཉི་མ་སངས་རྒྱས་ ཆེན་པོ་ལུ་ དྲི་བཀོད་ཀྱི་ ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ བློན་ པོ་གིས་ བཤད་ཡོདཔ་ཨིན་པས། དྲི་བཀོད་ཀྱི་སྐབས་ལུ་ ལས་ གཡོག་བློན་པོ་ལུ་ གསར་སྤང་གི་ འཐུས་མི་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་འཐོབ་ས་ངོ་མ་ཅིག་ སྒེར་སྡེ་ནང་ཨིནམ་ལས་ དེ་ནང་ དང་འདོད་བསྐྱེད་མི་ མང་སུ་ཐོན་ ནིའི་དོན་ལུ་ ཉེན་བཅོལ་གྱི་ཐོབ་ ལམ་དང་ གཞན་ཉེན་སྲུང་ཚུ་ ག་ དེ་སྦེ་ར་ ཡོདཔ་ཨིན་ན་ཟེར་དྲི་བ་ ཞུ་ཡི། དེའི་ལན་ལུ་ བློན་པོ་གིས་ ཧེ་མ་ བཟུམ་སྦེ་ར་ ན་གཞོན་ཚུ་གིས་ ལཱ་ མང་ཤོས་ར་ ཡིག་ཚང་ནང་ ལཱ་ འབད་ནིའི་དོན་ལུ་ར་ དང་འདོད་ བསྐྱེད་སྡོད་དོ་ཡོདཔ་ལས་ སྦུང་གི་ ཐོག་ལས་ ལཱ་འབད་དགོ་པའི་ ལཱ་ གཡོག་ཚུ་ནང་ སྤྲོ་བ་དེ་ཅིག་ མི་ བསྐྱེད་པས་ཟེར་ཨིན་པས། ཨིན་རུང་ གཞུང་གིས་ དཀའ་ ངལ་དེ་སེལ་ཐབས་ལུ་ སྦྱོང་བརྡར་ བྱིན་ནི་གི་ ལས་རིམ་ཚུ་ འགོ་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དེ་མ་ཚད་ ལྷན་ཁག་གིས་ ལཱ་ གཡོག་བྱིན་མི་དང་ལཱ་འབད་མི་ གཉིས་ཆ་ར་ལུ་ ལཱ་གི་ཉེན་སྲུང་ དང་འཐོབ་ལམ་ཚུ་གི་སྐོར་ལས་ གོ་བརྡ་ཚུ་ སྤྲོད་བཞིན་དུ་ཡོད་ཟེར་ ཨིནམ་ད་ ལྷན་ཁག་གིས་ ལཱ་ གཡོག་བྱིན་མི་༤༡ ལུ་ ཉེས་བྱ་ཚུ་ ཡང་ བཀལ་ཡི་ཟེར་ཨིན་པས། ན་གཞོན་ཚུ་གིས་ ལཱ་འབད་ སའི་ནང་ ཉེན་སྲུང་བྱིན་ནིའི་དོན་ ལུ་ ལྷན་ཁག་གིས་ སྒྲིག་གཞི་ ཚུ་ བཟོ་སྟེ་ཡོདཔ་ཨིན་རུང་ ལཱ་ འབད་བའི་སྐབས་ ཉེན་སྲུང་གི་ཅ་ ཆས་ཚུ་གིས་ སྟབས་མི་བདེ་བས་ ཟེར་ ལག་ལེན་འཐབ་མི་བཏུབ་དོ་ ཡོདཔ་ཨིན་པས། ཀྲོང་གསར་གྱི་འཐུས་མི་ མཐར་ འཕྱིན་གྱིས་ གཞུང་གིས་ འདས་ པའི་འཆར་གཞི་ནང་ ན་གཞོན་ ༣༠,༠༠༠ དེ་ཅིག་ལུ་ ཕྱི་རྒྱལ་ ཁབ་ནང་ ལཱ་གཡོག་བྱིན་ནི་གི་ འཆར་གཞི་ཡོད་མི་དེ་ མར་ཕབ་ འབད་ཡོད་པའི་ ལོ་རྒྱུས་གོ་ཡོད་ ཟེར་ ཞུ་མི་ལུ་ བློན་པོ་གིས་ དེ་ བསྒང་ རྒྱལ་ཁབ་ཀྱི་ དཔལ་ འབྱོར་གྱི་གནས་སྟངས་དེ་ ལེགས་ ཤོམ་མེདཔ་ཨིན་རུང་ ད་ལྟོ་ གནས་སྟངས་དེ་ ཡར་དྲག་སོང་ ཡོདཔ་ལས་ ན་གཞོན་༢༠,༠༠༠ དེ་ཅིག་ལུ་ རྒྱལ་ཁབ་ནང་འཁོད་ ལས་ར་ ལཱ་གཡོག་བྱིན་ཚུགས་ནི་ གི་ གནས་སྟངས་གུ་འགྱུར་ཡོདཔ་ ལས་ ཚད་གཞི་དེ་ མར་ཕབ་འབད་ ཡི་ཟེར་ བློན་པོ་གིས་ཞུ་ཡི། དྲི་བཀོད་ཀྱི་སྐབས་ལུ་ ལས་ གཡོག་ལྷན་ཁག་གིས་ སློབ་ དཔོན་ཚུ་གི་དོན་ལུ་ཡང་ རིག་ རྩལ་གྱི་ཆོས་རྒྱུགས་ལེན་ནི་གི་ ལམ་ལུགས་གཞི་བཙུགས་འབད་ ནི་གི་ འཆར་གཞི་ཡོདཔ་ལས་ དེ་གིས་ འབྲུག་པའི་སློབ་དཔོན་ སློབ་སྦྱོང་མཐར་འཁྱོལ་མི་ཚུ་གིས་ རྒྱལ་སྤྱི་གནས་ཚད་ནང་ཡང་ བཅའ་མར་གཏོགས་ཚུགས་ནི་གི་ འོས་འབབ་ཡོདཔ་ཨིན་པས། དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་ གི་ དྲི་བཀོད་ཀྱི་ལས་རིམ་ནང་ ཚོགས་སྡེ་གི་ཁྱད་ལྡན་གྱི་འཐུས་ མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་ གིས་ རྒྱལ་ཁབ་ནང་ ལོ་བསྟར་ བཞིན་དུ་ སློབ་དཔོན་གྱི་སྦྱོང་ བརྡར་མཐར་འཁྱོལ་མི་ཚུ་ ལེ་ཤ་ སྦེ་ ཐོན་དོ་ཡོད་རུང་ གཞུང་གིས་ ཚད་ཅིག་ལས་བརྒལ་ མི་ལེན་དོ་ ཡོདཔ་ལས་ ཕྱི་རྒྱལ་ཁབ་ཚུ་ནང་ ལས་ཕར་ཡང་ གོ་སྐབས་བཟོ་ ནིའི་དོན་ལུ་ གཞུང་གིས་ ག་ཅི་ར་ འཆར་གཞི་ཡོདཔ་ཨིན་ན་ཟེར་ དྲི་ བའི་ལན་ལུ་ བཤད་ཡོདཔ་ཨིན་ པས། ཁྱད་ལྡན་གྱི་འཐུས་མི་གིས་ ན་ ཧིང་གི་ལོ་ནང་ བསམ་རྩེ་དང་སྤ་ རོ་སློབ་སྦྱོང་སྤེལ་ཁང་གཉིས་ལས་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་ མི་༤༡༧ དེ་ཅིག་ ཐོན་ཡོདཔ་ཨིན་ རུང་༡༨༢ དེ་ཅིག་ལུ་རྐྱངམ་ཅིག་ ལཱ་གཡོག་བྱིན་མ་ཚུགས་པར་ ཡོདཔ་ལས་ ལྷག་ལུས་ཚུ་ ལོ་༢ ཀྱི་དོན་ལུ་ ཁག་འབག་གི་ཐོག་ ལས་ བཙུགས་ཡོདཔ་ལས་ དེ་ ཚུ་གི་གནས་ཡུན་ཚངམ་ད་ ད་རུང་ གཡོག་འཚོལ་དགོ་ནི་དེ་གིས་ རྒྱ་ གར་མ་རྩིས་བར་ གཞན་རྒྱལ་ ཁབ་ཚུ་ནང་ གཡོག་གི་གོ་སྐབས་ བཟོ་ནིའི་དོན་ལུ་ གྲ་སྒྲིག་ཚུ་ ག་ དེ་སྦེ་ར་ འབད་དེ་ཡོད་ག་ཟེར་ དྲི་ བ་བཀོད་ཡི། དེ་གི་ལན་ལུ་ ལས་གཡོག་བློན་ པོ་གིས་ རྒྱལ་སྤྱི་གི་ ཨིང་སྐད་ གནས་ཚད་ཀྱི་དོན་ལུ་ ཆོས་ རྒྱུགས་རྐྱབ་སྲོལ་དོ་བཟུམ་སྦེ་ ཆོས་རྒྱུགས་ལེན་སྲོལ་ཡོད་དོ་ བཟུམ་སྦེ་ གཞུང་གིས་ སློབ་ དཔོན་སློབ་སྦྱོང་མཐར་འཁྱོལ་ མི་ཚུ་གིས་ རྒྱལ་སྤྱི་གི་ནང་ ལཱ་ གཡོག་འཚོལ་ཚུགས་ནིའི་དོན་ ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ ནང་སྦེ་ ཆོས་རྒྱུགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི་གི་ འཆར་ གཞི་ཚུ་ཡང་ ཡོདཔ་ལས་ མ་ འོངས་པའི་ནང་ གོ་སྐབས་ཚུ་ འཐོབ་ཚུགས་དོ་འོང་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.