མཉམ་འབྲེལ་ཚོགས་ཆུང་གིས་ ཡུ་རོ་པི་ཡཱན་ ཡུ་ནི་ཡཱན་ མ་ རྩ་གཞི་བཙུགས་ཀྱི་གན་ཡིག་ ཕར་འཕུད་རྐྱབ་ཡོདཔ།

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ ཡུ་རོ་པི་ཡཱན་ ཡུ་ནི་ཡཱན་ མ་ རྩ་གཞི་བཙུགས་དངུལ་ཁང་དང་ གཅིག་ཁར་ གན་ཡིག་བཟོ་མི་དེ་ གིས་ གཞུང་གིས་ སྐྱིན་འགྲུལ་ ལེན་ནི་གི་ གོ་སྐབས་ཡོདཔ་ ཨིན་རུང་ རྒྱལ་ཚོགས་སྡེ་གིས་ གན་ཡིག་དེ་ལུ་ ཚ་གྱངས་ཡོད་ ལུགས་ཚུ་ བཤད་པའི་ཤུལ་ལས་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཕར་འཕུད་རྐྱབ་ཡོདཔ་ཨིན་པས། གན་ཡིག་དེ་གི་སྐོར་ལས་ སྤྱི་ཟླ་ ༧ པའི་ཚེས་༡ ལུ་ སྤྱི་ཚོགས་ ལྷན་བཞུགས་ནང་ མཉམ་འབྲེལ་ ཚོགས་ཆུང་གིས་ གྲོས་འཆམ་ བྱུང་མ་ཚུགས་པའི་ དོན་ཚན་དང་ གན་ཡིག་དེ་གི་ རྒྱབ་ཁུངས་ཚུ་ གསལ་ཞུ་འབད་བའི་ཤུལ་ལས་ ཚོགས་དམང་གིས་ ཕར་འཕུད་ རྐྱབ་ནི་གུ་ གྲོས་འཆམ་བྱུང་ཡི། ཕར་འཕུད་དེ་ཡང་ ཕྱི་འབྲེལ་བློན་ པོ་ དམ་ཆོས་རྡོ་རྗེ་གིས་ རྒྱལ་ ཡོངས་ཚོགས་སྡེ་གིས་ རྒྱལ་ ཁབ་ཀྱི་ ཉེན་སྲུང་ལུ་ ཚ་གྱངས་ ཡོད་ལུགས་ཚུ་ བཤད་མི་དེ་ལུ་ གུས་ཞབས་འབད་དགོཔ་ལས་ ཕར་འཕུད་རྐྱབ་དགོ་པའི་ གྲོས་ འདེབས་འབད་ཡོདཔ་ད་ དེ་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་ རྗེ་གིས་ རྒྱབ་སྐྱོར་ཡོད་ལུགས་ ཚུ་ བཤད་ཅི། དེ་གི་ཤུལ་ལས་ སྤྱི་ཚོགས་ ཀྱིས་ གསོལ་ཇའི་བམ་གྲོལ་ བའི་ཤུལ་ལས་ མཉམ་འབྲེལ་ ཚོགས་ཆུང་གིས་ དེ་དང་འཁྲིལ་ གན་ཡིག་དེ་ དམིགས་བསལ་ གྱི་ཐོག་ལས་ ཕར་འཕུད་རྐྱབ་ ཡོདཔ་ལས་ མ་འོངས་པའི་ ནང་ སྔར་འཁྱུན་བཟུང་ནི་མེདཔ་ སྦེ་ འབད་དགོ་ནི་ཨིན་མི་དེ་ཡང་ ཞལ་འཆམ་བྱུང་མ་ཚུགས་པའི་ ཁྲིམས་ཡིག་དེ་ ཁྲིམས་བཟོ་ བྱ་བའི་གནད་སྤྱོད་ཀྱི་༢༠༡༡ ་ ཅན་མའི་ནང་ དགོངས་དོན་ཚུ་ འཁོད་དེ་ མེད་མི་ལུ་བརྟེན་ཨིན་ ཟེར་ གྲོས་འདེབས་འབད་ཡི། དེ་ལས་ ཚོགས་ཁང་༢ ཀྱི་བར་ ན་ གྲོས་འཆམ་བྱུང་མ་ཚུགས་ མི་དེ་ ཚོགས་ཁང་༢ ཀྱིས་ གསུངས་གྲོས་གནང་སྟེ་ ཁྲིམས་ བཟོའི་བྱ་བའི་གནད་སྤྱོད་༢༠༡༦ ཅན་མ་ འཕྲི་སྣོན་འབད་བའི་ སྐབས་ གནད་དོན་དེ་དང་འབྲེལ་ བའི་ དགོངས་དོན་ཚུ་ཡང་ ཚུད་ དགོ་པའི་གྲོས་འདེབས་འབད་ ཡི། དེ་བཟུམ་སྦེ་ མཉམ་འབྲེལ་ ཚོགས་ཆུང་གིས་ འབྲུག་གིས་ རྒྱལ་སྤྱི་མཐུན་འབྲེལ་གན་འཛིན་ དཔྱད་ཡིག་དང་གན་རྒྱ་ཚུ་ མ་ འོངས་པ་ལུ་ མཚན་རྟགས་ བཀོད་ནིའི་དོན་ལུ་ སྒྲིག་གཞི་ ཚུ་ཁ་གསལ་སྦེ་ བཟོ་དགོ་པའི་ གྲོས་འདེབས་ཁག་༣ ཕུལ་ ཏེ་ ཚོགས་མང་གིས་ ཆ་འཇོག་ འབད་ཡི། ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་ རྗེ་གིས་ འབྲུག་རྒྱལ་ཁབ་དེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ འོང་ འབབ་བར་མའི་རྒྱལ་ཁབ་ཀྱི་ གྲས་ཁར་ ཚུད་དེ་ཡོདཔ་ལས་ ཕྱིའི་གྲོགས་རམ་ཚུ་ག་ར་ ཆ་ མེད་བཏང་དོ་ཡོདཔ་ལས་ ད་ ལྟོའི་གན་ཡིག་ལུ་ རྒྱབ་སྐྱོར་མ་ འབད་བ་ཅིན་ མ་འོངས་པའི་ ནང་ གྲོགས་རམ་ལེན་ནི་ལུ་ དཀའ་ངལ་ཐོན་འོང་ཟེར་ བཤད་ ཡོདཔ་ད་ གན་ཡིག་དེ་གིས་ སྐྱིན་འགྲུལ་ལེན་ནིའི་ནང་ ཕན་ ཐོག་ཚུགས་ཟེར་བཤད་ཅི། གན་ཡིག་དེ་ རྒྱལ་ཡོངས་ ཚོགས་འདུ་ནང་ གསུངས་གྲོས་ གནང་སྟེ་ རྒྱལ་ཡོངས་ཚོགས་ སྡེ་ལུ་ ཕུལ་བའི་ཤུལ་ལས་ དོན་ཚན་དག་པ་ཅིག་ལུ་ གྲོས་ འཆམ་བྱུང་མ་ཚུགས་པར་ ལོག་ རྒྱལ་ཡོངས་ཚོགས་འདུ་ནང་ ལྷོད་དེ་ མཉམ་འབྲེལ་ཚོགས་ ཆུང་ནང་ བཙུགས་ཡོདཔ་ཨིན་ པས། མཉམ་འབྲེལ་ཚོགས་ཆུང་གི་ ཁྲི་འཛིན་ ཕུན་ཚོགས་གླིང་གི་ འཐུས་མི་ རིག་འཛིན་རྡོ་རྗེ་ གིས་ ཆིངས་ཡིག་དེ་ རྒྱལ་ ཡོངས་ཚོགས་སྡེ་གིས་ དོན་ ཚན་ལ་ལུ་ཅིག་ནང་ རྒྱབ་སྐྱོར་ འབད་མ་ཚུགས་པའི་སྐོར་ལས་ གནད་དོན་ཚུ་བཀོད་དེ་ ལོག་ ལྷོད་ཡོདཔ་ཨིན་རུང་ སྤྱི་ལོ་ ༢༠༡༡ ལོའི་ བྱ་བའི་གནད་སྤྱོད་ ནང་ འཕྲི་སྣོན་འབད་དགོ་པའི་ སྐོར་ལས་ ག་ནི་ཡང་ འཁོད་དེ་ མེདཔ་ལས་ ཚོགས་ཆུང་གིས་ ག་ནི་ཡང་ འབད་ཐབས་མ་བྱུང་ ཟེར་ ཚོགས་ཁང་ནང་ཞུ་ཡི། ཕྱི་འབྲེལ་བློན་པོ་གིས་ ད་ལྟོའི་ གཞུང་གིས་ གན་ཡིག་དེ་ ད་ ལྟོ་ར་ ཆ་འཇོག་འབད་དགོ་ཟེར་ མེན་པར་ མ་འོངས་པའི་དོན་ལུ་ དམིགས་ཏེ་ཨིན་པའི་ཁར་ རྒྱལ་ ཡོངས་ཚོགས་སྡེ་གིས་ གྲོས་ འཆམ་བྱུང་མ་ཚུགས་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཉེན་སྲུང་ལུ་བལྟ་ སྟེ་ འབད་ཡོདཔ་ལས་ དེ་ལུ་ ཡང་ གུས་བཀུར་འབད་དགོ་ཟེར་ ཞུ་ཡི། ཕྱི་ཁར་ལས་ རྒྱབ་སྐྱོར་ལེན་ དགོཔ་ཐོནམ་ད་ འཕྲལ་འཕྲལ་ སྐབས་ དངུལ་ཁང་དེ་གིས་ སླབ་མི་ལུ་ཡང་ ཉན་དགོཔ་འོང་ ཟེར་ བློན་པོ་གིས་ ཞུ་ཡོདཔ་ ད་ འབྲུག་གིས་ ཧེ་མ་ལས་ རྒྱལ་ཁབ་གཞན་ཚུ་དང་གཅིག་ ཁར་ཡང་ གན་ཡིག་གུ་ མཚན་ རྟགས་བཀོད་ཡོདཔ་ལས་ ད་ རེས་ཀྱི་གན་ཡིག་དེ་ཡང་ དེ་ཚུ་ དང་ དབྱེ་བ་མེད་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.