གྱི་གསོབ་མིའི་དཀའ་ངལ་དེ་ གཞུང་ལུ་ ཚ་གྱང་ཆེ་བའི་གཞི་ ཅིག་ཨིནམ།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉༉ གཞུང་གིས་ འཕྲལ་ཁམས་ ཅིག་ཁར་ ཐིམ་ཕུག་ཁྲོམ་ཁར་ ན་གཞོན་༢ ལུ་ གྱི་གསོབ་པའི་ ཤུལ་ལས་༡ ལུ་ ཤི་རྐྱེན་བྱུང་ མི་དེ་ གཙོ་བོ་ར་ ཕམ་ཚུ་གིས་ རང་སོའི་ཨ་ལུ་ཚུ་ལུ་ བདག་ འཛིན་ལེགས་ཤོམ་མ་འབད་བའི་ རྟགས་ཨིན་ཟེར་ཨིན་པས། བློན་ཆེན་ཚེ་རིང་སྟབས་རྒྱས་ ཀྱིས་ གནད་དོན་དེ་ ཚ་གྱང་ཅན་ ཅིག་ཨིནམ་ལས་ གཞུང་གིས་ བཀག་འཛིན་འབད་ནི་ལུ་ གཙོ་ རིམ་བཟུང་དགོ་ཟེར་ སྤྱི་ཟླ་༧ པའི་ཚེས་༨ ལུ་ བརྡ་བརྒྱུདཔ་ ཚུ་དང་གཅིག་ཁར་ ཞལ་ འཛོམས་འཚོགས་པའི་སྐབས་ བཤད་ཡོདཔ་ཨིན་པས། གཞུང་གིས་ དཀའ་ངལ་དེ་ སེལ་ཐབས་ལུ་ འབྲེལ་བ་ཡོད་ པའི་ ཁྲིམས་སྲུང་འགག་སྡེ་ དང་ གཞན་དབང་འཛིན་ཚུ་དང་ གཅིག་ཁར་ ཐབས་ཤེས་ཚུ་ བཏོན་དགོཔ་འོང་ཟེར་ཨིནམ་ད་ བློན་ཆེན་གྱིས་ གཞུང་གིས་ ག་ ར་ འབད་མི་ཚུགས་ནི་ཨིནམ་ ལས་ ཕམ་ཚུ་གིས་འབད་རུང་ བདག་འཛིན་འཐབ་དགོ་ཟེར་ ཨིན་པས། ནང་སྲིད་བློན་པོ་ ཟླ་བ་རྒྱལ་ མཚན་གྱིས་ དེ་བཟུམ་མའི་ ཚ་ གྱང་ཅན་གྱི་ དཀའ་ངལ་ཚུ་ མང་ཤོས་ར་ ཐིམ་ཕུག་དང་སྤ་ རོ་ ཕུན་ཚོགས་གླིང་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ བྱུང་དོ་ཡོདཔ་ ད་ ད་ཚུན་ སྙན་ཞུ་གི་ཐོ་བཀོད་ དང་འཁྲིལཝ་ད་ ཐིམ་ཕུག་ལུ་ གྱི་གསོབ་མི་༨ ཐོན་མི་དེ་ མཐོ་ ཤོས་ཨིན་པས། དཀའ་ངལ་དེ་ སེལ་ཐབས་ལུ་ ན་ཧིང་གཞུང་གིས་ ནུབ་མོ་ཆུ་ ཚོད་༡༠ གྱི་རྒྱབ་ལས་ ཁྲོམ་ ཁར་བཤལ་སྡོད་མི་ ན་གཞོན་ ཚུ་ དྲི་ཞིབ་འབད་ནི་ འགོ་ བཙུགས་ཡོད་མི་དེ་ སྤྱི་ཚོགས་ ཀྱིས་ འགྲོ་བ་མིའི་དབང་ཆ་ ལུ་ ཐོ་ཕོགཔ་མས་ཟེར་ ཆ་མེད་ བཏང་ཡོདཔ་ལས་ དེ་བཟུམ་ འབད་ནི་མེད་པ་ཅིན་ ཁྲིམས་ སྲུང་འགག་པ་ཚུ་གིས་ ན་ གཞོན་ཚུ་གིས་ གྱི་འབག་སྟེ་ ཡོད་མེད་ ཤེས་ཚུགས་པར་ ལཱ་ ཁག་འདུག་ཟེར་ བློན་པོ་གིས་ བཤད་ཡོདཔ་ཨིན་པས། ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་ སྒྲོན་གྱིས་ གཞུང་གིས་ དེ་ བཟུམ་མའི་བྱ་ངན་འབད་མི་ ཚུ་ མར་ཕབ་འབད་ནིའི་དོན་ ལུ་ གཞུང་གིས་ ཁྲིམས་ས་ ཀྲ་ བཟོ་བའི་སྐབས་ རྒྱབ་སྐྱོར་ འབད་དགོཔ་དེ་ གལ་ཆེ་བས་ ཟེར་བཤད་ཡོདཔ་ཨིན་པས། བློན་ཆེན་གྱིས་ དཀའ་ངལ་ དེ་ སེལ་ཐབས་ཚུ་ ཕམ་ཚུ་ གི་ཧོང་ལས་ འབད་དགོཔ་ མ་གཏོགས་ གཞུང་གིས་ དེ་ བཟུམ་མའི་ མི་སྡེའི་དཀའ་ ངལ་ནང་ གྲལ་གཏོགས་འབད་ མི་དེ་ ཡུན་བརྟན་མི་འོང་ཟེར་ ཨིན་པའི་ཁར་ འགན་ཁུར་ངོ་ མ་དེ་ ཕམ་ཚུ་ལུ་ར་ ཕོགཔ་ ཨིན་ཟེར་ཨིན་པས། ཤེས་རིག་བློན་པོ་ ནོར་བུ་ དབང་ཕྱུག་གིས་ གྱི་གསོབ་ མི་དེ་ སློབ་གྲྭའི་ངལ་གསོ་ བཏང་པའི་ཤུལ་ལས་ བྱུང་ ཡོད་མི་ལུ་ བལྟ་བ་ཅིན་ སློབ་ གྲྭ་ཁག་གིས་ དཀའ་ངལ་བྱུང་ ནི་ལས་ བཀག་ཐབས་འབད་ ཚུགས་ཡོད་པའི་ མངོན་རྟགས་ ཐོན་ཡོདཔ་ལས་ ངལ་གསོའི་ སྐབས་ལུ་ འཐུས་ཤོར་དེ་ ཕམ་ ཚུ་གི་ཧོང་ལས་ བདག་འཛིན་ དང་བསླབ་བྱ་མ་བྱིན་པའི་ རྟགས་ཨིན་མས་ཟེར་ཨིན་ པས། དེ་མ་ཚད་ ཤེས་རིག་ལྷན་ཁག་ གི་ ཞིབ་འཚོལ་འབད་མི་ནང་ ཡང་ ན་གཞོང་ཚུ་གིས་ སློབ་ ཁང་ནང་མ་འགྱོ་བར་ སྡོད་མི་ དང་ སྨྱོ་རྫས་ལག་ལེན་འཐབ་ མི་ དེ་ལས་ ཆོས་རྒྱུགས་ནང་ སྐུགས་ཚད་གས་ཤོམ་སྦེ་ མ་ འཐོབ་མི་དེ་ཡང་ ངོ་མ་ར་ ཕམ་ ཚུ་གིས་ ཁྱིམ་ནང་ལྷོདཔ་ད་ བསླབ་བྱ་དང་བདག་འཛིན་ ལེགས་ཤོམ་མ་འབད་བའི་ རྟགས་མཚན་མཐོང་ཡི་ཟེར་ བློན་པོ་གིས་ བཤད་ཡོདཔ་ ཨིན་པས། བློན་པོ་གིས་ ལྷན་ཁག་གིས་ ཕམ་ཚུ་གིས་འབག་དགོ་ པའི་ འགན་ཁུར་ཚུ་ བསྐྱར་ ཞིབ་འབད་བའི་བསྒང་ཡོད་ཟེར་ ཨིནམ་ད་ ཕམ་ལ་ལུ་གིས་ འགན་ཁུར་ཚུ་ དུས་ཚོད་ཀྱིས་ མ་ཁོམས་པར་ འགན་ཁུར་ འབག་མི་ཚུགས་དོ་ཡོད་རུང་ ཕམ་ལ་ལུ་གིས་ རྩ་ལས་ར་ མི་འབག་པས་ཟེར་ཨིན་པས། བློན་ཆེན་གྱིས་ གནད་དེ་ཡང་ ཁྲོམ་སྡེ་ཚུ་ནང་ ན་གཞོན་ཚུ་ འཁྱམས་སྡོད་ནི་གི་ མཐུན་རྐྱེན་ ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ ཡང་ བྱུང་དོ་ཡོདཔ་སྦེ་ བཤད་ མི་དེ་ མི་བདེན་ཟེར་ཨིན་མི་དེ་ ཡང་ བློན་ཆེན་གྱིས་ ཐིམ་ཕུག་ ལུ་ དཔེ་མཛོད་དང་རྩེ་ཐང་གི་ མཐུན་རྐྱེན་ཚུ་ ཡོད་དེ་འབད་ རུང་ ཕམ་ཚུ་གིས་ ཨ་ལུ་ཚུ་ འཁྱིད་འགྱོ་ས་མི་མཐོང་པས་ ཟེར་ཨིན་པའི་ཁར་ མཐུན་རྐྱེན་ སྤྱོད་མི་ཡང་ མིན་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.