ཨིན་ཌི་ཡཱན་ཨོ་ཡེལ་ལས་སྡེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ ཉམས་བཅོས་འབད་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉ རྒྱ་གར་གྱི་ ས་སྣུམ་བཀྲམ་ སྤེལ་ལས་སྡེ་ ཨིན་ཌི་ཡཱན་ཨོ་ ཡེལ་གྱིས་ ནུབ་ཕྱོགས་དང་ལྷོ་ མཚམས་རྫོང་ཁག་ནང་ཡོད་མི་ ས་སྣུམ་བཀྲམ་སྤེལ་ཁང་༡༥ ཡར་ དྲགས་བཏང་ནིའི་དོན་ལུ་ དངུལ་ ཀྲམ་ས་ཡ་༦༠ དེ་ཅིག་ བཞག་སྟེ་ ཡོདཔ་ཨི་ནཔས། སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ལས་ སྡེ་གི་འགོ་དཔོན་དང་འབྲུག་པའི་ ས་སྣུམ་བཀྲམ་སྤེལ་ལས་སྡེ་གི་ ངོ་ཚབ་ཚུ་གི་བར་ན་ ཉེན་སྲུང་དང་ ལས་སྡེ་གི་ ཅ་ཆས་ཚུ་གི་སྐོར་ ལས་ ཞལ་འཛོམས་འཚོགས་ པའི་སྐབས་ ལས་སྡེ་གི་ ནུབ་བེང་ གཱལ་གྱི་ཡོངས་ཁྱབ་འཛིན་སྐྱོང་ འགོ་དཔོན་ རན་ཇཱན་ ཀུ་མར་ མོ་ ཧ་པ་ཏྲ་གིས་ ལས་འགུལ་དེ་ ཟླ་ ངོ་༦ དེ་ཅིག་གི་རྒྱབ་ལས་ འགོ་ བཙུགས་ཚུགས་པའི་ རེ་བ་ཡོད་ ཟེར་ཨིན་པས། ཁོ་གིས་ བཤད་མིའི་ནང་ ལཱ་ཚུ་ ཡང་ ལས་སྡེ་གི་ འགོ་དཔོན་ཚུ་ གིས་ བསྟན་རྒྱས་ལས་ཁུངས་ ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འབད་ འོང་ཟེར་ཨིནམ་ད་ ལཱ་དེ་ཡང་ ཟླ་ ངོ་༡༢ དེ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ ཡོད་ཟེར་ཨིན་པས། ལས་སྡེ་གིས་ ས་སྣུམ་བཀྲམ་ སྤེལ་ཁང་ཚུ་གི་ མཐུན་རྐྱེན་ཚུ་ ཡར་དྲགས་བཏང་ནི་དང་ དེ་ནང་ ལཱ་འབད་མི་ཚུ་གིས་ པེ་ཊོལ་ལི་ ཡཱམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་ འཐབ་པའི་སྐབས་ ཉེན་སྲུང་དང་ ལྡནམ་སྦེ་ འཐབ་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་ནི་གི་ འཆར་ གཞི་ཡོད་ཟེར་ ཡོངས་ཁྱབ་འཛིན་ སྐྱོང་འགོ་དཔོན་གྱིས་བཤད་ཅི། ཁོ་གིས་ བཤད་དོ་བཟུམ་འབད་ བ་ཅིན་ མ་དངུལ་དེ་ཡང་ འབྲུག་ ལུ་ཡོད་མི་ བཀྲམ་སྤེལ་ཁང་ཚུ་ ནང་ཡོད་མི་ མཐུན་རྐྱེན་ དཔེར་ ན་ ས་སྣུམ་བླུགས་ཁང་དང་ཁང་ མིག་ དེ་ལས་ སྣུམ་འཁོར་འོང་ སའི་ འཁོར་ལམ་ཚུ་ རྒྱ་བསྐྱེད་ བཏང་ནིའི་དོན་ལུ་ཨིན་པའི་ཁར་ ལས་སྡེ་ནང་ ལཱ་འབད་མི་ ཚུ་ གིས་ ཚོང་འབྲེལ་ཞབས་ཏོག་བྱིན་ ནིའི་ནང་ཡང་ སྦྱོང་བརྡར་བྱིན་ནི་གི་ འཆར་གཞི་ཡོདཔ་ཨིན་པས། ད་ལྟོ་ ནུབ་ཕྱོགས་རྫོང་ཁག་ནང་ ས་སྣུམ་བཀྲམ་སྤེལ་ལྟེ་བ་༡༥ ཡོདཔ་ད་ གཞན་རྫོང་ཁག་ཚུ་ནང་ ཡང་ ལས་སྡེ་གི་ ལུང་ཕྱོགས་ ཡིག་ཚང་ཚུ་གིས་ འགོ་འདྲེན་ འཐབ་ནི་ཨིནམ་ད་ རྒྱལ་ཁབ་ ནང་ བཀྲམ་སྤེལ་ཁང་༤༨ ཡོདཔ་ ཨིན་པས། བསྟན་རྒྱས་ལྷན་ཁག་གི་ མཉམ་ འབྲེལ་མདོ་ཆེན་ རྡོ་ཕུག་ཚེ་རིང་ གིས་ བཀྲམ་སྤེལ་ཁང་ཚུ་ ཡར་ དྲགས་བཏང་ནིའི་དོན་ལུ་ རྒྱ་གར་ གྱི་ལས་སྡེ་ལུ་ ཧེ་མ་ལས་ སླབ་ བཞིན་དུ་ཡོད་མི་དེ་ ད་རེས་རྐྱངམ་ ཅིག་ ངོས་ལེན་འབད་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས། ཤར་ཕྱོགས་དང་དབུས་ཕྱོགས་ རྫོང་ཁག་ཚུ་ནང་གི་ བཀྲམ་སྤེལ་ ཁང་ཚུ་ཡང་ ཡར་དྲགས་བཏང་ ནིའི་དོན་ལུ་ ལྷན་ཁག་གིས་ གོ་ ཧ་ཊི་ལུ་ཡོད་མི་ ལས་སྡེ་གི་ཡིག་ ཚང་དང་གཅིག་ཁར་ འབྲེལ་བ་ འབད་བཞིན་དུ་ཡོདཔ་ད་ རྒྱབ་ སྐྱོར་དེ་གིས་ འབྲུག་དང་རྒྱ་གར་ གྱི་མཐུན་ལམ་ དམ་ཟབ་བཞག་ ནི་ལུ་ ལྷན་འཐབ་འབད་བའི་རེ་བ་ ཡོདཔ་ཨིན་པས། ཡོངས་ཁྱབ་འཛིན་སྐྱོང་འགོ་ དཔོན་གྱིས་ སྤྱིར་བཏང་འབྲུག་ལུ་ བཀྲམ་སྤེལ་འབད་མི་ མེ་རླུང་རྒྱ་ རྫི་ཚུ་ ཉེན་སྲུང་མེད་པའི་སྐོར་ལས་ ཚ་གྱང་ལང་ཡོད་མི་ལུ་ འབྲུག་ལུ་ བཀྲམ་སྤེལ་འབད་མི་ མེ་རླུང་རྒྱ་ རྫི་ཚུ་ མེ་རླུང་མ་བཙུགས་པའི་ཧེ་ མར་ བརྟག་དཔྱད་འབད་དེ་རྐྱངམ་ ཅིག་ འབད་དོ་ཡོདཔ་ལས་ ཉེན་ སྲུང་གི་དཀའ་ངལ་མེད་ཟེར་ཨིན་ པས། ཁོ་གིས་ བཤད་དོ་བཟུམ་འབད་ བ་ཅིན་ རྒྱ་རྫི་ཚུ་ ལོ་ངོ་༥ གི་བར་ ན་ ཚར་རེ་ སྤུས་ཚད་གནས་ཚད་ ཀྱི་ བརྟག་དཔྱད་འབད་དོ་ ཡོདཔ་ ལས་ ཕྱི་ཁར་ལས་ རྙིངམ་སྦེ་ མཐོང་སྟེ་འབད་རུང་ བརྟག་དཔྱད་ འབད་བའི་སྐབས་ ཁྱད་ཚད་ལྡན་ པ་ཅིན་ དཀའ་ངལ་མེད་ཟེར་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.