ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ ལྷོ་མཚམས་ཁ་ཐུག་གི་ འཁོར་ལམ་དང་ཁྲོམ་ཚུ་ལུ་ གནོད་པ་རྐྱབ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། - འབྲི་མི:བསོད་ནམས།

༉ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ཆར་ཆུ་མ་ཆད་པར་ རྐྱབ་མི་ལུ་ བརྟེན་ འདས་པའི་ཞག་དག་པ་ ཅིག་ནང་ ཟམ་དང་འཁོར་ལམ་ དེ་ལས་ ཁྲོམ་ཚུ་ འཕྱག་འབད་ ཡོདཔ་ལས་ འགྲོ་འགྲུལ་འབད་མི་ ཚུ་ལུ་ ཉེན་ཁ་ཡོདཔ་ཨིན་པས། ཉེན་ཁ་དེ་ཡང་ མང་ཤོས་ར་ ལྷོ་ ཕྱོགས་རྫོང་ཁག་ཚུ་ནང་ འགྲོ་ འགྲུལ་འབད་ནི་གི་ འཆར་གཞི་ ཡོད་མི་ཚུ་ལུ་ཡོདཔ་ད་ འཁོར་ ལམ་ཚུ་ཡང་ ལ་ལུ་ ཆད་འབག་ ཡོདཔ་མ་ཚད་ གཞུང་ལམ་གྱི་ ཟམ་ལ་ལུ་ འཕྱག་འབག་ཡོདཔ་ ལས་ ཉེན་སྲུང་མེདཔ་ཨིན་པས། གནམ་གཤིས་བརྟག་དཔྱད་འབད་ མི་ཚུ་གིས་ བཤད་དོ་བཟུམ་འབད་ བ་ཅིན་ ལྷོ་ཕྱོགས་རྫོང་ཁག་ ཚུ་ནང་ ད་རུང་ ཆརཔ་ཤུགས་ སྦེ་ རྐྱབ་ནི་གི་ ཉེན་ཁ་ཡོད་པའི་ མངོན་རྟགས་འབད་ཡོདཔ་ཨིན་ པས། མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གིས་ སྤྱི་ཟླ་༧ པའི་ཚེས་ ༢༡ གི་ཚེ་ གསར་སྤང་གི་ཁྲོམ་ ཆ་ཤས་ཅིག་ འཕྱག་འབག་མི་གི་ ཚོང་པ་ཚུ་དང་གཅིག་ཁར་ མཇལ་ ཕྲད་གནང་པར་བྱོན་ཏེ་ གནོད་ སྐྱོན་བྱུང་ཡོད་མི་ ས་ཁོངས་ཚུ་ ནང་ གཟིགས་ཞིབ་གནང་ཡོདཔ་ ཨིན་པས། མི་དབང་མཆོག་གིས་ རྫོང་ཁག་ གི་འགོ་དཔོན་དང་ གྲོགས་རམ་ འབད་མི་ཚུ་དང་གཅིག་ཁར་ ཡང་ མཇལ་ཕྲད་གནང་ཡོདཔ་ ད་ འདས་པའི་ཞག་དག་པ་ཅིག་ གི་རིང་ གསར་སྤང་ལུ་ ཆརཔ་མ་ ཆད་པར་ རྐྱབ་མི་དེ་གིས་ གཙུང་ ཆུ་བྲེས་འོང་སྟེ་ འཁོར་ལམ་གྱི་ཉེ་ འདབས་ལས་ཕར་ཡོད་མི་ ཁྲོམ་ གྱི་ཚོང་ཁང་ཚུ་ འཕྱག་འབག་ ཡོདཔ་ལས་ མི་དབང་མཆོག་ གིས་ བཀའ་རྒྱ་དང་འཁྲིལ་ བསྟན་སྲུང་དམག་མི་དང་ བདེ་ སྲུངཔ་ དེ་ལས་ རྫོང་ཁག་གི་འགོ་ དཔོན་དང་ས་གནས་ནང་གི་ མི་ ཚུ་གིས་ ཚོང་ཁང་ཚུ་ ས་ཁོངས་ གཞན་ཁར་ སྤོ་བཤུད་འབད་ནིའི་ ནང་ གྲོགས་རམ་འབད་ཡོདཔ་ ཨིན་པས། གནོད་པ་བྱུང་མི་ ཚོང་པ་དང་ བཟའ་ཚང་ཚུ་ ད་ལྟོ་ ཉེན་ཁ་མེད་ པའི་ གནས་སྟངས་ནང་ཡོདཔ་ ད་ ཁོང་ཚུ་ལུ་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ འབད་བཞིན་དུ་ ཡོདཔ་ད་ བསྟན་སྲུང་དམག་སྡེ་ དང་ གཞུང་གི་ལས་སྡེ་ཚུ་ ལྷོ་ མཚམས་རྫོང་ཁག་གི་དོན་ལུ་ གནོད་པ་བྱུང་པ་ཅིན་ དེ་འཕྲོ་ལས་ གྲོགས་རམ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ ཡོདཔ་ཨིན་ པས། སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆརཔ་མ་ཆད་པར་ རྐྱབ་མི་དེ་ གིས་ ཕུན་ཚོགས་གླིང་དང་ཐིམ་ ཕུག་བར་ན་གི་ གཞུང་ལམ་དེ་ ཡང་ བཀག་ཆ་འབད་དེ་ བཞག་ ཡོདཔ་ད་ གཞུང་ལམ་གྱི་གནོད་ པ་སྦོམ་ཤོས་ར་ ཕུན་ཚོགས་ གླིང་ལས་ ཐིམ་ཕུག་ཁ་ཐུག་གི་ ས་གནས་ སྐམ་སྦྱིས་ལུ་ལྷོདཔ་ ད་ བྱུང་ཡོདཔ་ད་ ཏག་ཏ་ཀོ་ཁྲི་ ལུ་ཡང་ བསུབས་ཡོད་མི་དེ་ ཁ་ ཉིནམ་ ཕྱི་རུ་ཁམས་ལས་ སེལ་ ཚུགས་ཡོདཔ་ཨིན་པས། ཌེན་ཊག་ལས་འགུལ་གྱི་ གནས་ ཚུལ་གསར་བཏོན་འབད་མི་དང་ འཁྲིལཝ་ད་ ལམ་བསུབས་ཡོད་ མི་ཚུ་ སེལ་ནིའི་དོན་ལུ་ ཞག་ དག་པ་ཅིག་ འགོར་འོང་ཟེར་ ཨིནམ་ད་ གསར་སྤང་གི་ཆུ་བྲེས་ མི་དེ་གིས་ གཞུང་ལམ་མི་ཊར་ ༢༠༠ ལྷགཔ་ཅིག་ འཕྱག་འབག་ ཡོདཔ་ཨིན་པས། དགེ་ལེགས་ཕུག་དང་གཞལམ་ སྒང་བར་ནའི་ གཞུང་ལམ་གྱི་ ས་ ཁོངས་ལེ་ཤ་ཅིག་ལས་ འཕྱག་ འབག་ཡོདཔ་མ་ཚད་ ཆད་ཡོདཔ་ ལས་ སྣུམ་འཁོར་འགྲོ་འགྲུལ་ ཚུ་ བཀག་ཆ་འབད་དེ་ཡོདཔ་ཨིན་ པས། དར་དཀར་ནང་དང་རྩི་རང་བར་ ནའི་ གཞུང་ལམ་བསུབས་ཡོད་ མི་ཚུ་ ཁ་ཉིནམ་ལས་ར་ སེལ་ ཚུགས་ཡོད་རུང་ བསམ་རྩེ་རྫོང་ ཁག་གི་ རྒེད་འོག་༩ མཐུད་སྦྲེལ་ འབད་མི་ བསམ་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༣ གྱི་ས་ཁར་ཡོད་ མི་ སྤྲིངས་ཟམ་ ཧྲམ་འགྱོ་ཡོདཔ་ ཨིན་པས། གནོད་པ་བྱུང་མི་ཚུ་ཡང་ མང་ ཤོས་ར་ གཙང་ཆུ་ཚུ་གི་ མཐའམ་ བདའ་ཡོད་མི་ ཁྲོམ་དང་ཚོང་ཁང་ དེ་ལས་ སྡོད་ཁྱིམ་ཚུ་ལུ་ བྱུང་ ཡོད་རུང་ ད་ཚུན་ མི་ལུ་ ཤི་རྐྱེན་ བྱུང་བའི་ ལོ་རྒྱུས་མེད་རུང་ སྣུམ་ འཁོར་ཚུ་ འཕྱག་འབག་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.