འཕྲལ་ཁམས་ཅིག་ཁར་ ཆར་ཆུ་གིས་ གནོད་སྐྱོན་རྐྱབ་ཡོད་མི་ལུ་ མི་ཚུ་གིས་ གྲོགས་རམ་འབད་ནི་གི་ ཁས་བླངས་འབད་ཡོདཔ།

Bhutan Times - - Adverts -

འབྲི་མི:བསོད་ནམས།

༉ གཞུང་གིས་ འཕྲལ་ཁམས་ ཅིག་ཁར་ ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ གཞུང་ལམ་ དང་འཁོར་ལམ་ ཟམ་དང་ ཁྲོམ་ཚུ་ འཕྱག་འབད་མི་དེ་ གི་ སྔོན་རྩིས་ཚུ་ མ་བཏོན་ པར་ཡོདཔ་ཨིན་རུང་ མི་ཚུ་ གིས་ མ་དངུལ་གྱི་རྒྱབ་སྐྱོར་ ཚུ་ འབད་ནི་ཨིན་པའི་སྐོར་ ལས་ ཁས་བླངས་ཚུ་ འབད་ དོ་ཡོདཔ་ཨིན་པས། བློན་ཆེན་ཚེ་རིང་སྟོབས་རྒྱས་ ཀྱིས་ རྒྱལ་ཁབ་ནང་ དཀའ་ ངལ་དེ་བཟུམ་ ཐོན་ཡོད་ པའི་སྐོར་ལས་ གནས་ཚུལ་ ཚུ་ འབྲུག་མི་ཕྱི་རྒྱལ་ཁབ་ ཚུ་ནང་ སྡོད་མི་ཚུ་གིས་ཡང་ ཤེས་ཡོདཔ་ལས་ ཁོང་ཚུ་གིས་ ཡང་ མ་དངུལ་གྱི་གྲོགས་རམ་ ཚུ་ འབད་ནི་ཨིན་ཟེར་ སླབ་ ཡོད་པའི་ ལོ་རྒྱུས་ཚུ་ གོ་ཡི་ ཟེར་ཨིནམ་ད་ རྒྱལ་ཁབ་ནང་ འཁོད་ལུ་ཡོད་མི་ ཚོང་པ་ཚུ་ གིས་ཡང་ རྒྱབ་སྐྱོར་འབད་ ནི་ཟེར་ སླབ་མི་ཐོན་ཡོདཔ་ མ་ཚད་ ལ་ལུ་གིས་ སྤྲོ་སྟོན་ གྱི་ལས་རིམ་ཚུ་ཡང་ འགོ་ འདྲེན་འཐབ་ནི་ཨིན་པའི་སྐོར་ ལས་ ལོ་རྒྱུས་ཚུ་ གོ་ཡི་ཟེར་ ཨིན་པས། བློན་ཆེན་གྱིས་ དེ་བཟུམ་མའི་ གནས་སྟངས་ནང་ དེ་བཟུམ་ གྱི་ གྲོགས་རམ་འབད་ནི་ཟེར་ སླབ་མི་དེ་ འབྲུག་མི་ཚུ་གིས་ གཅིག་གིས་གཅིག་ལུ་ ག་ དེམ་ཅིག་ གཅིག་སྒྲིལ་ཡོདཔ་ ཨིན་ན་ ཤེས་ཚུགས་པས་ཟེར་ ཨིནམ་ལས་ ག་ར་ལུ་ བཀྲིན་ དགའ་ཚོར་ཡོད་ཟེར་ཨིན་པས། དུས་ཅི་ ཆར་ཆུ་གིས་ གནོད་ པ་སྦོམ་རྐྱབ་ཡོད་རུང་ གཞུང་ གིས་ དཀའ་ངལ་དེ་གི་དོན་ལུ་ མ་དངུལ་ཚུ་ བཞག་སྟེ་ཡོད་ ཟེར་ བློན་ཆེན་གྱིས་ བཤད་ ཡོདཔ་ད་ བློན་ཆེན་གྱིས་ དཀའ་ངལ་ཚུ་ཐོན་པའི་སྐབས་ ས་གནས་ནང་སྡོད་མི་ མི་དང་ བསྟན་སྲུང་དམག་སྡེ་ བདེ་ སྲུངཔ་ད་ རྫོང་ཁག་གི་ འགོ་ དཔོན་ཚུ་གིས་ གྲོགས་རམ་ འབད་ཡོདཔ་ལས་ དགའ་ ཚོར་ཡོད་ཟེར་ཨིན་པས། དེ་མ་ཚད་ དཀའ་ངལ་གྱི་ སྐབས་ལུ་ མི་དབང་མངའ་ ཞབས་མཆོག་གིས་ ཞབས་ བཅགས་གནང་མི་དེ་གིས་ ལཱ་ འབད་མི་ཚུ་ལུ་ ལྷག་པར་ དུ་ སེམས་ཤུགས་བསྐྱེད་ བཅུག་ཡོདཔ་མ་ཚད་ མི་ དབང་མཆོག་ལས་ བཀའ་ སློབ་བཟང་པོ་གནང་མི་དེ་གིས་ སེམས་ཤུགས་བྱུང་ཡི་ཟེར་ བློན་ཆེན་གྱིས་བཤད་ཅི། དུས་ཅིག་གི་ ཆར་ཚུ་དེ་ ཧེ་ མ་དང་ཕྱདཔ་ད་ ཤུགས་སྦེ་ རྐྱབ་ཡོདཔ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་༡༨ དེ་ཅིག་ལས་ ཆརཔ་རྐྱབ་ནི་ འགོ་བཙུགས་ མི་དེ་གིས་ བདུན་ཕྲག་ཅིག་ དེ་ཅིག་གི་རིང་ མ་ཆད་པར་ར་ རྐྱབ་ཡོདཔ་ལས་ གཞུང་ལམ་ དང་འཁོར་ལམ་ སོ་ནམ་ཞིང་ ལམ་དང་ ཟམ་ཚུ་ འཕྱགས་ འབག་ཡོདཔ་ཨིན་པས། ཞབས་ཏོག་བློན་པོ་ རྡོ་རྗེ་ ཆོས་སྒྲོན་གྱིས་ དུས་ཚོད་འ་ ནེམ་ཅིག་ཁར་ ལྷོ་ཕྱོགས་རྫོང་ ཁག་ཚུ་ནང་ ཆརཔ་རྐྱབ་ནི་ གི་ དུས་ཚོད་ཨིན་རུང་ ཧེ་ མ་དང་ཕྱདཔ་ད་ལུ་ དུས་ཅི་ མངམ་རྐྱབ་ནི་དེ་གིས་ ལཱ་ལེ་ ཤ་ འབད་དགོཔ་ཐོན་ཡི་ཟེར་ ཨིན་པས། བློན་ཆེན་གྱིས་ གནམ་æར་ གྱི་དུས་ཚོད་ནང་ རོང་ཆུ་དང་ གཙང་ཆུ་ ག་གིས་ བྲེས་ནི་ ཨིན་ན་ཚུ་ ཤེས་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ དུས་ཅི་གི་ཆརཔ་དེ་ གཞན་ དང་མ་འདྲཝ་སྦེ་ར་ ཤུགས་ རྐྱབ་ཅི་ཟེར་ཨིན་པས། ཞབས་ཏོག་བློན་པོ་གིས་ དགེ་ ལེགས་ཕུག་གི་གཙང་ཆུ་ བྲེས་ མི་དེ་གི་དོན་ལུ་ ཧེ་མ་ལས་ ཌཆ་གཞུང་དང་གཅིག་ཁར་ ཆུ་ བྱག་ཚུ་རྐྱབ་ནིའི་དོན་ལུ་ ལས་ འགུལ་འགོ་བཙུགས་ཏེ་ཡོད་ ཟེར་ཨིནམ་ད་ དེ་གི་དོན་ལུ་ ས་ཁྲ་ཚུ་ཡང་ ག་ར་ བཟོ་ ཚར་ཏེ་ཡོད་ཟེར་ཨིན་པས། དེ་མ་ཚད་ ཕུན་ཚོགས་གླིང་ ཨ་མོ་ཆུ་གི་མཐའམ་བདའ་ སྟེ་ཡང་ ཉེན་སྲུང་གི་ལཱ་ཚུ་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ འགོ་འདྲེན་ཐོག་ལས་འབད་ ནི་གི་ ཐག་བཅད་དེ་ཡོད་ཟེར་ ཨིན་པས། གནོད་སྐྱོན་རྐྱབ་མི་ཚུ་གི་སྐོར་ ལས་ ད་ལྟོ་ སྔོན་རྩིས་སོགས་ ག་ནི་ཡང་ བཏོན་ཏེ་མེད་པའི་ ཁར་ གཞུང་གིས་ ད་ལྟོ་གི་ གནས་སྐབས་ནང་ མི་ཚུ་གི་ དོན་ལུ་ གལ་ཆེ་བའི་ ལཱ་ཚུ་ ལུ་ གཙོ་རིམ་བཟུང་དོ་ཡོདཔ་ ཨིན་པས། ཞབས་ཏོག་བློན་པོ་གིས་ ད་ ལྟོའི་གནས་སྟངས་ནང་ མི་ཚུ་ ལུ་ འགྲོ་འགྲུལ་འབད་ནི་དེ་ གལ་ཆེ་ནི་དེ་གིས་ གཞུང་གིས་ དེ་ཚུ་ཡང་ གཙོ་རིམ་བཟུང་དོ་ ཟེར་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.