སྐྱབས་རྗེ་མཆོག་གིས་ གཞུང་གྲྭ་ཚང་འོག་གི་ གྲྭ་ཚང་དང་སྒོམ་སྡེ་ དེ་ལས་ བཤད་གྲྭ་ཁག་གི་དོན་ལུ་ ཡོངས་འབྲེལ་གསརཔ་ འགོ་འབྱེད་གནང་ཡོདཔ།

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ གཞུང་གྲྭ་ཚང་གི་འོག་ལུ་ ཡོད་མི་ བཤད་གྲྭ་དང་གྲྭ་ཚང་ སྒོམ་སྡེ་ ཨ་ནི་གྲྭ་ཚང་ཚུའི་ སྐོར་ལས་ གནད་དོན་ཚུ་ག་ར་ གཞུང་གྲྭ་ཚང་གི་ ཡོངས་འབྲེལ་ འཆར་སྒོ་ གསརཔ་ནང་ལས འཐོབ་ཚུགས་ནི་ཨིན་པས། དེ་ཡང་ སྤྱི་ཟླ་༨ པའི་ཚེས་ ༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་ པོ་ཆེ་མཆོག་གིས་ ཐིམ་ཕུག་ རྫོང་ནང་སྦེ་ གཞུང་གྲྭ་ཚང་གི་ དོན་ལུ་ ཡོངས་འབྲེལ་གསརཔ་ དེ་ འགོ་འབྱེད་གནང་ཡོདཔ་ ཨིན་པས། ཡོངས་འབྲེལ་དེ་ནང་ ཐུན་དང་ ཆོས་དང་འབྲེལ་བའི་སྙན་ཆ་ ལས་རིམ་དང་གཞུང་གྲྭ་ཚང་ འོག་ལུ་ཡོད་མི་ བཤད་གྲྭ་དང་ གྲྭ་ཚང་ སྒོམ་སྡེ་ལ་སོགས་པའི་ ནང་ སློབ་སྟོན་འབད་དོ་ཡོད་ མི་ ཆོས་ཚན་ཚུ་གི་སྐོར་ལས་ ག་ར་ ཚུད་དེ་འོང་ནི་ཨིནམ་ད་ འགོ་འབྱེད་འབད་བའི་སྐབས་ སྐྱབས་རྗེ་མཆོག་གིས་ ཆོས་ཀྱི་ ལམ་ལུགས་ཚུ་ ཡོངས་འབྲེལ་ ནང་ བཙུགས་ནི་དེ་ གལ་ཆེ་ ཟེར་གསུངས་ཡོདཔ་ཨིན་པས། དེ་མ་ཚད་ སྐྱབས་རྗེ་མཆོག་ གིས་ ཡོངས་འབྲེལ་ནང་ བཙུགས་མི་དེ་གིས་ མི་ཚུ་གིས་ ཆོས་དང་འབྲེལ་བའི་ གནད་ དོན་ཚུ་ ཤེས་ཚུགས་ནི་ཨིན་ པའི་ཁར་ ཆོས་དང་འབྲེལ་ བའི་གནས་ཚུལ་དང་འབྲུག་ པའི་ ལམ་སྲོལ་གྱི་སྐོར་ལས་ ཡང་ ཤེས་ཚུགས་ནི་གི་ ཁེ་ ཕན་ཡོད་ཟེར་ གསུངས་ཡོདཔ་ ཨིན་པས། ཡོངས་འབྲེལ་ནང་ བཀའ་ འགྱུར་དང་བསྟན་འགྱུར་ དེ་ ལས་ རྒྱལ་བ་གོངམ་ཚུ་གི་ རྣམ་ཐར་ཚུ་ ཡོངས་འབྲེལ་ནང་ བཙུགས་མི་དེ་གིས་ མི་ཚུ་ལུ་ ཕན་ཐོགས་པའི་རེ་བ་ཡོད་ཟེར་ གསུངས་ཡོདཔ་ད་ ཡོངས་ འབྲེལ་དེ་ནང་ གཟའ་སྐར་དང་ དཔེ་མཛོད་ དེ་ལས་ ཉིན་ བསྟར་དང་ལོ་བསྟར་གྱི་ལས་ རིམ་ཚུ་ ག་ཅི་ར་ ཡོདཔ་ཨིན་ ན་ཚུ་ག་ར་ དེ་ནང་ བཙུགས་ བཞག་ནི་ཨིན་པས། ལོ་བསྟར་གྱི་ཚེ་བཅུ་དང་རིམ་ འགྲོ་ལ་སོགས་པའི་ དུས་ བཟུང་ཚུ་ག་ར་ བཀོད་དེ་འོང་ ནི་དང་ དེ་གིས་ མི་ཚུ་གིས་ གཞུང་གྲྭ་ཚང་གི་སྐོར་ལས་ ཁ་ གསལ་ཤེས་ཚུགས་ནི་དང་ ལྷག་པར་དུ་ འབྲུག་པ་བཀའ་ རྒྱུད་ཀྱི་སྐོར་ལས་ ཤེས་ཚུགས་ ནི་ཨིན་པས། ད་ཚུན་ གཞུང་གྲྭ་ཚང་གི་འོག་ ལུ་ཡོད་མི་ བཤད་གྲྭ་དང་སྒོམ་ སྡེ་ གྲྭ་ཚང་དང་ཨ་ནི་གྲྭ་ཚང་ཚུ་ ནང་ ག་ཅི་ར་ འབད་དོ་ཡོདཔ་ ཨིན་ན་ཚུ་ ཤེས་མ་ཚུགས་ པའི་ དཀའ་ངལ་ཡོདཔ་ཨིན་ རུང་ ད་ལས་ཕར་ གྲྭ་ཚང་ འོག་ལུ་ ལས་རིམ་ཚུ་ ག་ཅི་ ར་ ཡོདཔ་ཨིན་ན་ཚུ་ དེ་ནང་ ལས་ ཤེས་ཚུགས་ནི་ཨིནམ་ད་ ཡོངས་འབྲེལ་དེ་གིས་ བརྡ་ དོན་འཕྲུལ་རིག་གི་དུས་ཚོད་ ནང་ དུས་མཐུན་བཞག་ཚུགས་ ནི་ཨིན་པས། ཡོངས་འབྲེལ་དེ་ནང་ སློབ་ དཔོན་གོངམ་དང་དགེ་སློང་ཚུ་ གིས་ ག་ཅི་ར་ བཙུགས་ནི་ ཨིན་ན་ཚུ་ བསྡུ་སྒྲིག་འབད་དེ་ བཙུགས་ནི་ཨིནམ་ད་ ཡོངས་ འབྲེལ་དེ་ ཨིང་སྐད་དང་རྫོང་ཁ་ གཉིས་ཆ་རའི་ནང་ ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.