ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ དགོངས་ཞུའི་ཐོབ་ལམ་འཐོབ་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས།

༉ སྤྱི་ལོ་༢༠༡༡ ནང་ ས་ གནས་གཞུང་གི་གོ་གནས་ནང་ བཙག་འཐུ་འགྲུབ་མི་ཚུ་གིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་ ༢༨ ལུ་ གནས་ཡུན་ཚང་བའི་ སྐབས་ རྒེད་འོག་མང་ཤོས་ ཀྱིས་ གནས་ཡུན་ལོ་ངོ་༥ མ་ ཚངམ་ལས་ དགོངས་ཞུའི་ ཐོབ་ལམ་ཚུ་ མི་འཐོབ་ནི་ཨིན་ པའི་སྐོར་ལས་ ཚ་གྱངས་ཚུ་ བཤད་ཡོདཔ་ཨིན་རུང་ མི་ དབང་མངའ་ཞབས་མཆོག་ གིས་ སྐྱིད་སྡུག་སྦེ་གནང་ནི་གི་ བཀའ་རྒྱ་གནང་ཡོདཔ་ཨིན་ པས། བཀའ་རྒྱ་དང་འཁྲིལཝ་ད་ ཐིམ་ཕུག་དང་ཕུན་ཚོགས་གླིང་ གི་ ཁྲོམ་དཔོན་བགྲེསཔ་༢ ཀྱིས་ཡང་ དགོངས་ཞུའི་ཐོབ་ ལམ་ཚུ་ གསོལ་རས་སྦེ་ འཐོབ་ནི་ཨིན་པས། སྤྱི་ཟླ་༨ པའི་ཚེས་༨ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ ཆེན་གྱིས་ རོང་ཁག་ཚུ་ནང་ བཏང་མི་ཡི་གུ་དང་འཁྲིལཝ་ད་ ས་གནས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཁོང་རའི་ གནས་ཡུན་སྐབས་ དམངས་ གཙོའི་རིང་ལུགས་ སྒྲིང་སྒྲིང་ བཟོ་ནིའི་དོན་ལུ་ ལཱ་ཚུ་རྩ་ འགེངས་ཏེ་ འབད་ཡོད་པའི་ ངོས་འཛིན་ལུ་ འགོ་ཁྲིདཔ་ དང་ ཁོང་རའི་བཟའ་ཚང་ཚུ་ ལུ་ སྐྱིད་སྡུག་སྦེ་ དགོངས་ ཞུའི་ཐོབ་ལམ་ཚུ་ མི་དབང་ མཆོག་གིས་ གསོལ་རས་སྦེ་ གནང་སྟེ་ཡོད་ཟེར་ བཀོད་ ཡོདཔ་ཨིན་པས། ཨིན་རུང་ ཁོང་ཚུ་གིས་ ལོ་༥ འི་གནས་ཡུན་སྐབས་ ཟུར་ ཕོགས་སྦེ་ ཁོང་རའི་དངུལ་ ཕོགས་ནང་ལས་ ཏི་རུ་ག་ནི་ ཡང་ བཏོག་སྟེ་མེདཔ་ལས་ དགོངས་ཞུའི་ཐོལ་ལམ་རྐྱངམ་ ཅིག་མ་གཏོགས་ གཞན་མི་ འཐོབ་ནི་ཨིན་པས། རོང་ཁག་ནང་བཏང་མི་ ཡི་གུ་ དང་འཁྲིལཝ་ད་ མི་དབང་ མཆོག་གི་བཀའ་རྒྱ་དང་ འཁྲིལ་ ཐོབ་ལམ་དེ་ཚུ་ ནང་ སྲིད་ལྷན་ཁག་དང་དངུལ་རྩིས་ ལྷན་ཁག་གིས་ འགོ་ཁྲིདཔ་ ཚུ་གི་གནས་ཡུན་ཚུ་ རྩིས་ རྐྱབ་སྟེ་ ཐོབ་ལམ་ཚུ་ བྱིན་ ནིའི་ནང་ ལཱ་འབད་འོང་ཟེར་ ཨིནམ་ད་ ཐོབ་ལམ་ཚུ་ཡང་ འཐུས་མི་ཚུ་གིས་ ཡིག་ཚང་ ནང་ ལཱ་འབད་བའི་ལོ་གྲངས་ དང་ ཟླ་གྲངས་ཚུ་དང་འཁྲིལ་ འཐོབ་ནི་ཨིན་པས། རྒེད་འོག་༢༠༥ ནང་ རྒཔོ་ དང་དམངས་མི་ དེ་ལས་ ཚོགས་པ་ཚུ་གི་དོན་ལུ་ གཞུང་གིས་ ཐོབ་ལམ་གྱི་ དོན་ལུ་ དངུལ་ཀྲམ་ས་ཡ་ ༧༦ ལྷགཔ་ཅིག་ བྱིན་ དགོཔ་ཐོན་ནི་ཨིན་པས། དགོངས་ཞུའི་ཐོབ་ལམ་གྱི་ སྐོར་ལས་ ཚ་གྱངས་ལང་ དགོ་མི་དེ་ གཙོ་བོ་ར་ བཙག་འཐུ་འགྲུབ་མི་ཚུ་གིས་ སྤྱི་ལོ་༢༠༡༡ ལུ་ བཙག་ འཐུ་འབད་བའི་ཤུལ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒེད་འོག་ཚོགས་སྡེ་གི་ ཚོགས་རིམ་དང་པ་དེ་ གསལ་བསྒྲགས་འབད་བའི་ ཚེས་གྲངས་ལས་ ཟླ་ངོ་༡ གི་ནང་འཁོད་ལུ་ འབད་ དགོཔ་ཨིན་རུང་ རྒེད་འོག་ ༢༩ གིས་མ་གཏོགས་ གཞན་གྱིས་ འཚོགས་མ་ ཚུགསཔ་ལས་ ཐོན་ཡོདཔ་ ཨིན་པས།ོན་དེ་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ མངོན་མཐོ་ཁྲིམས་འདུན་གྱིས་ རོང་ཁག་ཁྲོམ་སྡེ་༡༦ དང་ ཡན་ལག་ཁྲོམ་སྡེ་༢༠ ཕར་ འགྱངས་འབད་དགོ་པའི་སྐོར་ ལས་ གསལ་བསྒྲགས་འབད་ བའི་སྐབས་ བཙག་འཐུ་ལྷན་ འཛིན་སྤྱི་ཁྱབ་ཀྱིས་ རྒེད་འོག་ ཚོགས་སྡེ་གི་ འཚོགས་རིམ་ དང་པ་དེ་ གསལ་བསྒྲགས་ འབད་བའི་ ཚེས་གྲངས་ནང་ འཁོད་ལུ་ འབད་མ་ཚུགས་ པར་ ལུས་མི་དེ་ཡང་ ཁྲིམས་མཐུན་ཡོད་མེད་ བལྟ་ དགོཔ་འདུག་ཟེར་ བཤད་ ཡོདཔ་ཨིན་པས། ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་བཀའ་རྒྱ་ནང་ཡང་ ས་གནས་གཞུང་གི་ བཅའ་ ཁྲིམས་ནང་ བཀོད་ཡོདཔ་ བཟུམ་སྦེ་ རྒེད་འོག་ཚོགས་ སྡེ་མང་ཤོས་ཀྱིས་ ཚོགས་ རིམ་དང་པ་དེ་ འཚོགས་མ་ ཚུགསཔ་ལས་ སྟབས་མ་ བདེཝ་ དེ་ནང་ལས་ ཐོན་ ནུག་ཟེར་ བཀོད་ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.