འཐུས་མི་ཚུ་གིས་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་མི་ ལུ་ བཅའ་ཁྲིམས་དགོ་ནི།

Bhutan Times - - Adverts -

འབྲི་མི:བསོད་ནམས། ༉ འཕྲལ་ཁམས་ཅིག་ཁར་ ལྡོག་ཕྡོགས་ཚྡོགས་པའི་ བྱང་ ཐིམ་ཕུག་གི་འཐུས་མི་ ཀུན་ དགའ་ཚེ་རིང་གིས་ དུས་རིང་ ངལ་གསྡོ་ མ་འཐྡོབ་པའི་ཤུལ་ ལས་ འཐུས་མི་ནང་ལས་ དགོངས་ཞུ་འབད་མི་དེ་ གྲོས་ བསྡུར་ཅན་གྱི་ གནད་དྡོན་ ཅིག་ལུ་ འགྱུར་ཡྡོདཔ་ཨིན་ པས། གནད་དྡོན་དེ་ ཚྡོགས་དཔྡོན་ འཇིགས་མེད་བཟང་པྡོ་གིས་ ཧེ་མ་ལས་ གླ་འཐྡོབ་ཀྱི་ ངལ་གསྡོ་བྱིན་ཡྡོད་རུང་ དུས་ རིང་གི་ངལ་གསྡོ་དེ་ བྱིན་ ཐབས་མིན་འདུག་ཟེར་ འཐུས་མི་གིས་ དགོངས་ཞུའི་ ཡི་གུ་ བཙུགས་ཡྡོད་མི་ལུ་ ངོས་ལེན་འབད་དགོཔ་ཐྡོན་ཡི་ ཟེར་ གནས་ཚུལ་གསར་ བཏྡོན་ནང་ བཀོད་ཡྡོདཔ་ཨིན་ པས། གནད་དྡོན་དེ་ལུ་ ལྡོག་ཕྡོགས་ ཚྡོགས་པའི་ འཐུས་མི་ཚུ་གིས་ ཚྡོགས་དཔྡོན་གྱིས་ གྲོས་ཐག་ བཅད་ཡྡོད་མི་ལུ་ རྣམ་རྡོག་ ལང་ཡི་ཟེར་ བཤད་པའི་ཁར་ གྲོས་ཐག་མ་བཅད་པའི་ཧེ་མར་ ལྡོག་ཕྡོགས་ཚྡོགས་པ་དང་ གཅིག་ཁར་ གྲོས་བསྟུན་ག་ནི་ ཡང་ མ་འབད་ཟེར་ ཁ་ཉེས་ ཡང་ འབད་དྡོ་ཡྡོདཔ་ཨིན་ པས། ལྡོག་ཕྡོགས་འགོ་ཁྲིདཔ་ ཌོག་ ཊར་ པདྨ་རྒྱ་མཚྡོ་གིས་ འཐུས་མི་གིས་ དགོངས་ཞུ་ འབད་ནི་ཨིན་རུང་ ཁོ་ར་ མི་ ངོ་རྐྱང་སྦེ་འྡོང་དགོ་པའི་སྐོར་ ལས་ འཐུས་མི་ལུ་ ཡི་གུ་ བཏང་སྟེ་སྡོད་ཡི་ཟེར་ བཤད་ ཡྡོདཔ་ད་ འཐུས་མི་ནང་ལས་ དགོངས་ཞུ་བཏང་ནི་དེ་ ཚྡོགས་དཔྡོན་ལུ་ དབང་ཚད་ ཡྡོད་ཟེར་ བཤད་ཡྡོདཔ་ཨིན་ པས། ལྡོག་ཕྡོགས་འགོ་ཁྲིདཔ་གིས་ ཀུན་དགའ་ཚེ་རིང་ཁོ་ར་ ད་ལྡོ་ འཐུས་མི་སྦེ་ ཕག་ཞུ་བའི་ བསྒང་འབད་ནི་དེ་གིས་ དགོངས་ཞུ་འབད་ནི་དེ་ འཐུས་མི་དང་ཚྡོགས་དཔྡོན་ལུ་ དབང་ཆ་ཡྡོད་ཟེར་ཨིན་པས། ཨིན་རུང་ མི་སྡེ་ནང་ གྲོས་ བསྡུར་ཅན་ལུ་ འགྱུར་མི་དེ་ ཡང་ གཙྡོ་བྡོ་ར་ ད་ལྡོ་གི་ འཐུས་མི་རྩིཝ་ད་ ད་ཚུན་ སྲིད་དྡོན་ནང་འཛུལ་བའི་ཤུལ་ ལས་ དགོངས་ཞུ་འབད་མི་དེ་ གཉིས་པ་ཨིནམ་ལས་ མི་ སེར་གྱིས་ བྡོ་གཏད་དེ་ གདམ་འཐུ་འབད་མི་ཚུ་གིས་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་མི་དེ་གིས་ དཔེ་བཟང་པྡོ་ཅིག་ལུ་ མི་ འགྱུར་ནི་ཨིན་པས། འཐུས་མི་ཚུ་ འགོ་དང་པ་ གདམ་འཐུ་འབད་བའི་སྐབས་ ལུ་ མི་སེར་གྱིས་བྡོ་གཏད་དེ་ ཚྡོགས་རྒྱན་གྱི་ རྒྱབ་སྐྱོར་ཚུ་ འབད་དེ་ཡྡོད་པའི་མཐའ་མར་ དེ་བཟུམ་འབད་མི་དེ་གིས་ མི་ སེར་གྱི་འགན་ཁུར་ལུ་ སྣང་ མེད་འབད་དྡོ་བཟུམ་ཡང་ འགྱོཝ་ཨིན་པས། འཐུས་མི་གིས་ ངོ་མ་ར་ ཡུ་ ཨེས་ཨེ་ལུ་ཡྡོད་མི་ ཧར་ཝཌ་ གཙུག་ལག་སྡོབ་སྡེ་ནང་ དཔེ་ ཆ་ལྷབ་ནི་གི་ གོ་སྐབས་ འཐྡོབ་པའི་ཤུལ་ལས་ དགོངས་ཞུ་འབད་དྡོ་ཡྡོད་མི་དེ་ ཁོ་རའི་མཐའ་དྡོན་ལུ་ གདམ་ ཁ་རྐྱབ་ཡྡོདཔ་བཟུམ་འགྱོ་བའི་ ཁར་ མི་སེར་གྱི་དྡོན་ལུ་ ཡིད་ཆས་མེད་པའི་ རགས་ མཚན་ཡང་ སྡོནམ་ཨིན་པས། ཚྡོགས་དཔྡོན་གྱིས་ དགོངས་ ཞུ་གི་ ངོས་ལེན་འབད་མི་དེ་ ཡང་ འབྲེལ་བ་ཡྡོད་པའི་ བཅའ་ཁྲིམས་ཚུ་དང་འཁྲིལ་ འབད་བའི་སྐབས་ དུས་རིང་ གི་ངལ་གསྡོ་ བཏང་ཐབས་ མིན་འདུག་ཟེར་ བཀོད་ ཡྡོདཔ་ད་ འཐུས་མི་གིས་ དགོངས་ཞུའི་ཡི་གུ་དེ་ཡང་ དུས་རིང་ངལ་གསྡོ་ཞུ་མི་དེ་ གནང་མ་ཚུགས་པའི་ཤུལ་ ལས་ བཙུགས་ཡྡོདཔ་ཨིན་ པས། ཚྡོགས་དཔྡོན་གྱིས་ དགོངས་ ཞུ་བཏང་མ་གཏྡོགས་ ཁོ་གིས་ མ་བཏང་པར་བཞག་ནི་གི་ ཐབས་ལམ་ག་ནི་ཡང་ མ་ མཐྡོང་ཟེར་ གནས་ཚུལ་ གསར་བཏྡོན་ནང་ བཀོད་ ཡྡོདཔ་ཨིན་པས། རྩ་ཁྲིམས་ཆེན་མྡོ་དང་གཞན་ འབྲེལ་བ་ཡྡོད་པའི་ བཅའ་ ཁྲིམས་ཚུ་གིས་ འཐུས་མི་ཚུ་ གིས་ གནས་ཡུན་གྱི་བར་ན་ ལས་ དུས་རིང་གི་ངལ་གསྡོ་ བྱིན་ཆོག་པའི་སྐོར་ལས་ འཁོད་དེ་མེདཔ་ཨིན་རུང་ མ་ འྡོངས་པའི་ནང་ དུས་རིང་ ངལ་གསྡོ་དང་འབྲེལ་བའི་ གནད་དྡོན་ཚུ་ བཅའ་ཁྲིམས་ ཚུ་ནང་ མ་བཙུགས་པ་ཅིན་ དེ་བཟུམ་འབད་མི་ ལེ་ཤ་ཐྡོན་ སྲིད་ནི་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ལུ་ ཟད་འགྲོ་འཕྲྡོ་ བརླག་འགྱོ་ནི་གི་ ཉེན་ཁ་ ཡྡོདཔ་ཨིན་པས། འཐུས་མི་གིས་ སྤྱི་ཟླ་༨ པའི་ ཚེས་༡༡ ལུ་ ཕྱི་རྒྱལ་ལས་ དགོངས་ཞུའི་ཡི་གུ་ བཙུགས་ ཡྡོདཔ་ཨིན་པས། ཚྡོགས་དཔྡོན་གྱིས་ སྤྱི་ལྡོ་ ༢༠༡༣ ལུ་ འབྲུག་ཕུན་སུམ་ ཚྡོགས་པའི་གཙྡོ་འཛིན་ འཇིགས་མེད་འྡོད་ཟེར་འཕྲིན་ ལས་ཀྱིས་ དགོངས་ཞུ་འབད་ བའི་སྐབས་ མ་འྡོངས་པའི་ དྡོན་ལུ་ ག་ཅི་ར་ འབད་ དགོཔ་ཡྡོདཔ་ཨིན་ན་ཚུ་ བལ་ ནི་ཨིན་ཟེར་ སབ་ཡྡོད་རུང་ ད་རེས་ཀྱི་གནས་སངས་ནང་ བལ་བ་ཅིན་ ཐབས་ཤེས་ག་ ནི་ཡང་ སྡོན་ཡྡོདཔ་བཟུམ་ མིན་འདུག། དེ་འབདཝ་ལས་ མི་ཚུ་གིས་ མ་འྡོངས་པའི་ནང་ འབྲེལ་ ཡྡོད་དབང་འཛིན་ཚུ་གིས་ འཐུས་མི་ཚུ་གི་དྡོན་ལུ་ གནས་ཡུན་མ་ཚངམ་ལས་ ངལ་གསྡོ་དུས་རིང་བྱིན་ནི་གི་ འྡོས་འབབ་ཚུ་ ག་དེ་སྦེ་ བྱིན་ ནི་ཨིན་ན་ལུ་ ཁྲིམས་བཟྡོ་ནི་ གི་ དུས་ཚྡོད་རན་ནུག་ཟེར་ སབ་དྡོ་ཡྡོདཔ་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.