ཕྱི་མི་ལྟ་བཤལཔ་ཚུ་གིས་ བཀྲིས་ཆོས་རྫོང་མཇལ་ནིའི་དོན་ལུ་ འཛུལ་འཐུས་སྤྲོད་དགོ་ནི །

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ སྤྱི་ཟླ་༩ པའི་ཚེས་༡ ལས་ བཀྲིས་ཆོས་རྫོང་མཇལ་བར་འགྱོ་ མི་ཚུ་ལུ་ འཛུལ་འཐུས་བཏབ་ དགོ་པའི་ ལམ་ལུགས་བཟྫོ་ ཡྫོདཔ་ཨིན་པས། འཐུས་བཏབ་ནི་དེ་ཡང་ གྲྭ་ཚང་ ལྷན་ཚྫོགས་ཀྱིས་ འབྲུག་ལྟ་ བཤལ་ཚྫོགས་སྡེ་དང་ འབྲུག་ ལྟ་བཤལ་ལམ་སྫོན་མཐུན་ ཚྫོགས་དང་གཅིག་ཁར་ གྲོས་ བསྟུན་འབད་བའི་ཤུལ་ལས་ ལམ་ལུགས་དེ་ བཟྫོ་ཡྫོདཔ་ ཨིན་པས། གྲྭ་ཚང་ལྷན་ཚྫོགས་ཀྱིས་ གནས་ཚུལ་གསར་བཏྫོན་འབད་ མི་དང་འཁྲིལཝ་ད་ལུ་ རྒྱལ་ ཁབ་ནང་ ཉིན་བསར་གྱི་འཐུས་ ཨུ་ཨེས་ཌོ་ལར་༢༠༠ དང་༢༥༠ རེ་ སྤྫོད་ཐྫོག་ལས་ འྫོང་མི་ཚུ་ ལུ་འབད་བ་ཅིན་ མི་ཕྫོག་ནི་ དང་ གཞན་ལྟ་བཤལཔ་ཚུ་ལུ་ འབད་བ་ཅིན་ འཐུས་བཏབ་ དགོ་ནི་ཨིན་པས། རྫོང་ནང་འཛུལ་བའི་སྐབས་ འཐུས་སྤྫོད་དགོ་མི་དེ་ཡང་ ངོ་ མ་ར་ ལྟ་བཤལཔ་ཚུ་ལུ་ ལམ་སྫོན་པའི་ཞབས་ཏྫོག་ནང་ རྫོང་ནང་ན་ ཆབ་གསང་དང་ གཞན་ཞབས་ཏྫོག་ཚུ་ ལེགས་ ཤྫོམ་སྦེ་ བྱིན་ཐབས་ལུ་ཨིན་ ཟེར་ཨིན་པས། འབྲུག་མི་ཚུ་ལུ་ འཐུས་བཏབ་ མི་དགོ་ནི་ཨིན་རུང་ ཕྱིའི་སྫོབ་ ཕྲུག་ཚུ་ཨིན་པ་ཅིན་ སྫོབ་གྲྭའི་ ངོ་སྤྫོད་ལག་ཁྱེར་ འཛུལ་ འཐུས་དངུལ་ཀྲམ་༡༥༠ བཏབ་དགོ་ནི་དང་ ཤྫོག་འཛིན་ དེ་ཡང་ རྫོང་གི་ཉེ་འདབས་ལུ་ ཡྫོད་མི་ སྫོ་ནམ་ལས་ཁུངས་ ཡིག་ཚང་གི་ཉེ་འདབས་ལུ་ འགྲེམས་སྟེགས་ཁང་ནང་ལས་ འཐྫོབ་ཚུགས་ནི་ཨིནམ་ད་ ལམ་སྫོན་པ་ཚུ་ཡང་ འབྲུག་གི་ ལམ་སྫོན་མཐུན་ཚྫོགས་ཀྱིས་ བདེ་སྒྲིག་འབད་ནི་ཨིན་པས། གཞུང་གི་ངལ་གསྫོ་དང་ བདུན་ཕྲག་མཇུག་ནང་འབད་བ་ ཅིན་ དྫོ་པ་ཆུ་ཚྫོད་༩ ལས་ཕྱེ་ ནི་དང་ ཉིནམ་གཞན་ཚུ་ནང་ འབད་བ་ཅིན་ ཉི་མའི་ཆུ་ཚྫོད་༢ ལས་ སྒོ་ཕྱེ་བཞག་ནི་ཨིན་ པས། ཧེ་མ་འབད་བ་ཅིན་ རྫོང་ མཇལ་བར་འྫོང་མི་ཚུ་གིས་ རྫོང་ནང་འགྱོ་སྟེ་ ཕྱི་ཁར་ལས་ བལྟ་སྟེ་ ལྫོག་འགྱོ་དྫོ་ཡྫོད་རུང་ ད་ལས་ཕར་ ལམ་སྫོན་པ་ཚུ་ ཡང་ རང་དང་གཅིག་ཁར་ འཁྱིད་ནི་འཐྫོབ་ནི་ཨིནམ་ལས་ རྫོང་ནང་གི་ ཁ་གསལ་ཚུ་ཡང་ ཤེས་ཚུགས་ནི་ཨིན་པས། ཉིན་བསར་གྱི་འཐུས་བཏབ་སྟེ་ རྒྱལ་ཁབ་ནང་འྫོང་མི་ ལྟ་ བཤལཔ་ཚུ་ལུ་ འཛུལ་འཐུས་ བཏབ་མ་དགོ་མི་དེ་ཡང་ ཁོང་ ཚུ་ རྒྱལ་ཁབ་ནང་འྫོངམ་ད་ ཌོ་ལར་ནང་ འཐུས་བཏབ་མི་ དེ་ནང་ རྩིས་རྐྱབ་ཡྫོདཔ་ལས་ དེ་གིས་འགབ་འྫོང་ཟེར་ཨིན་ པས། འབྲུག་ལམ་སྫོན་པ་མཐུན་ ཚྫོགས་ཀྱི་ མགྲིན་ཚབ་ཚུ་ གིས་ སབ་དྫོ་བཟུམ་འབད་བ་ ཅིན་ འཐུས་ཀྱི་ལམ་ལུགས་དེ་ དང་གཅིག་ཁར་ ལམ་སྫོན་པ་ ཚུ་ བདེ་སྒྲིག་འབད་ནིའི་དྫོན་ ལུ་ ལམ་སྫོལ་གྱི་ལམ་སྫོན་པ་ ཚུ་གིས་ ཁོང་དང་གཅིག་ཁར་ ཐྫོ་བཀོད་འབད་དགོ་ཟེར་ ཨིནམ་ད་ ཐྫོ་བཀོད་འབད་ ཡྫོད་མི་ཚུ་ལུ་ མགྱོནམ་ཚུ་དང་ འཁྲིལ་ བགོ་བཤའ་རྐྱབ་སྟེ་ གོ་སྐབས་བྱིན་འྫོང་ཟེར་ཨིན་ པས། ལམ་སྫོན་པ་ཚུ་ལུ་ འཐུས་ཚུ་ ཡང་ ཉིན་ཕྱེ་ཨིན་པ་ཅིན་ དངུལ་ཀྲམ་༥༠༠ དང་ ཉིནམ་ ཅིག་གི་དྫོན་ལུ་ཨིན་པ་ཅིན་ དངུལ་ཀྲམ་༡༠༠༠ སྦེ་ བཞག་ཡྫོདཔ་ཨིན་པས། འཛུལ་འཐུས་དེ་གིས་ ལམ་ སྫོན་པ་དང་ རྫོང་ནང་ན་སྫོད་ པའི་རིང་ ཆབ་གསང་དང་ གཞན་མཐུན་རྐྱེན་ཚུ་ སྤྫོད་ པའི་ཞབས་ཏྫོག་ཚུ་ གི་དྫོན་ལུ་ འཐུས་བཟུམ་ཅིག་ཨིན་པས། ཕྱི་མི་ཚུ་གིས་ ད་ལས་ཕར་ རྫོང་དེ་གི་སྐོར་ལས་ ཁ་གསལ་ ཚུ་ ཤེས་ཚུགས་ནི་ཨིན་རུང་ འཐུས་དེ་ མཐྫོ་དགཔ་བཟུམ་ ཡྫོདཔ་ཨིན་པས། ད་ལྟྫོའི་གནས་སངས་ནང་འབད་ བ་ཅིན་ ལུང་ཕྫོགས་ཀྱི་ལྟ་ བཤལཔ་ཚུ་གིས་ འཐུས་ག་ནི་ ཡང་ བཏབ་མ་དགོ་ནི་དེ་གིས་ རྫོང་ནང་མཇལ་བར་འྫོང་དྫོ་ཡྫོད་ པའི་ཁར་ ནང་ན་ལྷྫོདཔ་ད་ སྒྲིག་དང་མ་མཐུན་པའི་ བྱ་བ་ ཚུ་ཡང་ འབད་ས་མཐྫོངམ་ ཨིན་པས། ཨིན་རུང་ ད་ལས་ཕར་ ལམ་ སྫོན་པ་ཚུ་གིས་ ནང་ན་འགྱོཝ་ ད་ ག་ཅི་ར་ འབད་ཆོགཔ་ ཨིན་ན་ཚུའི་སྐོར་ལས་ གོ་ བཤད་འབད་བྱིན་ནི་ཨིནམ་ ལས་ མཛེས་ཏྫོག་ཏྫོ་ཡང་ མཐྫོང་ནི་ཨིན་པས། ཨིན་རུང་ འཐུས་དང་བསྟུན་ པའི་ ཞབས་ཏྫོག་ཚུ་ཡང་ བྱིན་ ནི་གི་ དམིགས་གཏད་ཡྫོདཔ་ ལས་ འཐུས་ཀྱི་ལམ་ལུགས་དེ་ འྫོས་འབབ་དང་ ལྡན་ཏྫོག་ཏྫོ་ ཡྫོད་ཟེར་ འགོ་དཔྫོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.