ཀྲོང་རྒེད་འོག་གི་དོན་ལུ་ རྒཔོ་བགྲེསཔ་གིས་ འདེམས་ངོ་གསརཔ་ ༢ དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས །

Bhutan Times - - Adverts -

འབྲི་མི:བསོད་ནམས།

༉ སྤྱིར་བཏང་འཛོམས་འདུ་ འགོ་བཙུགས་ཡོད་མི་དང་ འབྲེལ་ གཞལམ་སྒང་རོང་ ཁག་གི་ ས་གནས་གཞུང་གི་ དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གིས་ བསྐུལ་ བསྒྲགས་ཚུ་ འབད་བའི་ བསྒང་ཡོདཔ་ཨིན་པས། ཁ་ཙ་ གཞལམ་སྒང་རོང་ ཁག་གི་ རྒེད་འོག་༨ ཡོད་ མི་ལས་ ཁེངས་སོད་ ཀྲོང་ རྒེད་འོག་གི་ རྒཔོ་བགྲེསཔ་ གིས་ བེར་ཏི་དང་སག་མ་སྤྱི་ འོག་གི་དོན་ལུ་ སྤྱིར་ འཛོམས་འདུ་འབད་བའི་ སྐབས་ ཁོ་གིས་ ཁོ་ར་ ལོག་སྟེ་གདམ་འཐུ་འབད་བ་ ཅིན་ འཆར་གཞི་༡༡ པའི་ ནང་ མཇུག་བསྡུ་མ་ཚུགས་ མི་ འཆར་གཞི་གི་ལཱ་ཚུ་ བསམ་པ་རོགསཔ་སྦེ་ མཇུག་བསྡུ་སྟེ་ མི་སེར་ཚུ་ལུ་ རྩིས་སྤོད་འབད་ནི་ཟེར་བཤད་ ཅི། ཁོ་གིས་ ཁོ་ར་ ཧེ་མ་ཡང་ མི་སེར་ཚུ་གིས་ བོ་གཏད་དེ་ གདམ་འཐུ་འབད་ཡོདཔ་ལས་ ད་རེས་ཡང་ ལོག་སྟེ་ བོ་ གཏད་པའི་ རེ་བ་ཡོད་ཟེར་ ཨིནམ་ད་ ཁོ་གིས་ཡང་ མི་ སེར་གྱི་དོན་ལུ་ ཞབས་ཏོག་ ཚུ་ ཧེ་བ་ ལྷགཔ་སྦེ་ ཞུ་ནི་ ཟེར་ བཤད་ཅི། ཁོ་གིས་ ཁོ་ར་ རྒེད་འོག་ ནང་ དམངས་མི་ལས་འགོ་ བཙུགས་ རྒཔོ་ཤོ་ཐེངས་༢ ཕྱག་ཞུ་བའི་ ལོ་ངོ་༡༥ གི་ ཉམས་མོང་ཡོདཔ་ལས་ ཉམས་མོང་དེ་གི་ཐོག་ལས་ མི་སེར་ཚུ་གི་དོན་ལུ་ ཞབས་ ཏོག་བྱིན་ཚུགས་ཟེར་ཨིན་ པས། དེ་མ་ཚད་ ཁོ་གིས་ ཉམས་ མོང་དང་གཅིག་ཁར་ མི་ཚུ་ དང་གཅིག་ཁར་ འབྲེལ་བ་ ལེགས་ཤོམ་ཡོདཔ་ལས་ འབྲེལ་བ་དེ་གིས་སྦེ་ རྒེད་ འོག་གི་ འཆར་གཞི་གི་ལཱ་ ཚུ་ མཇུག་བསྡུ་ཚུགས་པའི་ ཁར་ འབད་ཚུགས་ཟེར་ཨིན་ པས། ཁོ་གིས་ སག་མ་ལུ་ ལྷ་ ཁང་གསར་བཞེངས་ འབད་ བའི་བསྒང་ཡོད་མི་དེ་ལུ་ཡང་ གྲོགས་རམ་ལེགས་ཤོམ་ འབད་དེ་ སྒྲུབ་ཚུགས་འབད་ ནི་ཟེར་ཨིནམ་ད་ མ་དངུལ་ ཁོ་ལས་ བཏོན་ནི་མེད་རུང་ འགོ་དཔོན་ཚུ་དང་གཅིག་ ཁར་ འབྲེལ་བ་བཟོ་སྟེ་ དུས་ཚོད་ཁར་མཇུག་བསྡུཔ་ འབད་ནི་ཟེར་ཨིན་པས། སྤྱི་འོག་དེ་གི་དོན་ལུ་ རྒཔོ་ གི་དོན་ལུ་ དོ་འགྲན་འབད་ མི་ སག་རྩི་རིག་གཞུང་མཐོ་ རིམ་སོབ་གྲྭ་ལས་ མཇུག་ བསྡུ་མི་༡ ཡང་ཡོདཔ་ད་ ཁོ་གིས་ ས་གནས་གཞུང་གི་ དོན་ལུ་ ཉམས་མོང་དགོ་ རུང་ ཉམས་མོང་དེ་ ལས་ ཀྱིས་ར་འཐོབ་ནི་ཨིནམ་ལས་ ཁོ་ལུ་ གོ་སྐབས་བྱིན་པ་ཅིན་ འབད་ཚུགས་ཟེར་ཨིན་པས། ཁོ་གིས་ ཞི་གཡོག་ནང་ ལོ་ ངོ་༡༣ དེ་ཅིག་གི་རིང་ ལཱ་ འབད་བའི་ཤུལ་ལས་ ལོག་ དཔེ་ཆ་ལྷབ་ཡོད་རུང་ ལོ་ ཚད་འབྱིད་ཡོདཔ་ལས་ ཞི་ གཡོག་ཆོས་རྒྱུགས་རྐྱབ་ནི་གི་ གོ་སྐབས་མ་འཐོབ་ལས་ བཅའ་མར་གཏོགས་ཡོདཔ་ ཨིན་པས། ཁོ་གིས་ ཁས་བངས་སོགས་ ག་ནི་ཡང་ འབད་ནི་མེད་ཟེར་ གཡུས་མི་ཚུ་གིས་ ཤིང་གི་ ཆོག་ཐམ་བཟུམ་ལེན་དགོཔ་ ད་ ལཱ་ཁག་སྦེ་ རྒེད་འོག་ ཡིག་ཚང་ནང་མེན་པར་ འགོ་ ཁྲིདཔ་ཚུ་གིས་ གཡུས་ཁར་ འགྱོ་ནི་གི་ ཐབས་ཤེས་ཚུ་ ཡང་ བལྟ་འོང་ཟེར་ཨིན་ པས། ཁོ་ར་ དཔེ་ཆ་ལྷབ་ས་ལུ་ དཔེ་བཞག་སྟེ་ རྒེད་འོག་དེ་ ནང་ཡང་ མཐོ་རིམ་སོབ་གྲྭ་ དགོཔ་ཡོདཔ་ལས་ དེ་གི་ དོན་ལུ་ མི་སེར་ཚུ་དང་ གཅིག་ཁར་ གྲོས་བསྟུན་ འབད་དེ་ འབད་འོང་ཟེར་ ཨིན་པས། གཞན་མི་འདེམས་ངོ་ ཚེ་ དབང་རིག་འཛིན་གྱིས་ ཁོ་ ར་ ཧེ་མ་ཡང་ སྤྱི་མི་འབད་ ཡོདཔ་ལས་ ཉམས་མོང་ ཡོད་ནི་དེ་གིས་ ཞབས་ཏོག་ ཞུ་ནི་གི་ རེ་བ་ཡོད་ཟེར་ ཁོ་ གིས་ཡང་ མི་སེར་ཚུ་ལས་ རྒྱབ་སྐྱོར་མཛད་གནང་ཟེར་ ཨིན་པས། ཁོ་གིས་ ཆུང་ཀུ་བསྒང་ལས་ དགེ་སོང་ནང་འཛུལ་ཏེ་ ཤུལ་ ལས་ དགོངས་ཞུ་འབད་དེ་ གཡུས་ཁར་སོད་ཡོདཔ་ད་ ད་ལས་ཕར་ གོ་སྐབས་ འཐོབ་པ་ཅིན་ ཀྲོང་རྒེད་འོག་ གི་ སྤྱི་འོག་ག་ར་ལུ་ གོང་ འཕེལ་གྱི་ལས་སྣ་ཚུ་ འདྲ་ མཉམ་སྦེ་ བྱིན་འོང་ཟེར་ཨིན་ པས།༔ ཁོ་གིས་འབད་བ་ཅིན་ རྒེད་ འོག་ནང་ མཐོ་རིམ་སོབ་གྲྭ་ གི་ འོས་འབབ་མེད་དེ་འབད་ རུང་ མ་འོངས་པའི་ནང་ གཙུགས་ཚུགསཔ་འབད་ནིའི་ དོན་ལུ་ ལམ་བཟོ་བཞག་ འོང་ཟེར་ མི་སེར་ཚུ་ལུ་ བཤད་ཡོདཔ་ད་ ཁོ་གིས་ ཡང་ ཁས་བངས་ལོགས་སུ་ སྦེ་ ག་ནི་ཡང་ འབད་ནི་ མེད་ཟེར་བཤད་ཅི། ཁ་ཙའི་འཛོམས་འདུ་ནང་ མི་༤༧ དེ་ཅིག་གིས་ འོང་ ཡོདཔ་ད་ དེ་ཚུ་ཡང་ ཁྱིམ་ གུང་རེ་ལས་ རེ་རེ་གི་རྩིས་ ཨིནམ་ད་ འཛོམས་འདུ་ སབས་ལུ་ ངོས་ལེན་འགོ་ དཔོན་གྱིས་ འདེམས་ངོ་ གཅིག་གིས་གཅིག་ལུ་ མ་ རུང་པའི་ཚིགས་ཚུ་ སབ་ནི་ ལས་ འཛེམས་དགོཔ་སྦེ་ སབ་ཅི། སྤྱི་འོག་དེ་ནང་ལས་ རྒཔོ་གི་ འདེམས་ངོ་༣ དང་ དམངས་མི་༡ དེ་ལས་ ཚོགས་པ་༥ ཡོད་མི་ལས་ ཨམ་སྲུ་༤ ཡོདཔ་ཨིན་པཧ། དམངས་མི་དེ་ ཕུད་རོག་ གཅིག་ལས་མེད་ནི་དེ་གིས་ དགོ་དང་མི་དགོ་གི་ ཚོགས་ རྒྱན་ཐོག་ལས་ གདམ་འཐུ་ འབད་ནི་ཨིན་པས། ཚོགས་པ་ཨམ་སྲུ་ཚུ་གིས་ འཐོབ་ནི་གི་ ག་དེ་སྦེ་ཨིན་ རུང་ བཅའ་མར་གཏོགས་ནི་ དེ་ གལ་ཆེ་བས་ཟེར་མནོ་སྟེ་ བཅའ་མར་གཏོགས་དོ་ཟེར་ བཤདཔ་ཨིན་པས། འཛོམས་འདུ་ནང་འོང་མི་ཚུ་ གིས་ རྒྱབ་སྐྱོར་ག་ལུ་འབད་ ནི་ཨིན་ན་ སབ་མ་ཤེས་རུང་ འདེམས་ངོ་ཚུ་གིས་ སབ་མི་ ཚུ་ ཉེན་ནི་དེ་ གལ་ཆེ་ཟེར་ སབ་ཨིན་པས། འདེམས་ངོ་ཚུ་ གསལ་ བསྒྲགས་འབད་བའི་སྐབས་ རང་གིས་སབ་ནི་གི་ དུས་ ཚོད་ནང་རྐྱངམ་ཅིག་ ནང་ན་ བཙུགས་ཡོདཔ་ད་ དེ་མིན་ ཕྱི་ཁར་སོད་བཅུག་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.