འདེམས་ངོ་མང་ཤོས་ཀྱིས་ སྒོ་བཤལ་སྐུལ་བསྒྲགས་ མི་འབད་ནི་ཨིནམ།

Bhutan Times - - Adverts - འབྲི་མི:བསོད་ནམས།

༉ ས་གནས་གཞུང་གི་ བཙག་འཐུ་ཐེངས་༢ པའི་ དོན་ལུ་ ཚོགས་རྒྱན་ བཙུགས་ནི་ རན་དོ་ཡོད་པའི་ ཁར་ འདེམས་ངོ་ཚུ་གིས་ སྤྱིར་བཏང་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ ཡོདཔ་ཨིན་རུང་ མང་ཤོས་ ཀྱིས་ སྒོ་བཤལ་གྱི་བསྐུལ་ བསྒྲགས་ མི་འབད་ནི་ཨིན་ པས། རོང་ཁག་ལ་ལུ་ནང་ སྤྱིར་ བཏང་འཛོམས་འདུ་ཚུ་ མཇུག་བསྡུ་ཡོད་པའི་ཁར་ མང་ཤོས་ཀྱིས་ ད་རེས་ཀྱི་ བདུན་ཕྲག་ནང་ལས་ བསྐུལ་ བསྒྲགས་ཚུ་ མཇུག་བསྡུ་ནི་ ཨིན་རུང་ མང་ཤོས་ཀྱིས་ སྒོ་བཤལ་བསྐུལ་བསྒྲགས་ འབད་ནི་བཟུམ་ མེདཔ་ཨིན་ པས། དེ་ཡང་ ཁྲུས་བབས་རན་མི་ དེ་གིས་ ཨིན་པའི་ཁར་ གཡུས་སྒོ་ཚུ་ཡང་ ཐག་རིང་ སར་ལས་ཕར་ ཡོད་ནི་དེ་ གིས་ འདེམས་ངོ་ཚུ་ལུ་ དུས་ཚོད་མི་འོང་ནི་ཨིནམ་ ལས་ ཨིན་རུང་ ཉེ་འདབས་ གཡུས་ཚན་ཚུ་ནང་ རེ་ གཉིས་ཀྱིས་ འབད་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས། མགར་ས་རོང་ཁག་ ལུང་ ནག་ན་གི་ འདེམས་ངོ་༧ ཡོད་མི་ག་ར་གིས་ ད་ལོ་ སྤྱིར་བཏང་འཛོམས་འདུ་ འབད་བའི་བསྒང་ཡོདཔ་ལས་ བསྐུལ་བསྒྲགས་བཀག་ འཛིན་འབད་ནི་གི་ དུས་ཚོད་ རནམ་ད་ལས་བརྒལ་ མཇུད་བསྡུ་མི་ཚུགས་ནི་ ཨིནམ་ལས་ དུས་ཚོད་མེད་ ནི་དེ་གིས་ སྒོ་བཤལ་འབད་ ནི་གི་ རེ་བ་མེདཔ་ཨིན་པས། ལང་ནག་ན་ལུ་འབད་བ་ཅིན་ གཡུས་ཚན་ཚུ་ ཁ་གཏོར་ཏེ་ ཡོད་ནི་དེ་གིས་ བདུན་ཕྲག་ ལས་བཅད་དེ་ འགོར་ནི་ ཨིན་པའི་ཁར་ གཡུས་ཚན་ ལ་ལུ་ རྒེད་འོག་ལྟེ་བ་ནང་ ལོད་ནི་ལུ་ ཞག་༡༠ དེ་ ཅིག་ འགོར་དོ་ཡོདཔ་ཨིན་ པས། དེ་བཟུམ་སྦེ་ གཞལམ་སྒང་ རོང་ཁག་གི་ འདེམས་ངོ་ཚུ་ གིས་ཡང་ སྒོ་བཤལ་འབད་ ནི་གི་ རེ་བ་མེད་མི་དེ་ཡང་ དུས་ཚོད་མེད་པའི་ཁར་ ཁྲུས་བབས་རན་མི་དེ་གིས་ ཨིན་པས། རྒཔོ་གི་འདེམས་ངོ་ ཆོས་ བཟང་གིས་ བཤད་དོ་བཟུམ་ འབད་བ་ཅིན་ སྤྱིར་བཏང་ འཛོམས་འདུ་ ཁ་ཙ་ལས་ མཇུག་བསྡུ་ཡོད་རུང་ སྒོ་ བཤལ་བསྐུལ་བསྒྲགས་མི་ འབད་ཟེར་ཨིན་པས། སྟག་རྩེ་རིག་གཞུང་མཐོ་རིམ་ སོབ་གྲྭ་མཇུག་བསྡུ་མི་ ཆོས་ བཟང་གིས་ རྒེད་འོག་ནང་ ཁོ་ར་ གདམ་འཐུ་འབད་བ་ ཅིན་ བསྒྱུར་བ་འབག་ ཚུགས་ཟེར་ བཤད་དོ་ ཡོདཔ་ད་ ཁོ་གིས་ ད་རེས་ ཀྱི་དུས་ཚོད་ནང་ ཤེས་ཡོན་ ཅན་གདམ་འཐུ་འབད་དགོཔ་ གལ་ཆེ་ཟེར་བཤད་ཅི། ཁོ་གིས་ བུ་ལི་ལུ་ བསྐུལ་ བསྒྲགས་འབད་བའི་སྐབས་ བུ་ལི་དེ་ གཞན་སྤྱི་འོག་ཚུ་ དང་ཕྱདཔ་ད་ ཡར་རྒྱས་ འགྱོ་སྟེ་ཡོདཔ་ལས་ བཙག་ འཐུ་འབད་བ་ཅིན་ གཡུས་ ཚན་དེ་ གཡུས་ཚན་དཔེ་ བཞག་ས་སྦེ་ ངོས་འཛིན་ འབད་དེ་ གཞན་གཡུས་མི་ ཚུ་ཡང་ དཔེ་བལ་བར་ འཁྱིད་འོང་ཟེར་བཅད་ཅི། ཁེངས་སྟོད་ནང་སྐོར་རྒེད་ འོག་གི་འདེམས་ངོ་ཨིན་མི་ ཆོས་བཟང་གིས་ རྒཔོ་ བགྲེསཔ་རོ་རྗེ་དབང་ཕྱུག་ དང་ རྒེད་འོག་དེ་གི་ དམངས་མི་ཨིན་མི་ ལ་མོ་ རྒྱལ་མཚན་དང་གཅིག་ཁར་ རྒཔོ་གི་དོན་ལུ་ དོ་འགྲན་ འབད་ནི་ཨིནམ་ད་ ནང་སྐོར་ རྒེད་འོག་ནང་ རྒཔོ་གི་དོན་ ལུ་ དོ་འགྲན་འབད་མི་ ཁོངས་༣ ཡོདཔ་ཨིན་པས། ལ་མོ་རྒྱལ་མཚན་གྱིས་ ཁོ་ ར་ ཧེ་མ་ སོབ་དཔོན་ འབད་བའི་ཤུལ་ལས་ རྒེད་ འོག་གི་དམངས་མི་འབད་ ཡོདཔ་ད་ དུས་ཅི་འབདཝ་ ད་ སྤྱི་འོག་འཛོམས་འདུ་ ནང་ དགོ་ཟེར་མི་༨༣ དང་ མི་དགོ་ཟེར་མི་༨༠ འཐོབ་ སྟེ་ གདམ་འཐུ་འབད་ ཡོདཔ་ད་ ཁོ་གིས་ སྐྱིད་ མཁར་སྤྱི་འོག་ནང་ འཛོམས་འདུ་འབད་བའི་ སྐབས་ ཁོ་གིས་ འགན་ ཁུར་ག་ཅི་བཟུམ་ཡང་ འབག་ནི་ལུ་ གྲ་འགྲིག་ཡོད་ རུང་ ཁས་བླངས་འབད་ནི་ ག་ནི་ཡང་མེད་ཟེར་ཨིན་པས། གནས་མཁར་སྤྱི་འོག་གི་ དམངས་མང་འདེམས་ངོ་ བསོད་ནམས་གཡང་ཅན་ གྱིས་ཡང་ སྒོ་བཤལ་འབད་ ནི་གི་ རེ་བ་མེད་རུང་ མོ་ གིས་ སྤྱི་འོག་ནང་ལས་ གདམ་འཐུ་འབད་ཡོདཔ་ ལས་ ད་རུང་ གདམ་འཐུ་ འབད་བ་ཅིན་ རྒེད་འོག་ནང་ ཨམ་སྲུ་ནང་འཁོད་རྩུབ་སྤོད་ ཀྱི་ དཀའ་ངལ་ཡོད་མི་ཚུ་ ལུ་ གྲོགས་རམ་འབད་ནི་ ཨིན་ཟེར་ཨིན་པས། སོབ་རིམ་༡༠ མཐར་འཁྱོལ་ མི་གིས་ རྒེད་འོག་ནང་ལས་ དམངས་མི་གི་དོན་ལུ་ དོ་ འགྲན་འབད་མི་ ཨམ་སྲུ་མོ་ ར་རྐྱངམ་ཅིག་ཨིནམ་ལས་ གདམ་འཐུ་འབད་བ་ཅིན་ མི་སེར་ཚུ་ཡང་ དཔའ་ ཉམས་སྐྱེད་ནི་གི་ གཞི་ཅིག་ ཡང་འོང་ཟེར་བཤད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.