བསོད་ནམས་ཕུན་ཚོགས་ཀྱིས་ ད་རུང་ རྒུད་འཐུས་ཏི་རུ་ ལེན་གནང་ དགོཔ་སྦེ་ ཁྲིམས་འདུན་ལུ་ཞུ་ཡོདཔ།

Bhutan Times - - Adverts -

འབྲི་མི:ལྷག་པ་ཚེ་རིང་།

༉ དལ་དབང་བརྡ་བརྒྱུདཔ་ རྣམ་རྒྱལ་བཟང་མོ་དང་ བསོད་ནམས་ཕུན་ཚོགས་ དེ་ལས་ ཌོག་ཊར་ ཤཀྱཱ་ དབང་མོ་གསུམ་གྱི་རོད་ བཤེར་གྱིས་ ར་ཕན་གསུམ་ ཆ་ར་ལུ་ སེམས་ཁམས་ཀྱི་ ནད་གཞི་བྱིན་མས་ཟེར་ བཤད་ཅི། དེ་ཡང་ བསོད་ནམས་ཕུན་ ཚོགས་ཀྱིས་འབད་བ་ཅིན་ རྣམ་རྒྱལ་བཟང་མོ་གིས་ མི་ སྡེ་བརྡ་བརྒྱུད་ནང་ ཁོ་གི་ སྐོར་ལས་ བཙུགས་པའི་ ཤུལ་ལས་ ཕྱི་རུ་ ཞག་ཡང་ ལེགས་ཤོམ་སྦེ་ ཉལ་མ་ ཚུགས་པའི་ཁར་ རོད་ བཤེར་དེ་གི་སྐོར་ལས་ མི་ཚུ་ གིས་ ཁོ་ལུ་ དྲི་བཀོད་ འབད་མི་ ལེ་ཤ་ཐོན་མས་ ཟེར་ སྤྱི་ཚེས་༢༦ ལུ་ ཐིམ་ཕུག་རོང་ཁག་ཁྲིམས་ འདུན་ལུ་ཞུ་ཡི། དེ་འབདཝ་ལས་ ཁོ་གིས་ ཁྲིམས་འདུན་ལུ་ ཁོ་ར་ སྨན་ཁང་གིས་ སེམས་ ཁམས་ཀྱི་ནད་གཞི་འཐོབ་ ཡོདཔ་ལས་ ཟླ་ངོ་༦ གི་ སྨན་ཟ་དགོཔ་སྦེ་ སླབ་ཡོད་ མི་ལུ་ རྒྱལ་ཡོངས་ལས་མི་ གི་གླ་རྩིས་རྐྱབ་སྟེ་ ཟླ་ངོ་༦ གི་ རྒུད་འཐུས་སྦེ་ དངུལ་ ༢༢༥༠༠ ཐམ་པ་ ཁོང་ གཉིས་ལས་ལེན་ཏེ་ གནང་ དགོཔ་སྦེ་ཞུ་ཡི། དེ་མ་ཚད་ བསོད་ནམས་ ཕུན་ཚོགས་ཀྱིས་ རྒྱལ་ཁ་ ཐོབ་པ་ཅིན་ རོད་བཤེར་ ནང་ཡོད་མི་ཡོངས་བསོམས་ མ་དངུལ་ལས་ བརྒྱ་ཆ་༡༠ འབདཝ་ད་ དངུལ་ཀྲམ་ས་ ཡ་༢.༥༩ དེ་ཅིག་ ཐོན་མི་ དེ་ཡང་ ཁོ་ར་ལེན་གནང་ དགོཔ་སྦེ་ཞུ་ཡི། རྣམ་རྒྱལ་བཟང་མོ་དང་ ཤཀྱཱ་དབང་མོ་གིས་ཡང་ རོད་བཤེར་དེ་གིས་ སེམས་ ལུ་སྡུག་བསྔལ་ཚད་མེད་བྱིན་ ཏེ་ཡོདཔ་ལས་ ཤཀྱཱ་དབང་ མོ་གིས་ ཚར་གསུམ་དེ་ ཅིག་ རང་སོག་བཅད་ནི་གི་ དཔའ་ཡང་བཅམ་ཡི་ཟེར་ཞུ་ ཡོདཔ་དང་ མོ་གིས་ གཡོག་འཚོལ་ཏེ་ ག་ཏེ་འགྱོ་ རུང་ མི་ཚུ་གིས་ མོ་རའི་ སྐོར་ལས་མེན་པར་ རོད་ བཤེར་དེ་གི་སྐོར་ལས་ དྲི་ནི་ འདུག་ཟེར་ཞུ་ཡི། བསོད་ནམས་ཕུན་ཚོགས་ ཀྱིས་ རྒུད་འཐུས་དེ་ཡང་ ཁོ་ར་ སྨན་ཁང་ལས་ ཟླ་ངོ་ ༦ ཙམ་ སྨན་ཟ་སྟེ་ངལ་ གསོ་སོད་དགོཔ་ལས་ རྒྱལ་ ཡོངས་ལས་མི་གི་ གླ་ཆ་ རྩིས་རྐྱབ་སྟེ་ ལེན་གནང་ ཟེར་ ཁྲིམས་འདུན་ལུ་ ཞུ་ ཡི། ཁོ་གིས་ ད་ལོ་གི་རོད་གཞི་ དེ་ ཧེ་མ་ལས་ འཁྲུན་ཆོད་ གནང་ཚར་བའི་ རོད་བཤེར་ ཅིག་ཨིན་རུང་ རྣམ་རྒྱལ་ བཟང་མོ་གིས་ ཡིད་ཆེས་མ་ སྐྱེད་པར་ ཡོངས་འབྲེལ་ འཆར་སྒོ་ནང་ བཙུགས་ ཡོད་མི་དེ་ མི་དཀར་ལ་ ཞྭ་གནག་སྤུབས་པ་ཨིན་ མེན་ བརྟག་དཔྱད་མཛད་ གནང་ཟེར་ཞུ་ཡི། རྣམ་རྒྱལ་བཟང་མོ་གིས་ བསོད་ནམས་ཕུན་ཚོགས་དེ་ ཤོབ་རྐྱབ་མི་དང་གཡོ་སྒྱུ་ ཅན་ཨིན་ཟེར་ སླབ་ཡོད་མི་ དེ་ཡང་ མོ་ར་གིས་ར་ ར་ ཁུངས་བཀལ་དགོ་ཟེར་ཞུ་ ཡོདཔ་ད་ ཡོངས་འབྲེལ་ ནང་ མ་ཐོན་པའི་ཧེ་མ་ལས་ ར་ ང་ར་ མི་སྡེ་ནང་བརྡབ་ གསིག་རྐྱབ་མི་ཨིནམ་སྦེ་ ཞུ་མི་དེ་ལུ་ཡང་ མོ་ར་གིས་ ར་ཁུངས་བཀལ་དགོ་ཟེར་ཞུ་ ཡི། བསོད་ནམས་ཕུན་ཚོགས་ ཀྱིས་ ཏི་རུ་བསྐྱི་བཅུག་མི་དེ་ ཁོ་ར་རྐྱངམ་ཅིན་མེན་པར་ མི་ག་ར་གིས་ དཀའ་ངལ་ ཐོནམ་ད་ དེ་བཟུམ་འབད་ མི་འདུག་ཟེར་ཞུ་ཡོདཔ་དང་ ཤཀྱཱ་དབང་མོ་གིས་ བསོད་ ནམས་ཕུན་ཚོགས་ལུ་ གན་ ཡིག་ནང་བརྫུས་མ་བཟོ་ནུག་ ཟེར་ ཁ་ཉེས་འབད་མི་དེ་ ཡང་ བསྒྱུར་བཅོས་འབད་ ཡོད་མི་ ཡི་གུ་ངོ་མ་དེ་ ཤཀྱཱ་མོ་ར་གིས་བཏོན་དགོཔ་ འོང་ཟེར་ཞུ་ཡི། བསོད་ནམས་ཕུན་ཚོགས་ ཀྱིས་ ལྕང་ཟམ་ཏོག་ལུ་ཡོད་ མི་ སྒྲིང་ཁྱིམ་དེ་ ཁོ་གིས་ སྐྱེད་གུ་བྱིན་མི་ མ་དངུལ་དེ་ ལས་བརྟེན་ འཕོགས་ནི་གི་ རྩིས་རྐྱབ་མས་ཟེར་མི་དེ་ ཡང་ མོ་ར་གིས་ར་ ར་ ཁུངས་བཀལ་དགོ་ཟེར་ ཨིནམ་དང་ ཁོ་གིས་ སྒྲིང་ ཁྱིམ་དེ་ འབུམ་༣༥༠ སྦེ་ ཉོ་བའི་སྐབས་ ཌོག་ཊར་གྱི་ ཨའི་ རྟ་མགྲིན་བུ་དར་མེད་ རུང་ བུམོ་བསོད་ནམས་ དབང་མོ་གིས་ གན་རྒྱ་རྐྱབ་ སྟེ་ མོ་རའི་གཡུས་ ཕག་ མདའ་ནང་ལུ་ གན་ཡིག་དེ་ འབག་འགྱོ་སྟེ་ ཨའི་གི་ མཚན་རྟགས་ཨིན་ཟེར་ ལག་རྗེས་རྐྱབ་སྟེ་འབག་འོང་ དེས་ཟེར་ཞུ་ཡི། བསོད་ནམས་ཕུན་ཚོགས་ ཀྱིས་ གནད་དོན་ཁག་༢༥ ལུ་ བཅུད་བསྡུ་སྟེ་ ཞུ་ཡོད་ མི་གི་ལན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ རྣམ་ རྒྱལ་བཟང་མོ་དང་ཤཀྱཱ་ དབང་མོ་གིས་ ཕུལ་ནི་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.