འགྲ་མེད་རྩེ་རྔ་འཆམ་གྱི་སྐོར།

འབྲི་མི:ལྷག་པ་ཚེ་རིང་།

Bhutan Times - - Home -

༉ གཏེར་ཆེན་བཞི་པ་ རིག་འཛིན་པདྨ་གླིང་པའི་ སྐུ་གསུང་ཐུགས་ཀྱི་སྲས་ ཀུན་དགའ་རྒྱལ་མཚན་ཟེར་ ཡོངས་གྲགས་ལུ་ མཁས་ སྒྲུབ་ཀུན་དགའ་དབང་པོ་ ཞུ་མི་འདི་ ཞིང་ཁམ་ནང་ མཁའ་འགྲོ་མ་རྣམས་ཀྱིས་ གདན་དྲངས་ཏེ་ ཨོ་རྒྱན་ རིན་པོ་ཆེ་དང་ ཤྲཱི་སིངྷ་། འཇམ་དཔལ་བཤེས་གཉེན། སོབ་དཔོན་ཀླུ་སྒྲུབ་དང་ དགའ་རབ་རོ་རྗེ་ཚུ་མཇལ་ཏེ་ ཆོས་ཞུ་བའི་གཟིགས་སྣང་ ཚར་ལྔ་བྱུང་ཡོདཔ་ཨིན་པས། གནམ་ལོ་༡༥༣༠ ལྕགས་ཕོ་ སྟག་ལོར་ འགྲ་མེད་རྩེ་རྣམ་ གྲོལ་ ཨོ་རྒྱན་ཆོས་གླིང་གི་ གཙུག་ལག་ཁང་བཞེངས་ ཡོདཔ་ད་ གཉིད་ལམ་ནང་ ལུ་ བུམོ་གསུམ་གྱིས་ མཁས་གྲུབ་འདི་ དག་པའི་ ཞིང་ཁམས་ ལེ་ཤ་གཅིག་ སྟོན་ནི་ཡོད་ཟེར་སབ་སྟེ་ ཁྱིད་འགྱོ་སྟེ་ འདི་ནང་ འཕེབས་ད་ ཕོ་བྲང་འདི་ ཟངས་མདོག་དཔལ་རི་ རང་བྱུང་སྤྲུལ་པའི་ཞིང་ ཁབས་ཀྱི་ སྦུག་ལུ་ རིན་པོ་ ཆེ་སྣ་ཚོགས་ བརྩེགས་པའི་ ཁྲིཐོག་ལུ་ གུ་རུ་མཛུམ་ གསལ་དང་ལྡནམ་སྦེ་ བཞུགས་ས་གཟིགས་ནུག། དེ་ལས་ གུ་རུའི་ཞལ་ལས་ མཁས་གྲུབ་ཀུན་དགའ་རྒྱལ་ མཚན་ལུ་ ཁྱོད་གནས་འདི་ ནང་ལོད་དེ་ ཐུགས་དགྱེས་ ཡི་ཟེར་ གསུངས་ཞིན་ན་ མཁས་གྲུབ་ལུ་ གར་འཆམ་ མཇལ་ཁ་གནང་ནུག། དེ་ ལས་ མཁས་གྲུབ་ཀུན་ དགའ་རྒྱལ་མཚན་ལུ་ མི་ ཡུལ་ལུ་ ལོག་ཡོདཔ་ད་ གར་འཆམ་དེ་ ག་ཨིནམ་སྦེ་ སེམས་ཅན་ཐམས་ཅད་ ཕན་ཐབས་ཀྱི་དོན་ལུ་ དར་ ཁྱབ་བཏང་དགོ་ཟེར་ བཀའ་ གནང་ནུག། དེ་འབདཝ་ལས་ འགྲ་མེད་ རྩེ་རྔ་འཆམ་དེ་ གཏེར་སྟོན་ རིག་འཛིན་ཆེན་པོ་ པདྨ་ གླིང་པ་གིས་ དུས་རབས༡༦ པའི་ནང་ འགོ་ཐོག་དང་པ་ མཛད་གནང་ཞིནམ་ལས་ ཚུར་ དར་ཁྱབ་སོང་ནུག། ད་ལོ་ མོང་མགར་ལུ་ཡོད་ པའི་ གཡུས་འགྲ་མེད་རྩེའི་ མིང་ལུ་ ཧེ་མ་འབད་བ་ཅིན་ བྷྲ་མེད་རྩེ་ཟེར་ སབ་སྲོལ་ ཡོད་རུང་ ཤུལ་ལས་ གཡུས་འདི་ནང་ འགྲ་མེད་ རྩེ་རྣམ་གྲོལ་ ཨོ་རྒྱན་ཆོས་ གླིང་གི་ གཙུག་ལག་ཁང་ བཞེངས་ཞིནམ་ལས་ སངྱས་ཀྱི་བསྟན་པ་དར་ཏེ་ གནས་ཕུན་སུམ་ཚོགས་པ་ གཅིག་ལུ་གྱུར་ནུག། དེ་ལས་ གཡུས་འདི་གི་མིང་ ལུ་ཡང་ འགྲ་མེད་རྩེ་ཟེར་ དརཝ་མ་ཚད་ འཆམ་གྱི་ མིང་ཡང་ གཡུས་ཀྱི་མིང་ འདི་ལུ་ གཞི་བཞག་སྟེ་ མཁའ་འགྲོ་བརྒྱའི་གཙོ་མོ་ རོ་རྗེ་རྣལ་འབོར་མའི་སྤྲུལ་པ་ ཨ་ནེ་མཆོད་རྟེན་བཟང་མོ་ གིས་ འགྲ་མེད་རྩེ་རྔ་འཆམ་ ཟེར་བཏགས་གནང་ནུག། འགྲ་མེད་རྩེརྔ་འཆམ་མཛད་ གནང་མི་ མཁས་གྲུབ་འདི་ ཨོན་གུ་རུ་རིན་པོ་ཆེའི་ ཞལ་ དངོས་སུ་མཇལ་ཞིནམ་ལས་ གུ་རུ་རིན་པོ་ཆེ་གིས་ རྔ་ འཆམ་གྱི་རྩ་ཚིག་ ག་སྟོན་ གནང་མི་དེ་ མ་འཛོལ་བར་ མཛད་གནང་པའི་འཆམ་ ཁྱད་དུ་འཕགས་པ་ཅིག་ ཨིནམ་ལས་ འགྲ་མེད་རྩེ་རྔ་ འཆམ་འཐོནམ་ད་ བསུ་བ་ སེར་སྦྲེང་འབད་སྲོལ་ཡོདཔ་ མས། ཧེ་མ་ འབོར་པ་དང་ལྡན་མི་ ཚུ་ ལཱ་ཁག་སྦེ་ འགྲ་མེད་ རྩེ་ལུ་ རྔ་འཆམ་མཇལ་བར་ འོང་མི་ཚུ་གིས་ ཕྱག་འཚལ་ སྙན་དར་ཕུལ་སྲོལ་ཡོདཔ་ ལས་བརྟེན་ཏེ་ རྔ་འཆམ་ཀྱི་ སྐབས་ལེགས་དར་ ཕུལ་ དགོཔ་ཨིན་པས། འཆམ་གནང་བའི་སྐབས་ལུ་ ཞལ་འབག་གི་ གོ་རིམ་ཡང་ དཀར་གསེར་སེངྒེའི་མགོ་ ཅན། དཀར་དམར་ཁྱུང་གི་ མགོ་ཅན། སྔོན་པོ་འབྲུག་གི་ གདོང་ཅན། དམར་གནག་ གཡག་གི་གདོང་ཅན། སེར་ གནག་གཟིག་གི་གདོང་ཅན། སྔོན་པོ་རའི་གདོང་ཅན། ལྗང་གནག་སྦྲུལ་གྱི་གདོང་ ཅན། གནག་པོ་བ་རོག་ གདོང་ཅན། དམར་གནག་ རྟའི་གདོང་ཅན། མཐིང་ག་ འུག་པའི་གདོང་ཅན། དམར་ སྐྱ་ཤཱ་བའི་གདོང་ཅན། ལྗང་ སེར་ཕག་གི་གདོང་ཅན། དམར་སེར་ཁྱིའི་གདོང་ཅན། དམར་མོ་དོམ་གྱི་གདོང་ཅན། གནག་མོ་སྟག་གི་གདོང་ཅན་ དང་ དམར་ལྗང་གླང་གི་ གདོང་ཅན་ཚུ་ཨིན་པས། ཕྱིའི་རྣམ་ལུ་ སེངྒེ་ རི་ དྭགས་སེམས་ཅན་ཚུ་གི་ རྒྱལཔོ་ཨིནམ་ལས་ ཞི་ཁྲོའི་ ལ་ཚོགས་ཚུ་ མི་འཇིགས་ པའི་ སྒྲ་བཞི་ དང་བདུད་བཞི་་ལས་ རྒྱལ་ བའི་དཔའ་བོ་ འཇིགས་པ་ མེད་པའི་བར་མཚོན་ལུ་ སེངྒེ་གདོང་ཅན་ འཆམ་ དཔོན་འབད་ ཧེ་མ་འཐོན་ དགོཔ་ཨིན་པས། འདི་བཟུམ་སྦེ་ རྔ་འཆམ་དེ་ གསོན་པོའི་དོན་ལུ་ ཞི་ཁྲོའི་ མཐོང་གྲོལ་དང་ གཙོ་བོ་ བསམ་གཏན་ བར་དོའི་ མཚོན་བྱེད་ལུ་ བཞགཔ་ ཨིན་མས། བར་དོའི་འཆམ་ འདི་ གླང་གི་མགོ་ཅན་གྱི་ ཁྱིད་དེ་རྐྱབ་ཨིནམ་ལས་ གཤིན་པོའི་དོན་ལུ་ ཆོས་ ཉིད་བར་དོའི་ ལ་ཚོགས་ཚུ་ ཤར་བའི་ཁུངས་ལུ་ གླང་གི་ མགོ་ཅན་དེ་ འཆམ་མཇུག་ སྦེ་རྐྱབ་ཨིན་མས།

Newspapers in English

Newspapers from Bhutan

© PressReader. All rights reserved.