མི་དབང་མངའ་ཞབས་མཆོག་ ལ་ཡ་ལུགཟིགས་སྐོར།

Bhutan Times - - Advert - ལྷག་པ་ཚེ་རིང་།

ལས་ གཡུས་ཚན་ཁག་ཚུ་ ནང་ གཟིགས་སྐོར་གནང་ནི་ ཨིནམ་མ་ཚད་ ཁྱེགས་མཚོ་ དག་པ་ཅིག་ནང་ཡང་ གཟིགས་ཞིབ་ གནང་ནི་ ཨིན་པས། གནམ་གཤིས་འགྱུར་བགྲོད་ ལས་ ཁྱེགས་མཚོའི་ཁྱེགས་ དེ་ཚུ་ བཞུ་འགྱོཝ་ད་ ཁྱེགས་མཚོ་ཚུ་ ཆད་འགྱོ་བ་ ཅིན་ ཆུ་རུད་སོམ་འཐོན་ནིའི་ ཉེན་ཁ་ཡོདཔ་ལས་ ས་ ཁོངས་ཚུ་ནང་ གཟིགས་ ཞིབ་གནང་ནི་ཨིནམ་མ་ཚད་ འདི་ནང་ ལཱ་འབད་མི་ཚུ་ དང་ མཇལ་ཕྲད་གནང་ནི་ ཨིན་པས། སྤྱི་ལོ་༢༠༠༨ ལུ་མི་དབང་ མཆོག་གིས་ གསེར་ཁྲི་ མངའ་གསོལ་ མ་མཛད་ པའི་ཧེ་མ་ ལུག་ནག་ནང་ལུ་ ཆིབས་སྐྱོད་གནང་ཡོད་པའི་ གནས་ཚུལ། བཙུགས་ཡོདཔ་ཨིན་པས། ལུག་ནག་ན་ གཡུས་ཚན་དེ་ བརྒྱ་མཚོའི་ གནས་ཚད་ ལས་ མི་ཊར་༤,༢༠༠ གི་ ས་ཁ་མཐོ་སར་ ཆགས་ ཡོདཔ་ལས་ ས་གནས་དེ་ ནང་འགྱོཝ་ད་ ལ་མཐོ་ཚད་ མི་ཊར་༥,༢༥༠ འབད་མི་ གངས་ལ་དཀར་ཅུང་ བརྒལ་ཏེ་ ག་ནི་བ་ཉེན་ཁ་ཆེ་ བའི་ ལམ་ཚུ་བརྒྱུད་ཞིནམ་ ལས་ ལྷོད་དོ་ཡོདཔ་མས། ལམ་དེ་ཚུ་ཡང་ མང་ཤོས་ རང་ ཁཝ་གི་བཅད་དེ་ འགྲོ་འགྲུལ་འཐབ་མ་ ཚུགསཔ་མ་ཚད་ འབྲུག་གི་ གཙང་ཆུ་སོམ་ཚུ་གི་ རྐ་ འགོའི་ཁྱིགས་མཚོ་ དག་པ་ གཅིག་ཡང་ ལུག་ནག་ནང་ ཡོདཔ་ཨིན་པས། མི་དབང་མཆོག་ ལུག་ནག་ ནང་ལུ་ འཕེབས་ཞིནམ་ ཆགས་ཡོདཔ་ཨིན་པས། མི་དབང་མངའ་ཞབས་ མཆོག་གིས་ དུས་སོན་གྱི་ སྐབས་སུ་ཡང་ མི་སེར་ཚུ་ དང་ མཇལ་ཕྲད་མཛད་ ཡོདཔ་མ་ཚད་ ཉིན་གྲངས་༣ གི་ དུས་སོན་འདི་ མཇུག་ བསྡུ་ ཞིནམ་ལས་ ལ་ཡ་ གཡུས་ཚན་གྱི་ ལྷ་ཁང་དང་ སོབ་གྲྭ་ དེ་ལས་ཁ་གཏོར་ ཡོད་པའི་ གྲོང་ཁྱིམ་ཚུ་ནང་ གཟིགས་སྐོར་གནང་སྟེ་ མི་ སེར་ཚུ་དང་ མཇལ་ཕྲད་ མཛད་གནང་ཡོདཔ་ཨིན་ པས། དེ་ལས་ མི་དབང་མཆོག་ གིས་ ལ་ཡ་ལས་ འཛམ་ གླིང་རྒྱལ་སྤྱི་གིས་ ཨིས་ནོ་ མེན་ལ་བཤལ་བདའ་སྟེ་ ཉིན་གྲངས་༦ གི་རིང་ ཞབས་སོང་སྦེ་ ལུག་ནག་ ནང་ལུ་ འབོན་ནི་ འགོ་ འགྱོ་ཡོདཔ་མ་ཚད་ མཛེས་ ཆ་ལྡན་པའི་ གཡུས་སྒོ་དེ་ ནང་ ལྷན་ཁག་དང་ལྷན་ ཚོགས་ དྲག་ཁག་༣ གི་ དམག་མི་དང་ གཞུང་དང་ སྒེར་སྡེ་གི་ ལས་བྱེདཔ་ཚུ་ གིས་ བཅའ་མར་གཏོགས་ གནང་ཡི། ག་ནི་བ་མཛེས་ཆ་ལྡན་པའི་ དུས་སོན་འདི་ནང་ ས་ཁ་ མཐོ་སའི་ མི་སེར་ཚུ་གིས་ རང་ལུགས་ཀྱི་ གླུ་གཞས་ དང་ སྤོ་བ་ཆེ་བའི་ ལས་ རིམ་ཚུ་ སྤྱན་འབུལ་ཞུ་ཡི། ལ་ཡ་གཡུས་ཚན་འདི་ རྒྱ་ མཚོའི་གནས་ཚད་ལས་ མི་ ཊར་༣,༨༠༠ དེ་ཅིག་གི་ ས་ ཁ་མཐོ་སར་ ཆགས་ཡོདཔ་ ད་ དུས་སོན་བརྩི་སྲུང་ཞུ་ སའི་ ས་གནས་ ལང་སྒོ་ ཐང་ཟེར་མི་འདི་ མི་ཊར་ ༤,༠༠༠ གི་ས་ཁ་མཐོ་སར་ ༉ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་གིས་ མགར་ས་རོང་ཁག་ ལ་ཡ་ལུ་ ཉིན་གྲངས་༣ གི་རིང་ འགོ་ འདྲེན་འཐབ་མི་ རྒྱལ་འཛིན་ ལ་ཁ་མཐོ་སའི་དགའ་སོན་ བརྩི་སྲུང་ཞུ་ས་བོན་གནང་ཡི། སྤྱི་ཟླ་༡༠ པའི་ཚེས་༡༦ ལས་༡༨ ཚུན་བརྩི་སྲུང་ ཞུ་ ཡོད་པའི་དུས་སོན་འདི་ནང་ ས་གནས་གཞན་གྱི་ ས་ཁ་ མཐོ་སའི་མི་སྡེ་དང་ གཞན་ ཡང་ རྒྱལ་ཁབ་་ནང་འཁོད་ དང་ ཕྱི་རྒྱལ་གྱི་ མི་སེར་ བརྒྱ་ལས་ལྷགཔ་སྦེ་འཛོམས་ ནུག། དུས་སོན་འདི་ནང་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ འཕེབས་ཞིནམ་ལས་ གནམ་གཤིས་་གནས་སངས་ ཡང་ ག་ནི་བ་ཧིང་སང་ས་

Newspapers in English

Newspapers from Bhutan

© PressReader. All rights reserved.