ལྷག་པ་ཚེ་རིང་།

Bhutan Times - - Supplement -

གཞུང་གྲྭ་ཚང་གིས་ སྐྱབས་ རྗེ་རིན་པོ་ཆེའི་ དབུ་ བཞུགས་ཐོག་ལས་ སྤ་རོ་ལུ་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༢༣ ལས་༢༩ ཚུན་ ཉིན་གྲངས་ བདུན་གྱི་རིང་ལུ་ སོན་ལམ་ ཆེན་པོ་གནང་ཡོདཔ་ཨིན་ པས། སྤྱིར་འཛམ་གླིང་དང་ བྱེ་བྲག་ འབྲུག་རྒྱལ་ཁབ་ཀྱི་ བཞི་ བདེའི་ སྐུ་རིམ་ལུ་དམིགས་ ཏེ་ སྤ་རོ་ ཚོང་འདུས་ལུ་ ཡོད་པའི་ འབྲུག་ཆོས་ལྡིང་ ཕོ་བྲང་ནང་ལུ་ གནང་ཡོད་ པའི་ སོན་ལམ་ཆེན་པོ་འདི་ ཁ་ཙ་མཇུག་བསྡུ་ཡོདཔ་ཨིན་ པས། སོན་ལམ་དེ་ནང་ ས་གནས་ ཁག་ལས་ དད་ཅན་གྱིས་མི་ སོང་ཕྲག་ལས་ལྷགཔ་སྦེ་ འཛོམས་ཡོད་མི་ལུ་ སྐྱབས་ རྗེ་མཆོག་གིས་ སྤྱི་ཚེས་༢༨ ལུ་ ཚེ་དབང་ཡང་གནང་ ནུག། སོན་ལམ་ཆེན་པོ་འདི་ཡང་ ཨོན་གུ་རུ་རིན་པོ་ཆེ་ སྐུ་ འཁྲུངས་པའི་དུས་ཆེན་དང་ སྐྱབས་མགོན་ ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱིས་ ཆོས་སྲིད་ལུགས་གཉིས་ཀྱི་ སོལ་གཏོད་དེ་ མི་ལོ་བཞི་ བརྒྱ་འཁོར་བའི་དུས་ཆེན། དེ་ལས་ འབྲུག་མི་ཡོངས་ཀྱི་ གཙུག་ནོར་ མི་དབང་རྒྱལ་ སས་ འཇིགས་མེད་རྣམ་ རྒྱལ་དབང་ཕྱུག་ སྐུ་ འཁྲུངས་པའི་དུས་ཆེན་ ཁྱད་ པར་རྣམ་པ་གསུམ་ འཛོམས་པའི་དུས་དང་འབྲེལ་ འགོ་འདྲེན་འཐབ་ནུག། དེ་མ་ཚད་ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༣༡ ལས་ སྤྱི་ཟླ་༡༡ པའི་སྤྱི་ཚེས་༨ ཚུན་ ཉིན་ གྲངས་དགུའི་རིང་ལུ་ ཐིམ་ ཕུག་ ཀུན་གསལ་ཕོ་བྲང་ སོན་པ་རོར་གདན་མའི་སྤྱན་ སྔར་ སོན་ལམ་ཚོགས་ཆེན་ གནང་ནི་ཨིན་པས། ནངས་པ་ལས་གནང་ནི་ཨིན་ པའི་ སོན་ལམ་ཚོགས་ཆེན་ གྱིས་དོན་ལུ་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༢༦ ལས་ ཡོངས་ཁྱབ་དྲུང་ཆེན་དང་ ཞིབ་དཔྱད་འགོ་དཔོན། དེ་ ལས་ བདག་སྐྱོང་གཙོ་ འཛིན་གསུམ་གྱིས་ འགོ་ འདྲེན་ཐོག་ལས་ བཅའ་ སྒྲིག་ཚུ་ འགོ་བཙུགས་ནུག། ཉིན་གྲངས་དགུའི་ སོན་ ལམ་ཆེན་པོ་འདི་ནང་ རྒྱལ་ ཁབ་མཐའ་དབུས་མེད་པར་ དད་ཅན་སོང་ཕྲག་ལས་ ལྷགཔ་སྦེ་འཛོམས་ནི་ཨིན་ པས། སོན་ལམ་གྱིས་སྐབས་ གསུང་ཆོགཔ་ཡང་ སྐྱབས་ རྗེའི་དབུ་བཞུགས་ཐོག་ལས་ རྟ་མགོ་བཤད་གྲྭ་དང་ སྤང་ རི་ཟམ་པ། གསང་བསྔགས་ ཟབ་དོན་ཕོ་བྲང་དང་ མདོ་ སྡེ་བྲག་ལས་ སོབ་དཔོན་ དང་མཁྱེན་པོ། བཤད་གྲྭཔ་ དང་ སོབ་ཕྲུག་ཚུ་གིས་ གནང་ནི་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.