ཐིམ་ཕུག་ལུ་ སྨོན་ལམ་ཚོགས་ཆེན་ ཐེངས་དང་པ་གནང་དོ་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ གཞུང་གྲྭ་ཚང་གིས་ འགོ་འདྲེན་ཐོག་ལས་ སྐྱབས་རྗེ་ རྗེ་མཁན་རིན་པོ་ ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༣༡ ལས་ སྤྱི་ ཟླ་༡༡ པའི་སྤྱི་ཚེས་༨ ཚུན་ ཉིན་གྲངས་དགུའི་ རིང་ལུ་ ཐིམ་ཕུག་ ཀུན་ གསལ་ཕོ་བྲང་ སོན་པ་རོར་ གདན་མའི་སྤྱན་སྔར་ སོན་ ལམ་ཚོགས་ཆེན་ གནང་ པའི་བསྒང་ ཡོདཔ་ཨིན་ པས། སྐྱབས་རྗེ་མཆོག་གི་དབུ་ ཞུགས་ཐོག་ལས་ གཞུང་ གྲྭ་ཚང་དང་ ཐིམ་ཕུག་ནང་ འཁོད་ཀྱི་ བཤད་གྲྭ་དང་ སོབ་གྲྭ་ དེ་ལས་ ཨ་ནེམོ་ གྲྭ་ཚང་ཚུ་ལས་ དགེ་སོང་ དང་ གསུང་ཆོགཔ་ཨ་ནེམོ་ ཞལ་གྲངས་༡,༠༠༠ ལྷགཔ་ ཅིག་གིས་ སྤྱིར་འཛམ་གླིང་ དང་ བྱེ་བྲག་འབྲུག་རྒྱལ་ ཁབ་ཀྱི་ བཞི་བདེའི་ སྐུ་ རིམ་ལུ་དམིགས་ཏེ་ སོན་ ལམ་ཆེན་མོ་ ཐེང་དང་པ་ གནང་དོ་ཡོདཔ་ཨིན་པས། སོན་ལམ་ཆེན་པོ་འདི་ཡང་ ཨོན་གུ་རུ་རིན་པོ་ཆེ་མཆོག་ སྐུ་འཁྲུངས་པའི་གནམ་ལོ་ མེ་སྤྲེལ་དང་ སྐྱབས་ མགོན་ ཞབས་དྲུང་ངག་ དབང་རྣམ་རྒྱལ་མཆོག་ གིས་ འབྲུག་རྒྱལ་ཁམས་ འདི་ནང་ ཆོས་སྲིད་ལུགས་ གཉིས་ཀྱི་ སོལ་གཏོད་དེ་ མི་ལོ་༤༠༠ འཁོར་བའི་ དུས་ཆེན། དེ་ལས་ འབྲུག་མི་ཡོངས་ཀྱི་གཙུག་ ནོར་ མི་དབང་རྒྱལ་སས་ འཇིགས་མེད་རྣམ་རྒྱལ་ དབང་ཕྱུག་མཆོག་ སྐུ་ འཁྲུངས་པའི་དུས་ཆེན་ ཁྱད་པར་རྣམ་པ་གསུམ་ འཛོམས་པའི་ དུས་སོན་ བརྩི་སྲུང་ཞུ་ཐབས་ལུ་ ཨིན་ཟེར་ཨིན་པས། བསོད་ནམས་ཀྱི་ཚོགས་ རྒྱ་ཆེན་པོ་བསགས་ཏེ་ རྒྱལ་ཁབས་ཀྱི་ དཔལ་ འབོར་གོང་འཕེལ་དང་ ཚེ་ དང་བསོད་ནམས་འཕེལ་ ཞིནམ་ལས་ གོང་མ་ཚུ་ སྐུ་ཚེ་ཞབས་པད་བརྟན་ ཐབས་ལུ་ དོ་པ་ལས་ཉིན་ མ་ཚུན་ འཕགས་པའི་ གནས་བརྟན་བཅུ་དྲུག་གི་ ཆོ་ག་གནངམ་ ཨིན་པས། སྐྱབས་རྗེ་རིན་པོ་ཆེ་མཆོག་ གིས་ བཟང་སྤྱོད་སོན་ལམ་ ལུ་ གཙོ་རིམ་བཟུང་གནང་ སྟེ་ ཞི་བདེ་དང་ བདེ་སྐྱིད་ འབྱུང་ཐབས་ཀྱི་སྐུ་རིམ་ལུ་ དམིགས་ཏེ་ ཨིན་པས། སོན་ལམ་ཆེན་མོ་དེ་ སན་ ལྗོངས་ཆོས་མཐུན་ཚོགས་ པའི་ ཡོངས་ཁྱབ་ཁྲི་འཛིན་ བླམ་ཚེ་རིང་དབང་འདུས་ ཀྱིས་ གསོལཝ་བཏབ་མི་ དང་འཁྲིལ་ འགོ་འདྲེན་ འཐབ་གནང་དོ་ཟེར་ཨིན་ པས། སོན་ལམ་ཆེན་པོ་ འདི་ནང་ རྒྱལ་ཁབ་མཐའ་ དབུས་མེད་པར་ དད་ཅན་ གྱི་མི་སེར་ སོང་ཕྲག་ ལྷགཔ་ཅིག་འཛོམས་ཏེ་ འདུག། དེ་བཟུམ་མའི་ དུས་སོན་ཚུ་ གི་སྐབས་ལུ་ རང་སོའི་ ཁྱིམ་ནང་ བཟོ་ཡོད་པའི་ ཚོགས་ཚུ་ཕུལ་ནི་ལུ་ སེམས་ཤུགས་བྱིན་ཏེ་ ཆུ་ ཤོག་ལས་བརྟེན་པའི་ ཕྱགས་སྙིགས་ མར་ཕབ་ འབད་ནི་གི་སྐོར་ལས་ཡང་ མི་དམངས་ལུ་ བར་སྤོད་ འབད་དོ་ཡོདཔ་ཨིན། སོན་ལམ་གནང་ས་ལུ་ ཉིནམ་དང་པའི་ནང་ སྐྱབས་ རྗེ་ རྗེ་མཁན་པོ་མཆོག་གིས་ སོབ་དཔོན་ཕུརཔ་རོ་རྗེ་འདི་ ཐིམ་ཕུག་འཇིགས་མེད་རོ་རྗེ་ དབང་ཕྱུག་ རྒྱལ་ཡོངས་ གཙོ་སོན་སན་ཁང་གི་ བླམ་ གསརཔ་ བསྐོས་བཞག་ གནང་ཡི། ཧེ་མ་ བླམ་ཕུརབ་རོ་རྗེ་ གིས་ སྤ་རོ་ རོ་མཆོད་རྟེན་ དགོན་པ་ལུ་ མཚམས་ བཅད་དེ་སོད་ཡོདཔ་ད་ རྒྱལ་ཡོངས་གཙོ་བསྟེན་སན་ ཁང་གི་དོན་ལུ་ བླམ་ གསརཔ་ བསྐོས་བཞག་ འབད་མི་འདི་རྩིསཝ་ད་ བླམ་གསུམ་ཡོདཔ་ཨིན་ མས། སྤྱི་ཟླ་༡༡ པའི་ཚེས་༨ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ གིས་ དད་ཅན་གྱི་མི་སོང་ ཕྲག་ལྷགཔ་ཅིག་འཛོམས་ ཏེ་ ཡོད་མི་ཚུ་ལུ་ ཁྲོམ་ དབང་གནང་ཐོག་ལས་ སོན་ལམ་ཚོགས་ཆེན་འདི་ འགྲོལ་གནང་ནི་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.