མི་དབང་མངའ་ཞབས་མཆོག་གིས་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༨ པ་ འགོ་བཙུགས་རྟེན་འབྲེལ་ནང་ དབུ་བཞུགས་གནང་ཡོདཔ་ཨིན།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ རང་ཟླ་༩ པའི་ཚེས་༡༡ ལུ་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༨ པ་ འགོ་ བཙུགས་ཀྱི་ རྟེན་འབྲེལ་ ནང་ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་གིས་ དབུ་ བཞུགས་གནང་ཡི། ཚོགས་ དཔོན་འཇིགས་ མེད་བཟང་པོ་གིས་ གནམ་ དགུན་གྱི་ སྤྱི་ཚོགས་འགོ་ བཙུགས་རྟེན་འབྲེལ་ནང་ལུ་ མི་དབང་མངའ་བདག་རིན་ པོ་ཆེ་མཆོག་ བོན་གནང་མི་ དེ་ལུ་ བཀྲིན་དགའ་ཚོར་ ཞུཝ་དང་འབྲེལ་ མི་ དབངརྒྱལ་བཙུནགྱིས་ གཙོས་པའི་ སྐུ་འཁོར་ལྷན་ རྒྱས་དང་ གྲྭ་ཚང་ཆོས་སྡེ་ ཕྱི་འབྲེལ་རྒྱལ་སྤྱིའི་སྐུ་ཚབ་ ཞི་དྲག་གཞུང་གི་ ཆེ་མཐོའི་ དཔོན་ཁག་དང་ དེ་ལས་ སྤྱི་ཚོགས་ཀྱི་འཐུས་མི་དང་ སྐུ་མགྲོན་གཞན་ཚུ་ལུ་ བོན་པ་ལེགས་སོ་ཡོད་ཟེར་ ཞུ་ཡི། གནམ་དགུན་གྱི་ སྤྱི་ཚོགས་ དེ་ཡང་ མི་དབང་མངའ་ བདག་རིན་པོ་ཆེ་བཆོག་ གསེར་ཁྲི་གུ་ཕེབས་ཏེ་ མི་ ལོ་༡༠ འཁོར་བའི་ ཁྱད་ དུ་འཕགས་པའི་ལོ་དང་ འབྲེལ་ འགོ་བཙུགས་ གནངམ་ཨིན་པས། འབྲུག་མི་ཆ་ཁྱབ་ རང་ མགོ་རང་འདྲོངས་དང་ འདྲ་མཉམ་སྦེ་ སོད་ཐབས་ ལུ་ མོང་སྒར་རྒྱལ་པོའི་ ཞིང་ལུ་བཞུགས་མི་ མི་ དབང་རྒྱལ་ཚབ་ འཇིགས་ མེད་རོ་རྗེ་དབང་ཕྱུག་མཆོག་ བརྒྱུད་དེ་ མི་གྲངས་༩༣ ལུ་ སའི་སྐྱིད་སྡུག་དང་ རྒྱལ་ཁབ་ནང་ མི་རྩིའི་ དཀའ་ངལ་ཡོད་མི་ མི་ གྲངས་༤༣ ལུ་ མི་རྩིས་ ཀྱི་ སྐྱིད་སྡུག་ གནང་ཡི་ ཟེར་ ཚོགས་དཔོན་གྱིས་ ཞུ་ཡི། དེ་མ་ཚད་ མི་དབང་མཆོག་ གིས་ གཞལམ་སྒང་ཁྲོམ་ གྱི་སྦུག་ལུ་ ཆགས་ཡོད་མི་ ཀྲོང་གི་མི་ངོམ་༢༧ ལུ་ ཁྱིམ་སའི་སྐྱིད་སྡུག་དང་ བཀྲིས་སྒང་ མེ་རག་ལུ་ ས་ཆ་རྩ་ལས་མེད་པའི་ མི་ གྲངས་༣༡༦ ལུ་ ས་ཆའི་ སྐྱིད་སྡུག་ཚུ་ གནང་ཡོདཔ་ ལས་ སྤྱི་ཚོགས་ཀྱི་ཁ་ཐུག་ ལས་ ཚོགས་ དཔོན་གྱིས་ བཀྲིན་དགའ་ཚོར་ཞུ་ཡི། མདང་ཞག་ གསར་སྤང་ རོང་ཁག་ནང་ ཆར་ཆུ་ལུ་ བརྟེན་ ཆུ་རུད་ཐོན་པའི་ སྐབས་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་དང་ སྐུ་འཁོར་ཚུ་ ཐུགས་ཚ་ གྱང་བཞེས་ཏེ་ ཞབས་ཀྱིས་ བཅགས་གནང་ཞིནམ་ལས་ སྐུ་སོག་ལུ་ཡང་ མ་ གཟིགས་པར་ ཆུ་རུད་ བཀག་ཐབས་ཀྱི་དོན་ལུ་ དཀའ་སྤྱད་ཀྱི་ ཕྱག་ལཱ་ མཛད་ཡོདཔ་མ་ཚད་ མོང་ སྒར་ཁྲོམ་ཁར་ མེ་རྐྱེན་ བྱུངམ་ད་ ཉམས་རྒུད་བྱུང་ མི་ཚུ་ལུ་ ཐུགས་བརྩེ་བའི་ བཀའ་སོབ་དང་ སྐྱིད་སྡུག་ གཟིགས་གནང་མི་ལུ་ སྤྱི་ ཚོགས་ཀྱི་ཁ་ཐུག་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡི། གནམ་བསིལ་དྲགས་ཆེ་བའི་ དུས་ལུ་ མི་དབང་མངའ་ ཞབས་མཆོག་གིས་ རྒྱལ་ གཞུང་དང་ མི་སེར་གྱི་ མཐའ་དོན་ལུ་གཟིགས་ཏེ་ ལ་ཡ་ལུ་ རྒྱལ་འཛིན་ས་ཁ་ མཐོ་སའི་ དགའ་སོན་ནང་ གྲལ་བཞུགས་གནང་ཡོདཔ་ མ་ཚད་ མཐོ་ཚད་མི་ཊར་ ༥,༢༥༠ འབད་མི་ གངས་ ལ་དཀར་ཅུང་བརྒྱུད་དེ་ ལ་ ལུང་མང་རབས་ཅིག་བརྒལ་ ཏེ་ ལུང་ནག་ནང་ལུ་ ཞབས་སོང་སྦེ་ བོན་ཞིནམ་ ལས་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡི་ཟེར་ ཚོགས་དཔོན་གྱིས་ཞུ་ཡི། དེ་མ་ཚད་ མི་དབང་མངའ་ ཞབས་མཆོག་གིས་ ག་ནི་ བ་ ཉེན་ཁ་ཆེ་བའི་ འཁྱེག་ རི་དང་ ཐོར་ཐོ་མི་འཁྱེག་ མཚོ་ རབ་ཕྲེང་མཚོ་ ཀླུ་ རྒྱས་འཁྱེག་མཚོ་དེ་ཚུ་ གཟིགས་ཞིབ་གནང་སྟེ་ འཁྱེག་མཚོ་ལྟ་རོག་པ་དང་ ཆུ་རུད་ཉེན་བར་ ལག་ལེན་ འཐབ་མི་ཚུ་དང་ མཇལ་ ཕྲད་གནང་སྟེ་ བཀའ་སོབ་ གནང་ཡོདཔ་མ་ཚད་ རྒྱ་ མཚོའི་མཐའ་མ་ལས་ མཐོ་ ཚད་མི་ཊར་༥,༣༥༠ འབད་ མི་ རིན་ཆེན་མཛོད་ལ་ བརྒལ་ཏེ་ ཞབས་སོང་སྦེ་ སྲུས་ཕུག་ལུ་ ཕེབས་ གནང་པའི་ཤུལ་ལས་ གསེར་ཁྲིར་ཕེབས་ཏེ་ ལོ་ ༡༠ འཁོར་བའི་ དུས་སོན་ ཡང་ སས་ཕུག་གི་མི་སེར་ ཚུ་དང་གཅིག་ཁར་ བརྩི་ སྲུང་ཞུ་གནང་ནུག་ཟེར་ཞུ་ ཡི། མོང་སྒར་ཁྲོམ་ཁར་ མེ་རྐྱེན་ བྱུང་བའི་སྐབས་ མི་དབང་ རྒྱལ་ཚབ་ མཆོག་གིས་ མི་དབང་མངའ་ཞབས་ མཆོག་གི་ སྐུ་ཚབ་སྦེ་ ཐུགས་ཚ་གྱང་བཞེས་ཏེ་ དེ་ འཕྲོ་ལས་ ས་ཁོངས་ནང་ བོན་ཞིནམ་ལས་ སྐུ་སོག་ ལུ་ཡང་མ་གཟིགས་པར་ མེ་རྐྱེན་བཀག་ཐབས་ཀྱི་ དབུ་ཁྲིད་མཛད་དེ་ བཀའ་ སོབ་དང་ ཐབས་ལམ་ཚུ་ མཛད་གནངམ་ལས་བརྟེན་ ཁྱིམ་༤ མ་གཏོགས་ གནོད་སྐྱོན་སོམ་ ག་ནི་ ཡང་ མ་བྱུང་ཟེར་ཨིན་པས། དེ་མ་ཚད་ མི་སེར་ཉམས་ རྒུདཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་སྟེ་ ཞལ་ བཀོད་དང་ལམ་སོན་ཚུ་ གནང་ཡོད་པའི་ཁར་ སེམས་གསོའི་གྲོགས་རམ་ དང་ རྒྱབ་སྐྱོར་མཛད་གནང་ མི་ལུ་ སྤྱི་ཚོགས་ཀྱི་ཁ་ཐུག་ ལས་ མི་དབང་རྒྱལ་ཚབ་ མཆོག་ལུ་ བཀྲིན་དགའ་ ཚོར་ཞུ་ཡོད་ཟེར་ཞུ་ཡི།

Newspapers in English

Newspapers from Bhutan

© PressReader. All rights reserved.