རྒྱལ་ཡོངས་ཚོགས་སྡེ་གི་ བི་བི་ཨའི་ཨེན་ ཆིངས་ཡིག་ ཆ་སྦྱོར་འབད་ནི་ ལུ་རྒྱབ་སྐྱོར་མེདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ རྒྱལ་ཡོངས་ཚོགས་སྡེའི་ བི་བི་ཨའི་ཨེན་ཟེར་མི་ རྒྱལ་ ཁབ་༤ གི་ སྣུམ་འཁོར་རྒྱུན་ འགྲུལ་གྱི་ ཆིངས་ཡིག་ལུ་ རྒྱབ་སྐྱོར་མེདཔ་སྦེ་དབྱིན་ཟླ་ ༡༡ དབྱིན་ཚེས་༡༥ ལུ་ ཚོགས་ཐེངས་༡༨ པའི་ནང་ ཆ་སྦོར་མེདཔ་སྦེ་ གྲོས་ཐག་ ཆོད་ཡི། འབྲུག་དང་ བང་ལ་དེཤ། རྒྱ་ གར་ དེ་ལས་ ནེ་པཱལ་རྒྱལ་ ཁབ་༤ གི་བར་ན་ སྣུམ་ འཁོར་རྒྱུན་འགྲུལ་གྱི་ བི་བི་ ཨའི་ཨེན་ཆིངས་ཡིག་གི་སྐོར་ ལས་ ཆ་འཇོག་གྲུབ་མ་ ཚུགས་པ་ ཤུལ་ལས་སྤྱི་ ཚོགས་ལྷན་བཞུགས་ནང་ བཙུགས་ནི་སྦེ་ ཐག་བཅད་ གནང་ཡི། དེ་ཡང་ ཚོགས་སྡེའི་འཐུས་ མི་ཚུ་གིས་ གསུང་གྲོས་ཁ་ གསལ་སྦེ་ གནང་པའི་ཤུལ་ ལས་ ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་ སྐབས་ འཐུས་མི་༢༠ ཡོད་ ས་ལས་༡༣ གྱིས་ མ་ དགོཔ་དང་༢ ཀྱིས་དགོ་པའི་ ཚོགས་རྒྱན་བཙུགས་ཏེ་གིས་ རྒྱབ་སྐྱོར་མེདཔ་སྦེ ཐག་ བཏོག་ཡི། ཕྱི་འབྲེལ་བོན་པོ་ དམ་ཆོས་ རོ་རྗེ་གིས་ སྣུམ་འཁོར་རྒྱུན་ འགྲུལ་གྱི་ ཆིངས་ཡིག་ངོ་ སྤོད་ཕུལ་བའི་སྐབས་ འབྲེལ་ཡོད་ལས་སྡེ་དང་ མི་ སེར་ལ་སོགས་པ་ཚུ་དང་ གཅིག་ཁར་ བསྟུན་གྲོས་ འབད་དེ་ ཚོགས་ཐེངས་༧ པའི་ནང་ ལོག་བཙུགས་ཏེ་ གསུང་གྲོས་ཁ་གསལ་སྦེ་ གནང་པའི་ཤུལ་ལུ་ ཚོགས་ རྒྱན་བཙུགས་ཐོག་ལས་ ཆ་ འཇོག་འབད་ཡོདཔ་ཨིན་་ ཟེར་ཞུ་ཡི། ད་ལོ་ རྒྱ་གར་གྱི་ སྣུམ་ འཁོར་ཚུ་ འབྲུག་ལུ་ འོང་ ཆོག་རུང་ ས་མཚམས་ལས་ ཀི་ལོ་མི་ཊར་༥ ལས་བརྒལ་ ཏེ་ གཏང་ནི་མེདཔ་ལས་ བོན་པོ་གིས་ཞུ་མི་ནང་ ཆིངས་ཡིག་དེ་ཡང་ ཁྲིམས་ ཅིག་བཟོ་ཞིནམ་ལས་ མི་ དང་དོས་ བསྐྱལ་མིའི་ སྣུམ་འཁོར་ཚུ་གི་དོན་ལུ་ཡང་ ས་གོ་ག་ཏེ་ཚུན་ཚོད་ གཏང་ ནི་ཨིན་ན་གི་ ཆིངས་ཡིག་ ནང་ཁ་ཚིག་བཀོད་ནའི་དབང་ ཚད་དེ་ འབྲུག་ལུ་ཡོད་ཟེར་ ཞུ་ཡི། དེ་མ་ཚད་ ཆིངས་ཡིག་དེ་ དཔལ་འབོར་གོང་འཕེལ་གྱི་ དོན་ལུ་ ཆ་རྐྱེན་༡ ཨིནམ་ ལས་ བོན་པོ་གིས་ ག་དེམ་ སྦེ་ ཆིངས་ཡིག་དེ་ ཆ་ འཇོག་གྲུབ་མ་ཚུགས་བར་ ལུས་བ་ཅིན་ རྒྱལ་ཁབ་ གཞན་༣ གྱིས་ ཁ་ཚིག་ བཟོ་བ་ཅིན་ སྟབས་མ་ བདེཝ་ འཐོན་ནི་ཨིནམ་མ་ ཚད་ མཐུན་ལམ་དང་ དཔལ་འབོར་གོང་འཕེལ་ལུ་ ཡང་ གནོད་འོང་ཟེར་ ཞུ་ཡི། ཨིན་རུང་ ཁྲིམས་བཟོ་ ཚོགས་ཆུང་གི་ ཁྲི་འཛིན་ འོགམ་ བཀྲིས་གཡང་རྩེ་ རོང་ཁག་གི་ ཚོགས་སྡེའི་ འཐུས་མི་ བཀྲིས་ཕུན་ ཚོགས་ཀྱིས་ འབྲེལ་ཡོད་ ལས་སྡེ་ ཚུ་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ གཞུང་གིས་ ཆིངས་ཡིག་གུ་ མཚན་རྟགས་མ་བཀོད་པའི་ ཧེ་མར་ འབྲེལ་བ་ཡོད་ལས་ སྡེ་ ཚུ་དང་གཅིག་ཁར་ གྲོས་བསྟུན་མ་གནངམ་ལས་ རྒྱབ་སྐྱོར་མེདཔ་སྦེ་ སླབ་ དེས་ཟེར་སྙན་ཞུ་ཕུལ་ཡི། ཚོགས་ཆུང་གི་ཁྲི་འཛིན་ བསོད་ནམས་དབང་ཕྱུག་གིས་ ཆིངས་ཡིག་དེ་གི་ ཕན་པ་ དང་གནོད་པ་ དེ་ལས་ སྟབས་བདེཝ་མ་བདེཝ་ཚུ་ ཞིབ་དཔྱད་འབད་བའི་སྐབས་ ཆིངས་ཡིག་དེ་གིས་ ཕན་ ཐོགས་སོམ་ཅིག་ ག་ནི་ཡང་ མ་མཐོངམ་ལས་ རྒྱབ་སྐྱོར་ མེདཔ་སྦེ་ཞུ་ཡི། ཚོགས་སྡེའི་འཐུས་མི་ཚུ་གིས་ ད་ལོ་ཚུན་ཚོད་ རྒྱལ་ཁབ་ ནང་ ལམ་སོལ་དང་ རང་ བཞིན་གནས་སྟངས་ དེ་ ལས་སྣུམ་འཁོར་རྒྱུན་འགྲུལ་ ལུ་ དཀའ་ངལ་སོམ་ཡོདཔ་ ལས་ གཞུང་གིས་དེ་ལུ་ ཚད་འཛིན་འབད་ཐབས་ལུ་ སྣུམ་འཁོར་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་ཡོདཔ་ ཨིན་རུང་ ད་རེས་ རྒྱལ་ ཁབ་གཞན་གྱི་ སྣུམ་འཁོར་ ཚུ་ འོང་བཅུག་ནི་ཟེརཝ་ད་ དཀའ་ངལ་དེ་ མེདཔ་བཟུམ་ སྦེ་ ཨིནམ་ལས་ རྒྱབ་སྐྱོར་ མེད་ཟེར་ཞུ་ཡི། སྤྱི་ལོ་༢༠༡༥ ཟླཝ་༦ པའི་ ནང་ ཆིངས་ཡིག་གུ་ མཚན་ རྟགས་བཀོད་ཡོད་རུང་ སྤྱི་ ཚོགས་༢ པའི་ ཚོགས་ ཐེངས་༦ པའི་ནང་ གསུང་ གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ ཆིངས་ ཡིག་དེ་ལུ་ དོགས་པ་ཡོད་ པའི་ བསམ་འཆར་བཀོད་ ཡོདཔ་ཨིན་པས། དེ་ཡང་འཐུས་མི་ཚུ་གིས་ ཆ་ འཇོག་འགྲུབ་པ་ཅིན་ བང་ ལ་དེཤ་དང་ རྒྱ་གར་ དེ་ ལས་ ནེ་པཱལ་རྒྱལ་ཁབ་༣ གྱི་ སྣུམ་འཁོར་ག་ར་ རྒྱལ་ ཁབ་ནང་ འོང་ནི་ཨིནམ་དང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ ཡང་ གནོད་པ་ཚུ་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ཚ་གྱང་ ཡོད་ལུགས་ཀྱི་ བསམ་ འཆར་བཀོད་པའི་ཤུལ་ལས་ ཁྲིམས་བཟོ་ཚོགས་ཆུང་གིས་ ཟླ་ངོ་༦ གི་རིང་ལུ་ ཞིབ་ འཚོལ་འབད་ ཡོདཔའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.