གསོ་བའི་ལྷན་ཁག་གིས་ ནད་གཞི་ ཨེཆི་ཨའེ་བི་ཐོབ་མི་གསརཔ་༢༣ ངོས་འཛིན་འབད་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ གསོ་བའི་ལྷན་ཁག་གིས་ ཟླ་ངོ་༦ གི་རིང་ལུ་ ནད་གཞི་ ཨེཆི་ཨའེ་བི་ ཐོབ་མི་གསརཔ་ ༢༣ ཐོ་བཀོད་འབད་ཡི་ཟེར་ སྤྱི་ཟླ་༡༡ པའི་སྤྱི་ཚེས་༢༤ ལུ་ གནས་ཚུལ་གསར་བཏོན་ གསལ་སོན་འབད་མི་ནང་ སྙན་ཞུ་འབད་དེ་འདུག། རྒྱལ་ཁབ་ནང་ལུ་ ནད་གཞི་ ཨེཆི་ཨའེ་བི་ ཐོབ་མི་ གྱངས་ ཁ་ཡར་སེང་ འགྱོ་མི་འདི་ གསོ་བའི་ཚ་གྱང་སོམ་ཤོས་ ཅིག་ཨིན་པས། དེ་ཡང་ སྤྱི་ཟླ་༦ པ་ལས་༡༢ ཚུན་ཚོད་ ཟླ་ངོ་༦ གི་རིང་ལུ་ ཐོ་བཀོད་འབད་ཡོད་མིའི་ སྙན་ ཞུ་དང་འཁྲིལཝ་ད་ ཕོ་སྐྱེས་༡༣ དང་ ཨམ་སྲུ་༡༠ དེ་ལས་ ཨ་ལུ་ཆུང་ཀུ་༡ ལུ་ནད་གཞི་དེ་ ངོས་འཛིན་འབད་ཡོད་མི་འདི་ བརྩིཝ་ད དུས་ཅིག་རྐྱངམ་ ཅིག་ནང་རང་ ནད་གཞི་ཨེཆི་ ཨའེ་བི་ ཐོབ་མི་ ཡོངས་ བསོམས་༥༥ ངོས་འཛིན་ འབད་ཡོདཔ་ཨིན་པས། ནད་གཞི་ཐོབ་མི་ཚུ་ཡང་ བརྒྱ་ ཆ་༧༨ དེ་ཅིག་ སྐྱེས་ལོ་༢༠ ལས་༤༩ གི་བར་ན་དང་ བརྒྱ་ཆ་༡༧ དེ་ཅིག་ སྐྱེས་ལོ་ ༥༠ ཡན་ཆད་དང་ གཞན་མི་ ཚུ་ སྐྱེས་ལོ་༥ མན་ཆད་ ཨིནམ་སྦེ་ ངོས་འཛིན་འབད་ ཡོདཔ་སྦེ་ གནས་ཚུལ་གསར་ བཏོན་ནང་ བཀོད་དེ་འདུག། ལྷན་ཁག་གི་ གནས་ཚུལ་ གསར་བཏོན་ནང་ སྙན་ཞུ་ འབད་ཡོད་མི་དང་འཁྲིལཝ་ད་ ནད་གཞི་ཐོབ་མི་ཚུ་ བརྒྱ་ཆ་ ༨༠ དེ་ཅིག་ སྒེར་སྡེ་ནང་ ལས་ཨིནམ་ད་ གཞན་ཚུ་ག་ ར་ སྡེ་ཚན་སོ་སོར་ནང་ལས་ ཨིན་པའི་ ངོས་འཛིན་འབད་ ཡི་ཟེར་ཨིན་པས། ཐོ་བཀོད་དེ་ནང་ ཁོང་ནད་ གཞི་ཐོབ་མི་༩ དེ་ ཁས་ བླངས་ཀྱི་ཐོག་ལས་ བརྟག་ དཔྱད་འབད་ཡོདཔ་ད་ ཁོང་༧ གསོ་བའི་བརྟག་དཔྱད་འབད་ བའི་སྐབས་དང་ གཞན་མི་༥ དེ་ ནད་གཞི་ཐོབ་མི་ཚུ་དང་ གཅིག་ཁར་ འབྲེལ་བ་འཐབ་ པའི་ཤུལ་ལུ་ ངོས་འཛིན་ འབད་ཡོདཔ་ད་ དེ་ལས་ཁོང་ ཨམ་སྲུ་༢ ཨ་ལུ་ཆགས་པའི་ སྐབས་ བརྟག་དཔྱད་འབད་ བར་འོངམ་ད་ བདའ་ཟུན་ ནུག། གསོ་པའི་སྙན་ཞུ་དང་འཁྲིལཝ་ ད་ ནད་གཞི་ ཨེཆི་ཨའེ་བི་ བརྟག་དཔྱད་འབད་བའི་སྐབས་ བརྒྱ་ཆ་༩༦ ལུས་འབྲེལ་ལུ་ བརྟེན་ཐོབ་ཡོདཔ་ད་ ལྷག་ ལུས་ཚུ་ ཨའི་ལས་ ཨ་ལུ་ལུ་ འབོ་ཡོད་པའི་ངོས་འཛིན་ འབྱུང་ཡི་ཟེར་ཨིན་པས། གསོ་བའི་བློན་པོ་ རྟ་མགྲིན་ དབང་ཕྱུག་གིས་ ནད་གཞི་ ཨེཆི་ཨའེ་བི་ ཐོབ་མིའི་ གྱངས་ཁ་དེ་ལུ་ རྣམ་རྟོག་ ལང་དགོཔ་མེད་ཟེར་ཨིན་པས། བློན་པོ་གིས་གསུངས་མི་ནང་ ནད་གཞི་བདའ་ཟུན་མི་དེ་ཡང་ མི་མང་གིས་ ནད་གཞི་དེ་གི་ སྐོར་ལས་ ཧ་གོ་བའི་རྟགས་ མཚན་ཨིན་ཟེར་ཨིན་པས། དེ་མ་ཚད་ སྤྱི་ལོ་༢༠༢༠ གི་ བར་ན་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ ངེས་བརྟན་ ཤེསཔ་བཟོ་ནིའི་ འཆར་གཞི་ ཡོདཔ་ལས་ གྱངས་དེ་ ཡར་ སེང་འགྱོ་ནི་མས་ཟེར་ གནས་ ཚུལ་གསར་བཏོན་ནང་ བློན་ པོ་གིས་གསུངས་ཡོདཔ་སྦེ་ བཀོད་དེ་འདུག། མི་མང་གསོ་བའི་མདོ་ཆེན་ ཌོག་ཊར་ ཀརྨ་ལྷ་འཛིན་གྱིས་ འབྲུག་ལུ་ནད་གཞི་ ཨེཌསི་ ཐོབ་མི་དེ་ མི་སྡེ་ག་རའི་ནང་ ཁྱབ་སྟེ་ཡོདཔ་ལས་ བཀག་ ཐབས་འབད་ནི་ལུ་ གདོང་ ལེན་འབྱུང་སྟེ་ཡོད་ཟེར་ཨིན་ པས། དེ་མ་ཚད་ ལྷན་ཁག་གིས་ རྒྱལ་སྤྱི་ནང་ ནད་གཞི་འཐོབ་ མི་འདི་ སྤྱི་ལོ་༢༠༣༠ ལས་ དཀོན་དྲགས་བཟོ་ནི་གི་ དམིགས་གཏད་འགྲུབ་ཐབས་ ལུ་ སྲིད་བྱུས་དང་ ཐབས་ རིག་ཚུ་ལུ་ བརོན་ཤུགས་ བསྐྱེད་དོ་ཟེར་ཨིན་པས། ནད་གཞི་དེ་ཡང་ སྤྱི་ལོ་༡༩༩༣ ལས་འགོ་བཟུང་སྟེ་ དུས་ཅི་ སྤྱི་ཟླ་༡༡ པ་ཚུན་གྱི་བར་ན་ གྱངས་ཁ་༥༡༥ ངོས་འཛིན་ འབད་ཡོད་ས་ལས་ ཕོ་སྐྱེས་ ༢༦༥ དང་ ཨམ་སྲུ་༢༥༠ ཡོདཔ་ཨིན་པས། ནད་གཞི་ཐོབ་མི་ ཕོ་སྐྱེས་ཚུ་ གི་གྲས་ལས་ སྐྱེས་ལོ་༣༠ ལས་༤༩ གི་བར་ན་ཨིན་མི་ འདི་ མཐོ་ཤོས་༡༤༠ ཡོདཔ་ ད་ ཨམ་སྲུ་ཚུ་གི་གྲས་ལས་ སྐྱེས་ལོ་༢༠ ལས་༢༩ གི་ བར་ན་ཨིན་མི་ མཐོ་ཤོས་ ༡༡༤ སྦེ་འདུག་ཟེརཨིན་པས། སྐྱེས་ལོ་༢༠ ལས་༢༩ ཚུན་ གྱི་བར་ན་སྦེ་མི་ ལོ་ཚད་ཆུང་ ཀུའི་སྡེ་ཚན་ནང་ལུ་ བརྒྱ་ཆ་ ༡༤ ཨམ་སྲུ་ཨིནམ་ད་ བརྒྱ་ ཆ་༥ ཕོ་སྐྱེས་ཨིནམ་ལས་ ཨམ་སྲུ་གཞོནམ་ཚུ་ལུ་ མངམ་ཐོབ་ཡོདཔ་ཨིན་པའི་ ངོས་འཛིན་འབྱུང་ཡོདཔ་ཨིན་ པས། ད་ལོ་ཚུན་ཚོད་ ནད་གཞི་ཐོབ་ མི་ཚུ་ཡང་ བརྒྱ་ཆ་༩༢ དེ་ ལུས་འབྲེལ་ལུ་བརྟེན་ སྤེལ་ ཡོདཔ་ད་ བརྒྱ་ཆ་༧ དེ་ ཨའི་ལས་ ཨ་ལུ་ལུ་འབོ་ ཡོདཔ་ད་ བརྒྱ་ཆ་༠༡ སྨན་ ཁབ་བཙུགས་མི་ལུ་བརྟེན་ ཐོབ་སྟེ་འདུག་ཟེར་ཨིན་པས། དེ་ཡང་ བརྒྱ་ཆ་༣༠ ནད་གཞི་ ཐོབ་མི་ཚུ་དང་ འབྲེལ་བ་ འཐབ་པའི་ཤུལ་ལས་ བདའ་ ཟུན་ཏེ་ཡོདཔ་ད་ བརྒྱ་ཆ་༢༡ གིས་ ཁས་བླངས་ཐོག་ལས་ བརྟག་དཔྱད་འབད་བའི་སྐབས་ དང་ བརྒྱ་ཆ་༢༩ དེ་ བརྟག་ ཞིབ་དང་ ཁྲག་ཞལ་འདེབས་ འབད་བའི་སྐབས་ལུ་ ངོས་ འཛིན་བྱུང་ནུག། འཛམ་གླིང་སྤྱི་ཚོགས་ཡུ་ཨེན་ ཨེ་ཨའེ་ཌི་ཨེསི་གིས་ འབྲུག་ ལུ་ ནད་གཞི་ཨེཆི་ཨའེ་བི་ ཐོབ་མི་གྱངས་ཁ་༡,༡༠༠ དེ་ ཅིག་ལུ་ ལྷོད་ཡོད་པའི་ ཕོ་ ཚོད་ དཔག་ཡོདཔ་ལས་ མི་ མང་ཤོས་ཀྱིས་ ནད་གཞི་དེ་ ཐོབ་སྟེ་ཡོདཔ་ ཧ་གོ་མ་ ཚུགས་པས་ཟེར་ཨིན་པས། ནད་གཞི་དེ་གི་རྟགས་ཚན་ཚུ་ ལོ་༦ དང་༡༠ གྱི་ཤུལ་ལས་ རྐྱངམ་གཅིག་ བདའ་ཟུནམ་ ལས་བརྟེན་ ངོས་འཛིན་འབད་ ནི་ལུ་ དུས་ཡུན་རིངམོ་སྦེ་ ལུསཔ་མས་ཟེར་ ཨིན་པས། གསོ་བའི་སྙན་ཞུ་དང་འཁྲིལཝ་ ད་ ད་ལོ་ཚུན་ཚོད་ ནད་གཞི་ ཐོབ་མི་ མི་གྲངས་༣༩༠ ཡོད་ ས་ལས་༢༧༣ སྨན་བཅོས་ འབད་བའི་བསྒང་ཡོདཔ་ད་༣༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་ པའི་གནས་ཚུལ།་

Newspapers in English

Newspapers from Bhutan

© PressReader. All rights reserved.