རྩིས་ཞིབ་དབང་འཛིན་གྱིས་ མི་དམངས་ཟད་སོང་འཛིན་སྐྱོང་རིམ་ལུགས་ཀྱི་ བརྡ་དོན་དང་འཕྲུལ་རིག་རྩིས་ཞིབ་དེ་ སྤྱི་ཚོགས་ལུ་ཕུལ་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

མི་དམངས་ཟད་སོང་འཛིན་ སྐྱོང་རིམ་ལུགས་ཀྱི་ ཕན་ འདེབས་འབད་མི་དང་ རིམ་ ལུགས་དེ་ གལ་ཆེ་དྲག་ཅིག་ འབད་རུང་ རྒྱལ་གཞུང་རྩིས་ ཞིབ་དབང་འཛིན་གྱིས་ རིམ་ ལུགས་དེ་ནང་ ཆད་སྐྱོན་ཚུ་ ངོས་འཛིན་འབད་ཡོདཔ་ཨིན་ པས། དངུལ་རྩིས་ལྷན་ཁག་གིས་ དངུལ་འབྲེལ་འཛིན་སྐྱོང་ལམ་ ལུགས་ཚུ་ འཕྲུལ་སྤོད་འབད་ དེ་ འཆར་དངུལ་རྩིས་བཀོད་ རིམ་ལུགས་ གསར་བཟོ་ འབད་ཡོད་མི་དེ་ ཤུལ་ལས་ ཡོངས་འབྲེལ་རིམ་ལུགས་ཀྱི་ ཐོག་ལུ་ མི་དམངས་ཟད་སོང་ འཛིན་སྐྱོང་རིམ་ལུགས་ལུ་རྒྱ་ སྐྱེད་འབད་ནུག། མི་དམངས་ཟད་སོང་འཛིན་ སྐྱོང་རིམ་ལུགས་ཀྱི་ རྩིས་ ཞིབ་འགོ་འདྲེན་འཐབ་པའི་ སྐབས་ལུ་ མི་དམངས་དངུལ་ འབྲེལ་འཛིན་སྐྱོང་ནང་ལུ་ གལ་ཅན་གྱི་ལེགས་བཅོས་ མང་རབས་ཅིག་བྱུང་ཡོད་ས་ ལས་ རྒྱལ་གཞུང་གི་དངུལ་ འབྲེལ་རྩིས་བརྗོད་གྲ་སྒྲིག་ འབད་ནི་གི་ ཡར་དྲག་སོང་ ཡོདཔ་དང་ རིམ་མཐུན་ དེ་ ལས་ སྤུས་ཚད་ཡར་དྲག་ སོང་ཡོད་པའི་ བརྡ་མཚོན་ བྱུང་ཡི་ཨིན་པས། རྩིས་ཞིབ་འབད་བའི་སྐབས་ལུ་ གནས་སྡུད་ཚུ་ འཆར་དངུལ་ རྩིས་བཀོད་རིམ་ལུགས་ལས་ མི་དམངས་ཟད་སོང་འཛིན་ སྐྱོང་རིམ་ལུགས་ལུ་ སོ་སོར་ འབད་ནི་དང་ ཚད་འཛིན་ ལངམ་འབད་མེད་ས་ལས་ སྔོན་བྱིན་རྩིས་ལྷག་དང་ ལོག་ཐོབ་བཙུགས་བཞག་ བཇུག་བསྡུའི་ལཱ་ གཉེར་ བཅོལ་ལཱ་ཚུ་གི་ རྩིས་ཁྲ་ ལྷག་ལུས་ཀྱི་ མཇུག་སོམ་ འབད་ནི་དང་ ཚད་འཛིན་ ལངམ་འབད་མེད་པའི་ངོས་ འཛིན་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ གནས་སྡུད་ཚུ་ འཆར་དངུལ་རྩིས་བཀོད་རིམ་ ལུགས་ལས་ མི་དམངས་ ཟད་སོང་འཛིན་སྐྱོང་རིམ་ ལུགས་ལུ་ སོ་སོར་འབད་མི་ ནང་ ཚང་འགྲིག་དང་ངེས་ བདེན་མེད་པའི་ངོས་འཛིན་ བྱུང་ནུག། གྲུབ་འབྲས་ཀྱི་ཚད་འཛིན་དང་ ནང་འདེབས་ཀྱི་བདེན་ཁུངས་ གསང་ཡིག་འཛིན་སྐྱོང་ འབྲེལ་མཐུད་དང་ བྱ་རིམ་གྱི་ ཚད་འཛིན་ཚུ་ ལངམ་འབད་ མེདཔ་ལས་ མི་དམངས་ཟད་ སོང་འཛིན་སྐྱོང་རིམ་ལུགས་ཀྱི་ བཏོན་མི་ མཉམ་སྡེབ་ཀྱི་ བྱུང་ཐོ་དང་སྤོ་ཐོའི་རྩིས་བརྗོད་ དང་ རྩིས་ཞིབ་དབང་འཛིན་ གྱིས་ མི་དམངས་ཟད་སོང་ འཛིན་སྐྱོང་རིམ་ལུགས་ ལག་ ལེན་འཐབ་སྟེ་ རྩིས་བཏོན་ འབད་མི་གི་ བར་ན་ཁྱད་པར་ ཐོན་ཡོདཔ་མ་ཚད་ འཆར་ དངུལ་ མིན་པའི་རྩིས་ཁྲ་ཚུ་ ནང་ ཁྱད་པར་དངུལ་ཀྲམ་ས་ ཡ་༡༤, ༥༣༣. ༡༦༨ ངོས་ འཛིན་བྱུང་ཡི་ཟེར་ཨིན་པས། དབང་འཛིན་གྱི་དེ་ནང་ ཆ་ གནས་མེདཔ་ ཡང་ན་ འདྲ་ མཚུངས་འབད་མི་ མི་ཁུངས་ ལག་ཁྱེར་ཨང་དང་ འཚོ་རྟེན་ མ་དངུལ་གྱི་རྩིས་ཁྲ་ སྡེ་ཚན་ ཉེན་བཅོལ་ལས་འཆར་ ཞི་ གཡོག་ངོ་རྟགས་ཨང་དང་ ལཱ་གཡོག་ཆོག་ཐམ་ ཆ་ གནས་མེད་པའི་ཟླ་ཚེས་ དེ་ ལས་ གནང་གྲོལ་འབད་བའི་ འཆར་དངུལ་ལས་ལྷག་སྟེ་ འཛིན་གྲོལ་འབད་ནི་དང་ འཆར་དངུལ་གྱི་དབྱེ་བ་མེད་ པར་ འཛིན་གྲོལ་འབད་ནི་ དང་འབྲེལ་བའི་ ཁྱད་པར་ཚུ་ ངོས་ལེན་འབད་བའི་གནད་ དོན་ཚུ་བྱུང་སྟེ་འདུག་ཟེར་ བཤད་ཡི། ལག་ལེན་པའི་ངོས་འཛིན་ རྩིས་ཁྲ་གཅིག་ལས་ལྷག་སྟེ་ ཡོད་པའི་ ལག་ལེན་པ་༡༡༩ དང་ ངོས་འཛིན་འབད་མ་ ཚུགས་པའི་ལག་ལེན་པའི་ངོ་ རྟགས་༡༦༤ གི་ཐོ་ ལག་ ལེན་པའི་མིང་གི་དོན་ལུ་ ཡིག་འབྲུ་ཕུད་རྡོག་གཅིག་ འབད་མི་ཡང་ ངོས་ལེན་ འབད་ཡོདཔ་དང་ ལག་ལེན་ པའི་ངོ་རྟགས་འདྲ་མཚུངས་ འབད་ཡོདཔ་ དེ་ལས་ གློག་ རིག་འཛུལ་ཞུགས་འབད་ནའི་ དཔའ་བཅམ་པའི་སྐབས་ལུ་ ཡང་བསྐྱར་འཐུས་ཤོར་བྱུང་མི་ གི་དོན་ལུ་ འཛུལ་ཞུགས་ཀྱི་ གྱངས་ཁ་གི་ཚད་བཟོ་སྟེ་མེད་ པའི་ངོས་འཛིན་བྱུང་ནུག། མི་དམངས་ཟད་སོང་འཛིན་ སྐྱོང་རིམ་ལུགས་ནང་ དམིགས་བསལ་གྱི་ ལས་ གཡོག་པའི་ཐོ་གི་ཆ་ཤས་ནང་ བྱ་རིམ་གྱི་ཚད་འཛིན་ལངམ་ འབད་མེད་མི་དེ་གིས་ གསོ་ བའི་ཞལ་འདེབས་འཛོལ་སྐྱོན་ ཐོག་ལུ་ རྩིས་བཏོན་འབད་ནི་ དང་ འཚོ་རྟེན་མ་དངུལ་གྱི་ བརྒྱ་ཆ་ རིམ་མཐུན་ཐོག་ལུ་ ལག་ལེན་མ་འཐབ་མི་ ཁྲལ་ མ་ཕོག་མི་ལས་གཡོགཔ་ཚུ་ ལས་ བྱུང་ཁུངས་ཀྱི་ཁྲལ་ བཏོག་ནི་ བྱུང་ཁུངས་ཀྱི་ ཁྲལ་རིམ་མཐུན་མེད་པར་ ལག་ལེན་འཐབ་ཡོདཔ་ ངེས་ ཏིག་གི་དངུལ་ཕོགས་ནང་ ཁྱད་བར་ཡོདཔ་ དངུལ་ ཕོགས་ལོག་ལྟབ་བཟོ་ནི་ དེ་ ལས་ སྡེ་ཚན་ཉེན་བཅོལ་ ལས་འཆར་ གི་དངུལ་འབོར་ ཚུ་ འཛོལ་ཏེ་བཏོག་སྟེ་ འདུག་ཟེར་ཨིན་པས། དེ་མ་ཚད་ དབང་འཛིན་སྦེ་བ་ ཅིན་ རིམ་ལུགས་གསར་ བཟོའི་ཡིག་ཆ་དང་ ལས་ འགུལ་གྱི་ཡིག་ཆ་ཚུ་མིན་ འདུག་ཨིན་པས། མི་དམངས་ཟད་སོང་འཛིན་ སྐྱོང་རིམ་ལུགས་ཀྱི་ གསར་ བཟོ་དང་གཞི་བཙུགས་ཀྱི་ ཟད་སོང་ཡོངས་བསོམས་ཚུ་ གྲ་སྒྲིག་འབད་དེ་མེདཔ་དང་ འཛིན་སྐྱོང་རིམ་འགྱུར་གྱི་བྱ་ རིམ་དང་ བརྡ་དོན་བརྒྱུད་ འབྲེལ་དང་འཕྲུལ་རིག་གི་ ཉེན་སྲུང་གི་སྲིད་བྱུས་ཚུ་མེད་ པའི་ངོས་འཛིན་ཡང་ཚུ་ཡང་ ཞིབ་འཚོལ་གྱིས་སྐབས་བྱུང་ ཡོདཔ་ཨིན་པས། མི་ དམངས་ཟད་སོང་འཛིན་སྐྱོང་ རིམ་ལུགས་ནང་ སྒྲིག་མཐུན་ གྱི་འཛིན་སྐྱོང་རིམ་འགྱུར་གྱི་ བྱ་རིམ་དང་ ནང་འཛུལ་ཐོ་ ཡིག་ བསྒྱུར་བཅོས་འབད་མི་ ཚུ་ཡང་ ཡིག་ཐོག་ལུ་མ་ བཀོདཔ་མ་ཚད་ རྒྱུན་སྐྱོང་ ཡང་མ་འབད་བས་ཟེར་ཨིན་ པས། མ་དངུལ་ཚུ་ གློག་རིག་གི་ ཐོག་ལུ་ སྤོད་ལེན་འབད་ནའི་ འཆར་གཞི་ཚུ་ བརྩི་འཇོག་ མ་འབད་བའི་ཧེ་མ་ལས་ སྐྱོན་ཆ་ཚུ་སེལ་ནི་དང་ ཚད་ འཛིན་སྒྲིང་སྒྲིང་བཟོ་སྟེ་ རིམ་ ལུགས་དེ་ དོན་སྨིན་ཅན་དང་ བོ་གཏད་ཚུགསཔ་བཟོ་ནའི་ དོན་ལུ་ རྒྱལ་གཞུང་རྩིས་ ཞིབ་དབང་འཛིན་གྱིས་ གྲོས་ འདེབས་༡༧ གསལ་བཀོད་ འབད་དེ་ སྙན་ཞུ་དེ་སྤྱི་ ཚོགས་ནང་ཕུལ་ཡོདཔ་ཨིན་ པས། རྒྱལ་གཞུང་རྩིས་ཞིབ་དབང་ འཛིན་གྱིས་ མི་དམངས་ཟད་ སོང་འཛིན་སྐྱོང་རིམ་ལུགས་ཀྱི་ བརྡ་དོན་དང་འཕྲུལ་རིག་རྩིས་ ཞིབ་དེ་ སྤྱི་ཚོགས་ལུ་ཕུལ་ ཡོདཔ་ལས་ འདི་ཚུ་ མི་ དམངས་ཀྱི་ཡིག་ཆས་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.