ནད་འབུབ་ཨེཆི་ཨའེ་བི་ཡོད་མི་ཚུ་ སྨན་བཅོས་འབད་དགོཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ གཟུགས་ཁར་ལུ་ ནད་ འབུབ་ཨེཆི་ཨའེ་བི་ཟུན་ཏེ་ ཡོད་པ་ཅིན་ གཟུགས་ཁའི་ ནད་འབུབ་བཀག་ནི་གི་ ནུས་ཤུགས་འདི་ མར་ ཉམས་གཏང་སྟེ་ ནད་ འབུབ་ཚུ་ ཡར་འཕེལ་འགྱོ་ དོ་ཡོདཔ་ཨིན་པས། ཨིན་རུང་ ཨེན་ཊི་རི་ཀྲོ་བི་ རཱལ་སྨན་རྫས་ལུ་ བསྟེན་ ཞིནམ་ལས་ ནད་འབུབ་དེ་ མར་ཕབ་གཏང་སྟེ་ གནོད་ ཉེན་ཡང་ མར་ཕབ་གཏང་ ཚུགས་དོ་ཡོདཔ་མས། དེ་མ་ཚད་ སྨན་བསྟེན་པའི་ སྐབས་ ཚབས་ཆེན་གྱི་ནད་ གཞི་དེ་ དྲག་མ་ཚུགས་ རུང་ སྨན་གྱི་ནུས་ཤུགས་ ཀྱིས་ མི་ཚེ་རིངམོ་སྦེ་སོད་ ཚུགས་ནི་ལུ་ཕན་ཐོག་དོ་ ཡོདཔ་མས། ནད་འབུབ་གིས་གཟུགས་ ཁའི་ ཁམས་ཕྲན་སི་དྲི་ ཕཱོར་ལུ་གནོདཔ་བསྐྱེད་དོ་ ཡོདཔ་མ་ཚད་ཁམས་ཕྲན་ དེ་གིས་ གཟུགས་ནང་ཡོད་ པའི་ འབུབ་ཚུ་གི་ གནོད་ ཉེན་མར་ཕབ་གཏང་དོ་ ཡོདཔ་ཨིན་པས། གཟུགས་ཁར་ ནད་འབུབ་ ཐོབ་སྟེ་ ལོ་ལེ་ཤ་འགྱོ་ བའི་ཤུལ་ལུ་ ཁམས་ཕྲན་ གི་གྱངས་ཁ་ མར་ཕབ་ འགྱོ་སྟེ་ གཟུགས་ཁའི་ སོབས་ཤུགས་ཡང་ མར་ ཕབ་གཏངམ་ལས་ སྨན་ བཅོས་འབད་མ་ཚུགས་པ་ ཅིན་ གཟུགས་སོབས་ ཉམས་ཏེ་ ནད་གཞི་ཚབས་ ཆེན་ ཨེཌསི་ལུ་ འགྱུར་ དོ་ཡོདཔ་མས། ནད་འབུབ་ཐོབ་པའི་ཤུལ་ ལུ་ སྨན་བཅོས་ མ་འབད་ མི་གི་ གཟུགས་ཁར་ ཁྲག་མི་ལི་ལི་ཊར་རེ་གི་ ནང་ ནད་འབུབ་ ས་ཡ་ ལས་ལྷག་སྟེ་ཡོདཔ་ཨིན་ རུང་ སྨན་བཅོས་འབད་བ་ ཅིན་ ནད་འབུབ་ཀྱི་གྱངས་ ཁ་ཡང་ མར་ཕབ་གཏང་ ཚུགསཔ་ལས་ གཟུགས་ སོབས་ཡར་འཕར་ འགྱོ་ ཚུགས་པའི་ཁེ་ཕན་ཡོད་ ཟེར་ཨིན་པས། ཨིན་རུང་ སྨན་བཅོས་ དུས་ནམ་འགོ་བཙུགས་ནི་ ཨིན་ན་དེ་ རང་སོའི་ལག་ པར་ཨིནམ་ལས་ སྨན་ འདི་ དུས་ཡུན་རིངམོ་སྦེ་ བསྟེན་དགོཔ་འདི་ཁག་ཆེཝ་ ཨིན་པས། སྨན་དུས་ཚོད་ཁར་རྒྱུན་ ཆད་མེད་པར་ བཟའ་མ་ ཚུགས་པ་ཅིན་ ཚབས་ ཆེན་གྱི་ནད་གཞི་ཨེཌིསི་ལུ་ འགྱུར་ནིའི་ཉེན་ཁ་ཡོདཔ་ ཨིན་པས། དེ་མ་ཚད་ སྨན་དུས་ཚོད་ ཁར་མ་བཟའ་ནི་དང་ སྨན་ མ་བཟའ་བར་སོད་པ་ཅིན་ ནད་འབུབ་ཨེཆི་ཨའེ་བི་ འཕེལ་འགྱོ་ནི་ཨིནམ་ལས་ སྨན་གྱི་ནུས་ཤུགས་འདི་ མར་ཉམས་འགྱོཝ་ཨིན་ པས། དེ་མ་ཚད་ ནད་འབུབ་ཡོད་ མི་ཚུ་ བད་ཀཱན་ཡོད་མེད་ བརྟག་ཞིབ་འབད་དགོཔ་ དང་ བད་ཀཱན་ཡོད་མི་ཚུ་ ནད་འབུབ་ཨེཆི་ཨའེ་བི་ ཡོད་མེད་ཀྱིས་ བརྟག་ཞིབ་ འབད་བར་ འགྱོ་དགོཔ་ ཨིན་པས། སྨན་བཟའ་ནི་འགོ་མ་ བཙུགས་པའི་ཧེ་མ་དང་ སྨན་གཞན་མ་བསྟེན་པའི་ ཧེ་མ་ ཁྲག་བརྟག་ཞིབ་ ཚར་ལེ་ཤ་ཅིག་འབད་ དགོཔ་དེ་ ཁག་ཆེ་ཤོས་ ཅིག་ཨིན་པས། ཁྲག་ནང་ལུ་ ནད་འབུབ་ དང་ ཁམས་ཕྲན་སི་དྲི་ ཕཱོར་བརྟག་ཞིབ་འདི་གིས་ ནད་འབུབ་ཀྱི་སྔོན་སྐྱེད་དེ་ ཚུ་ ཧ་གོ་ཚུགས་དོ་ཡོདཔ་ མས། སྨན་བཅོས་འབད་ནི་ འགོ་ བཙུགས་ཞིནམ་ལས་ སྨན་གྱི་ནུས་ཤུགས་འདི་ ཡར་འཕར་གཏང་ཐབས་ལུ་ མཆིན་པ་དང་མཁལ་རོག་ གཉིས་ཀྱིས་ ལཱ་ལེགས་ ཤོམ་སྦེ་རང་འབད་ཚུགས་ དོ་ག་དང་ ཁྲག་གི་ནང་ ཚིལ་ལུ་དང་ གུ་རམ་ཚུ་ བརྟག་ཞིབ་འབད་དགོཔ་ ཨིན་པས། སྨན་བཅོས་འདི་འགོ་ བཙུགས་པའི་ཤུལ་ལུ་ ནད་འབུབ་དང་ ཁམས་ ཕྲན་སི་དྲི་ཕཱོར་བརྟག་ཞིབ་ འདི་ཡང་ སྨན་བཅོས་ཀྱི་ ཟླ་ངོ་དང་པའི་ནང་ བརྟག་ ཞིབ་འབད་དགོཔ་ཨིན་ པས། བརྟག་ཞིབ་འདི་ཡང་ ཟླ་ངོ་ ༣ དང་༤ གི་བར་ན་ ཚར་རེ་འབད་ནི་དང་འདི་ ལས་ལེན་ཐེངས་མངམ་ འབད་ནི་ཡོདཔ་ཨིན་རུང་ སྨན་བཅོས་འདི་ལེགས་ ཤོམ་སྦེ་རང་ འགོ་ བཙུགས་ཚུགས་པའི་ཤུལ་ ལུ་ བརྟག་ཞིབ་འདི་ ལེན་ ཐེངས་ཉུང་སུ་ཅིག་ལུ་ མར་ཕབ་འབད་དོ་ཡོདཔ་ མས། ཧེ་མ་ ནད་འབུཔ་ཐོབ་མི་ ཚུ་ལུ་ སྨན་བཅོས་ཡང་ རང་གི་གཟུགས་ཀྱི་སོབས་ ཤུགས་ ཚད་གཞི་དང་ འཁྲིལ་ཏེ་ བྱིནམ་ཨིན་རུང་ སྤྱི་ལོ་༢༠༡༧ སྤྱི་ཟླ་༡ པའི་ནང་ལས་ ནད་འབུཔ་ ཨེཆ་ཨའེ་བི་ཐོབ་མི་ག་ར་ ལུ་ སྨན་བཅོས་འབད་ བཅུག་ནི་ཨིན་པས། གསོ་པའི་སྙན་ཞུ་དང་ འཁྲིལཝ་ད་ ནད་གཞི་ ཨེཆི་ཨའེ་བི་ བརྟག་དཔྱད་ འབད་བའི་སྐབས་ བརྒྱ་ཆ་ ༩༠ ཉེན་སྲུང་མེད་པའི་ ལུས་འབྲེལ་ལུ་བརྟེན་ཏེ་ ཐོབ་ཡོདཔ་ད་ ལྷག་ལུས་ ཚུ་ ཨའི་ལས་ ཨ་ལུ་ལུ་ འབོ་ཡོད་པའི་ངོས་འཛིན་ འབྱུང་ཡོད་ ཨིན་པས། འབྲུག་ལུ་སྤྱི་ལོ་༡༩༩༣ ལས་ ད་ལོ་ཚུན་ཚོད་ཀྱི་ བར་ན་ ནད་གཞི་ཨེཆི་ ཨའེ་བི་ཐོབ་མི་ ཕོ་སྐྱེས་ ༢༦༥ དང་ ཨམ་སྲུ་༢༥༠ ཐོ་བཀོད་འབད་ཡོད་པའི་ གྲལ་ལས་ ཨ་ལུ་༣༥ དེ་ བརྩིཝ་ད་ ཡོངས་བསོམས་ ༥༡༥ ལུ་ ངོས་འཛིན་ འབད་ཡོདཔ་ པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.