འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱིས་ གྲོས་ཆོད་བཅུ་བདུན་ཕུལ་ཡོདཔ།

Bhutan Times - - Adverts -

ལྷག་པ་ཚེ་རིང་། ༉ རང་ཟླ་༡༡ པའི་ཚེས་༨ ལུ་ འབྲུག་གི་ཨ་ལོའི་ སྤྱི་ ཚོགས་༡ པའི་ཚོགས་ཐེངས་༢ པ་ མཇུག་བསྡུའི་རྟེན་འབྲེལ་ ནང་ གྲོས་ཆོད་བཅུ་བདུན་ཕུལ་ ཡོདཔ་ལས་ དེ་ཚུ་འབྲེལ་བ་ ཡོད་པའི་ལས་སྡེ་ཚུ་ལུ་ ཕུལ་ནི་ ཨིན་པས།

གྲོས་ཆོད་དེ་ཚུ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ དང་ བློན་ཆེན་ ཁྲིམས་སྤྱི་བློན་ པོ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚོགས་ཁང་གི་ཚོགས་དཔོན་ དང་ཚོགས་སྡེ་གི་ཁྲི་འཛིན་ལུ་ ཡང་ ཕུལ་ནི་ཨིན་པས།

སྤྱི་ཚོགས་ནང་ལུ་ གསུངས་ གྲོས་ཚུ་ཞིབ་ཞིབ་འབད་གནང་ པའི་ཤུལ་ལུ་ སློབ་གྲྭ་ལྟེ་བ་ མིན་པའི་ སློབ་གྲྭ་ཚུ་ནང་ཡོད་ པའི་ སློབ་ཕྲུག་དང་སློབ་དཔོན་ ཚུ་ལུ་ མཐུན་རྐྱེན་དང་མཁོ་ ཆས་ཚུ་ལངམ་མེདཔ་ལས་ བརྟེན་ གཞུང་གིས་འདི་ཚུ་ལུ་ གྲོགས་རམ་གནང་དགོ་པའི་ གྲོས་ཆོད་བྱུང་ནུག།

སློབ་གྲྭ་ཁག་དང་ མཐོ་རིམ་ སློབ་གྲྭ་ནང་གི་ ལྟོ་ཐོབ་སློབ་ ཕྲུག་ཚུའི་ ཟླ་རིམ་ལྟོ་ཕོགས་ འདི་ཡང་ ཡར་སེང་གནང་སྟེ་ འདི་གི་འཛིན་སྐྱོང་འཐབ་ནི་ལུ་ སློབ་གྲྭའི་བདག་སྐྱོངས་ཀྱིས་ དབྱེ་ཞིབ་དམ་ཟབ་གནང་དགོ་ པའི་ གྲོས་ཡང་བྱུང་ནུག།

དེ་མ་ཚད་སྤྱི་ཚོགས་ཀྱིས་ འབད་བ་ཅིན་ སློབ་གྲྭ་ག་ར་གི་ གལ་ལས་ ཆོས་ཚན་རེ་རེ་ བཞིན་ནང་ སྐུགས་ཚད་མཐོ་ ཤོས་ཐོབ་མི་སློབ་ཕྲུག་ཚུ་ལུ་ འབྲུག་འབྲིང་རིམ་བར་མའི་ ཤེས་ཡོན་ལག་ཁྱེར་དང་ འབྲུག་འབྲིང་རིམ་གོང་མའི་ ཤེས་ཡོན་ལག་ཁྱེར་གནང་པའི་ ཐོག་ལས་ ངོས་ལེན་གནང་ དགོཔ་འབད་ཕུལ་ནུག།

སྤྱིར་བཏང་མི་ཚུ་གིས་རྒྱལ་ ཁབ་ཀྱི་རྒྱལ་དར་དང་ སྐུ་ འཁོར་ དེ་ལས་ རིན་པོ་ཆེ་ཚུའི་ སྐུ་པར་གྱི་རིགས་ བཟའ་འཐུང་ སྤྱོད་ནི་ཕོརཔ་དང་དོརམ་ ཇོ་ ལག་དེ་ཚུ་གུར་ པར་སྐྲུན་འབད་ ནི་འདི་མ་བཏུབ་ཨིནམ་ལས་ འདི་བཟུམ་པར་སྐྲུན་འབད་དགོ་ པ་ཅིན་ ནང་སྲིད་དང་སྲོལ་ འཛིན་ལྷན་ཁག་ལས་གནང་བ་ ལེན་དགོ་པའི་གྲོས་ཆོད་ཕུལ་ ནུག།

དེ་ལས་ སློབ་གྲྭ་ཆ་མཉམ་ ནང་ སྒྲིག་ལམ་རྣམ་གཞག་ འདི་ སློབ་རིམ་ ༨ པ་མན་ ཆད་ལུ་ཆོས་ཚན་སྦེ་བཙུགས་ ཏེ་ ལྷབ་སྦྱང་འབད་ནི་ཡོདཔ་ བཟོ་དགོཔ་མ་ཚད་ མཁའ་ འགྲོ་ འགྲོ་བ་བཟང་མོ་དང་ ཨ་ཞེ་སྣང་ས་གི་རྣམ་མཐར་ གཉིས་ལས་ གཅིག་སློབ་རིམ་ ༩ པ་དང་༡༠ པ་ དེ་ལས་ གཅིག་སློབ་རིམ་༡༡ པ་དང་ ༡༢ པའི་ནང་ རྫོང་ཁའི་ནང་ ཡོད་པའི་འཁྲབ་སྲུང་གི་ཚབ་ལུ་ ལོག་བཙུགས་གནང་དགོ་པའི་ ཞུ་བ་ཡང་ཕུལ་ནུག།

སྤྱི་ཚོགས་ཀྱི་འབད་བ་ཅིན་ སློབ་གྲྭ་ཁག་གི་དཔེ་མཛོད་ཚུ་ ནང་ ཆོས་ཚན་དང་འབྲེལ་བའི་ དཔེ་དེབ་དང་ ན་གཞོན་དང་ཨ་ ལོ་ཚུ་ལུ་བསམ་སྤྱོད་ཡར་དྲག་ གཏང་ཚུགས་པའི་དཔེ་དེབ་ཚུ་ སློབ་གྲྭའི་བདག་སྐྱོང་ཁ་ཐུགས་ ལས་མཁོ་སྒྲུབ་འབད་དགོཔ་ འབད་གྲོས་ཆོད་བྱུང་ནུག།

དེ་མ་ཚད་ རྒྱལ་ཡོངས་ཁ་ སྐད་ཡར་རྒྱས་གཏང་ཐབས་ཀྱི་ དོན་ལུ་ རྩོད་འགན་དང་ དྲི་བ་ དྲིས་ལན་གྱི་འགན་བསྡུར་ རིག་པ་འགན་བསྡུར་གྱི་ལས་ རིམ་ཚུ་ སློབ་གྲྭ་དང་ སྤེལ་ ཁང་དེ་ལས་ མཐོ་རིམ་སློབ་གྲྭ་ ཚུ་ལུ་ གདོང་ལེན་འབད་དགོཔ་ བྱུང་བའི་གནད་དོན་ཚུ་གིས་ ཐོག་ལས་ རྫོང་ཁག་དང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ལུ་ དབྱིན་སྐད་ཐོག་ལུ་འགོ་ འདྲེན་འཐབ་དོ་བཟུམ་ རྫོང་ ཁའི་ཐོག་ལུ་ཡང་ འགོ་འདྲེན་ འཐབ་གནང་དགོཔ་འབད་ཕུལ་ ནུག།

སློབ་གྲྭ་ཆེ་བ་ཚུ་གིས་ སློབ་ རིམ་༡༡ པའི་ནང་ འཛུལ་ ཞུགས་ཀྱི་ཁྱད་ཚད་ཐོབ་མི་ གནས་སོར་ཕོག་མི་སློབ་ཕྲུག་ ཚུ་ལུ་ སྐུགས་ཚད་ཀྱི་དབྱེ་བ་ མ་ཕྱེ་བར་ལེན་དགོ་པའི་གྲོས་ ཆོད་ཡང་ཕུལ་ནུག།

སློབ་དཔོན་ཚུ་ལུ་ འགན་ ཁག་སྦོམ་ཕོག་སྟེ་ཡོདཔ་ལས་ སློབ་དཔོན་ཚུ་ལུ་ ཐོབ་དབང་ གནང་དགོཔ་དང་ སློབ་ཕྲུག་ ཨ་ལོ་ཚུ་ གཞུང་སྒེར་གྱི་ལས་ རིམ་ཚུ་ནང་ བཅའ་མར་ གཏོགས་པའི་སྐབས་ལུ་ ཉིན་ འཐུས་ ཡར་སེང་འབད་དགོ་ ཟེར་བའི་གྲོས་ཆོད་བྱུང་ནུག།

ཁྲོམ་དང་མཐའ་ཟུར་གྱི་སློབ་ གྲྭ་ཁག་གི་བར་ན་ འབྲེལ་བ་ བཟོ་ཐབས་ཀྱི་ལས་རིམ་འདི་ ན་གཞོན་ཚུ་ལུ་ཕན་ཐོགས་དོ་ ཡོདཔ་ལས་ འབྲེལ་བ་ཡོད་ པའི་ལས་སྡེ་ཁག་གིས་ འདི་ བཟུམ་མའི་ལས་རིམ་བརྩམ་ གནང་དགོཔ་པའི་ཞུ་ཡང་ཕུལ་ ཡོདཔ་ཨིན་པས།

སྤྱི་ཚོགས་ཀྱི་ རྫོང་ཁ་གོང་ འཕེལ་ལྷན་ཚོགས་དང་འབྲེལ་ བ་ཡོད་པའི་ལྷན་ཁག་དང་ལས་ སྡེ་ཚུ་གིས་ མཉམ་འབྲེལ་གྱི་ ཐོག་ལས་ འབྲུག་རྒྱལ་ཁབ་ ཀྱི་ ས་གནས་དང་ཅ་ཆས་ཚུའི་ མིང་ རྫོང་ཁ་དང་ དབྱིན་སྐད་ གཉིས་ཆའི་ནང་ ཡིག་དེབ་ ཅིག་མཚུངས་བཟོ་དགོཔ་འབད་ ཡང་ཕུལ་ཡོདཔ་ཨིན་པས།

དེ་ལས་ སློབ་ཕྲུག་ཨ་ལོ་ཚུ་ ལུ་ བཞེས་གོ་བཅུད་ཅན་དང་ སྤུས་ཚད་ཅན་འབད་ བྱིན་ ཐབས་ལུ་ ཐབ་ཚང་པ་དེ་ཚུ་ལུ་ སྦྱོང་རྡར་བྱིན་དགོཔ་དང་ སློབ་ གྲྭའི་བདག་སྐྱོངས་དང་འཛིན་ སྐྱོངས་ཀྱིས་ དུས་རྒྱུན་བལྟ་ རྟོག་འབད་དགོཔ་མ་ཚད་ ཉམས་སྨྱོང་དང་འབྲི་ལྷག་ཤེས་ ཡོན་ལྡན་པའི་ཐབ་ཚང་པ་ཚུ་ བཙུགས་ནི་ལུ་བརྩོན་དགོ་པའི་ གྲོས་ཆོད་ཕུལ་ནུག།

སློབ་གྲྭ་ཆེ་བ་ཚུ་ནང་ སོ་ནམ་ གྱི་ཆོས་ཚན་མ་བཙུགས་པར་ ལུས་ཡོད་མི་ཚུ་ འོས་འབབ་ དང་བསྟུན་ཏེ་ ག་དེ་མགྱོགས་ མགྱོགས་ བཙུགས་གནང་ དགོཔ་མ་ཚད་ གཞུང་དང་སྒེར་ གྱི་སློབ་གྲྭ་ནང་ སློབ་རིམ་༡༡ པའི་ནང་ལུ་ སློབ་རིམ་༡༢ པའི་ཆོས་ཚན་སྟོན་མ་ཆོགཔ་ ལུ་ ཤེས་རིག་ལྷན་ཁག་ལས་ དམིགས་བསལ་གྱི་དབྱེ་ཞིབ་ དམ་ཟབ་མཛད་གནང་དགོ་ཟེར་ གྲོས་ཆོད་ཕུལ་ནུག།

ཤེས་ཡོན་ལྷབ་ནི་གི་གོ་ སྐབས་མ་ཐོབ་པའི་ ན་གཞོན་ ལོ་ན་ཆུང་ཀུ་ཚུ་ལུ་ ཁོང་རའི་ ལྕོགས་གྲུབ་ལས་འགལ་བའི་ ལཱ་གཡོག་བཀོལ་ནི་བཀག་ ཐབས་ལུ་ ས་གནས་གཞུང་ གིས་ འབྲེལ་ཡོད་ལས་སྡེ་ཚུ་ ལས་ རྒྱབ་སྐྱོར་འབད་དགོཔ་ ལུ་ འབྲེལ་བ་བཟོ་བཞིན་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཏང་དགོཔ་དང་ འབྲེལ་ཡོད་ ལས་སྡེ་ཚུ་གིས་ཡང་ གོ་བརྡའི་ ལས་རིམ་ཚུ་ ས་གནས་ག་ར་ ནང་ཁྱབ་ཚུགསཔ་འབད་མཛད་ གནང་དགོ་པའི་སྐོར་ ཚོགས་ ཁང་གིས་ཞལ་འཆམ་ཡོདཔ་ ཨིན་པས།

སྤྱི་ཚོགས་དེ་ཡང་ རྒྱལ་ཁབ་ ནང་གི་སློབ་གྲྭ་ཁག་ལས་ ཨ་ ལོའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ དང་ཚོགས་འདུའི་འཐུས་མི་ ༦༧ གྱིས་ཚོགས་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.