མ་དངུལ་ལངམ་མེདཔ་ལས་ གཞུང་སྐྱོང་མཆོག་འགྱུར་གྱི་ དམིགས་གཏད་ཚུ་བསྒྲུབ་མ་ཚུགསཔ།

Bhutan Times - - འབྲུག་གི་དུས་ཚོད། - ལྷག་པ་ཚེ་རིང་།

༉ གཞུང་སྐྱོང་མཆོག་འགྱུར་ གྱི་ལོ་བསྟར་བར་མཚམས་ བསྐྱར་ཞིབ་འབད་བའི་སྐབས་ ལྷན་ཁག་དང་ གཞུང་མིན་ ལས་སྡེ་ཁག་ཚུ་གིས་ ལཱ་ཚུ་ འབད་བཞིན་ཡོད་རུང་ མ་ དངུལ་ལངམ་མེདཔ་ལས་ དམིགས་གཏད་ཚུ་ མང་ ཤོས་རང་མར་ཕབ་དགོཔ་ འབད་སྙན་ཞུ་ཕུལ་ཡོདཔ་ ཨིན། གཞུང་སྐྱོང་མཆོག་འགྱུར་གྱི་ ལོ་བསྟར་བར་མཚམས་ བསྐྱར་ཞིབ་ནང་ལུ་ ལྷན་ ཁག་༩ དང་ གཞུང་མིན་ ལས་སྡེ་༧ གྱི་ སྤྱི་ཟླ་༡ པའི་སྤྱི་ཚེས་༩ ལུ་ ཐིམ་ ཕུག་ལུ་འབད་བསྐྱར་ཞིབ་ འབད་ཡོདཔ་ཨིན། ཕྱི་འབྲེལ་བོན་པོ་དམ་ཆོས་རོཻ་ གིས་འབད་བ་ཅིན་ དམིགས་ གཏད་དེ་ཚུ་ མར་ཕབ་འབད་ ནི་མེན་པར་ དེ་ཚུ་སྟབས་མ་ བདེཝ་ག་ཅི་ལས་བརྟེན་བྱུང་ ཡི་ག་ གསལ་དགོཔ་འདུག་ ཟེར་གསུངས་ཡི། བོན་ཆེན་ཚེ་རིང་སྟོབས་རྒྱས་ ཀྱིས་ དམིགས་གཏད་ཚུ་ མང་ཤོས་རང་དངུལ་རྩིས་ ལྷན་ཁག་དང་ གསུངས་ གྲོས་གནང་ཞིནམ་ལས་ མ་ དངུལ་གྱི་གྲོགས་རམ་གནང་ འོང་གསུངས་ཡི། བོན་ཆེན་གྱི་འབད་བ་ཅིན་ གཞུང་སྐྱོང་མཆོག་འགྱུར་དེ་ འགོ་བཙུགས་ཞིནམ་ལས་ ལྷན་ཁག་དང་ གཞུང་མིན་ ལས་སྡེ་ཁག་ཚུ་གིས་ ལཱ་ཚུ་ འབད་ནིའི་དམིགས་གཏད་ བསྒྲུབ་ཐབས་ལུ་ ཕན་ ཐོགས་སོམ་བྱུང་ཡི་ཟེར་ གསུངས་ཡི། དོ་རུང་ བོན་ཆེན་གྱིས་ བར་མཚམས་བསྐྱར་ཞིབ་ འབདཝ་ད་ ཉེན་ཁ་ནང་ ཡོད་མི་ ལས་སྣ་རྐྱངམ་ གཅིག་གུ་ གསུང་གྲོས་ གནང་པའི་སྐབས་ མང་ ཤོས་རང་ ཉེན་ཁ་ནང་ཚུད་ དེ་ཡོད་རུང་ མཆོག་འགྱུར་ གྱི་ ད་རུང་ གནས་ཡུན་ ཚང་ནི་ལུ་ ཟླཝ་ཕྱེད་དང་༦ དེ་ཅིག་ཡོདཔ་ལས་ དེ་གི་ ནང་འཁོད་ལུ་ མཇུག་བསྡུ་ ཚུགསཔ་སྦེ་ འབད་དགོ་ ཟེར་གསུངས་ཡི། གྲུབ་འབྲས་ཚུ་ག་དེ་སྦེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་ ན་ ཤེས་ཚུགས་ནིའི་དོན་ལུ་ བོན་ཆེན་གྱིས་རང་སོའི་ ལོ་ བསྟར་གྱི་གྲུབ་འབྲས་ཚུ་ བལྟ་དགོ་ཟེར་གསུངས་ཡི། སོ་ནམ་དང་ནགས་ཚལ་ལྷན་ ཁག་གིས་ གེ་ཟའི་ཐོན་སྐྱེད་ མེ་ཊིག་ཊཱོན་༩༦ དམིས་ གཏད་བསྐྱེད་དེ་ཡོད་མི་དང་ ཀར་གྱི་ཐོན་སྐྱེད་ མེ་ཊིག་ ཊཱོན་༨༠ དེ་ལས་ ཀེ་བའི་ ཐོན་སྐྱེད་མེ་ཊིག་ཊཱོན་༦༢ ཐོན་སྐྱེད་འབད་ནིའི་ དམིགས་གཏད་ཡོད་མི་ཚུ་ འགྲུབ་མི་ཚུགས་ནི་ཨིནམ་ སྦེ་ ཞུ་ཡོད་མི་དེ་ཡང་ གཙོ་ བོ་རང་རི་དྭགས་སེམས་ཅན་ དང་སེརཝ་ རླུང་ཚུབ་དང་ རླུང་ཆར་ རྩུབ་དྲགས་བྱུང་ མི་ལས་བརྟེན་ཏེ་ དམིགས་ གཏད་འགྲུབ་མི་ཚུགས་ནི་ ཨིན་མས་ཟེར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ དྲུང་ཆེན་རིག་འཛིན་རོཻ་གིས་ སྙན་ཞུ་འབད་མི་འདི་ལུ་ ངོས་ལེན་འབད་ཡི། བསྐྱར་ཞིབ་འབད་བའི་ སྐབས་ ལྷན་ཁག་གི་དྲུང་ ཆེན་གྱིས་ སྙན་ཞུ་འབད་མི་ ནང་ མི་ཚུ་གིས་ ཀར་ འཛུགས་སྐྱོང་འབད་ནི་ལུ་ དང་འདོད་སོམ་ཅིག་ སྐྱེད་ མི་མེད་དེ་གིས་ ཐོན་སྐྱེད་ མར་ཕབ་འགྱོ་ནི་ཨིན་པས་ ཟེར་ཞུ་ཡི། ཆུ་གཡུར་ཀི་ལོ་མི་ ཊར༡༩༧. ༦ སེལ་དགོཔ་སྦེ་ དམིགས་གཏད་བསྐྱེད་ཡོད་ ཡོདཔ་རུང་ མ་དངུལ་ མེདཔ་ལས་ དམིགས་ གཏད་ནང་ལས་ ཕྱིར་བཏོན་ འབད་དེ་ ད་ཚུན་ཧེ་མའི་ལཱ་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོད་མི་རྐྱངམ་གཅིག་ འབད་ཚར་ཡོད་ཟེར་སྙན་ཞུ་ འབད་ཡོདཔ་ཨིན། སོ་ནམ་དང་ནགས་ཚལ་ལྷན་ ཁག་གིས་བོན་པོ་ཡེས་ཤེས་ རོཻ་གིས་འབད་བ་ཅིན་ མ་ དངུལ་མ་ལངས་མི་དེ་ ལས་ འགུལ་སོམ་ཚུ་གིས་དོན་ལུ་ རྐྱངམ་ཅིག་ཨིནམ་ལས་ ས་ གནས་གཞུང་གིས་རྒེད་འོག་ ནང་ལས་ ཆུ་གཡུར་ལས་ འགུལ་ཆུང་བ་ཚེ་ལེ་ཤ་རང་ བསལ་ཡོད་ཟེར་གསུངས་ཡི། དེ་བཟུམ་སྦེ་ ལྷན་ཁག་གི་ ཤ་མུའི་ཐོན་སྐྱེད་ མེ་ཊིག་ ཊཱོན་༡༡༣ དེ་ཡང་འགྲུབ་མི་ ཚུགས་ནི་ཨིན་མི་དེ་ཡང་ རྒྱལ་ཡོངས་ཤ་མུའི་ལྟེ་བ་དེ་ ཡིད་སྲིད་སྤང་ལས་དབང་ ཕྱུག་རྟ་འབབ་ལུ་ གནས་ སོར་འབད་ཡོད་མི་དང་ ལྟེ་ བའི་ནང་ལུ་ བརྟག་དཔྱད་ ཁང་གི་མཐུན་རྐྱེན་ཚུ་ མེདཔ་ལས་ཨིན་ཟེར་ སོ་ ནམ་བོན་པོ་གིས་གསུངས་ཡི། དེ་ལུ་ བོན་ཆེན་གྱིས་ ལོ་ ཐོག་ཉེན་བཅོལ་དང་འབྲེལ་ བའི་ ཚོགས་ཆུང་བཟོ་ནིིའི་ འཆར་གཞི་ཡོད་མི་ལུ་ གྲོས་ བསྟུན་འབད་ནི་ཟེར་གསུངས་ ཡི། བཀྲིས་ཆོས་རོང་ནང་ ལཱ་ འབད་མི་ལས་བྱེདཔ་ཚུ་གི་ ཨ་ལུ་བཞག་སའི་ ལྟེ་བ་ བཟོ་ནིའི་འཆར་གཞི་ཡོད་མི་ དེ་ཡང་ བོན་ཆེན་གྱིས་ད་ལྟོ་ གནས་སྐབས་ཅིག་ ཆ་མེད་ མ་བཏང་པར་ ཐབས་ལམ་ གཞན་ཅིག་ བལྟ་དགོཔ་ འདུག་ཟེར་གསུངས་ཡི། གཞུང་སྐྱོང་མཆོག་འགྱུར་གྱི་ ལོ་བསྟར་བར་མཚམས་ བསྐྱར་ཞིབ་འདི་ཡང་ ལྷན་ ཁག་གཞུང་མིན་ལས་སྡེ་ཁག་ ཚུ་དང་ ཁྲོམ་སྡེ་ དེ་ལས་ རོང་ཁག་ཚུ་གིས་ ལཱ་ཚུ་ འབད་དེ་ཚུ་ དུས་ཚོད་ཁར་ འགྲུབ་འབྲས་ཅན་ཅིག་སྦེ་ མཇུག་བསྡུ་ཚུགས་ནི་ལུ་ དམིགས་ཏེ་ གཞི་བཙུགས་ ནུག། དེ་མ་ཚད་ཁྲོམ་སྡེ་༤ དང་ རོང་ཁག་༢༠ གི་གཞུང་སྐྱོང་ མཆོག་འགྱུར་གྱི་ལོ་བསྟར་ བར་མཚམས་ བསྐྱར་ཞིབ་ འདི་ཡང་ ཟླཝ་དེ་ནང་རང་ འགོ་འདྲེན་འཐབ་ནི་ཨིན་ པས། སྤྱི་ལོ་༢༠༡༦ སྤྱི་ཟླ་༦ པའི་ ནང་ལུ་ ལྷན་ཁག་༡༠ དང་ གཞུང་མིན་ལས་སྡེ་༧ དེ་ ལས་ རོང་ཁག་༢༠ གིས་ གཞུང་སྐྱོང་མཆོག་འགྱུར་ གན་ཡིག་གུར་ལུ་ མཚན་ རྟགས་གནང་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.