དྭངས་ཆུ་རྒེད་འོག་གི་ རྒཔོ་དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ།

Bhutan Times - - Adverts -

ལྷག་པ་ཚེ་རིང་།

༉ བཙག་འཐུ་ལྷན་ ཚོགས་ཀྱི་ དབང་འདུས་ རོང་ཁག་ དྭངས་ཆུ་རྒེད་ འོག་ནང་ རྒཔོ་གི་ས་སོང་ འཐོན་ཡོད་པའི་ དུས་མིན་ བཙག་འཐུ་དེ་ དབྱིན་ཟླ་༣ པའི་དབྱིན་ཚེས་༦ ལུ་ འགོ་འདྲེན་འཐབ་ནི་ཨིན་ པས། དྭངས་ཆུ་རྒེད་འོག་གི་ རྒཔོ་བསོད་ནམས་རོཻ་དེ་ ས་གནས་གཞུང་གི་བཙག་ འཐུ་ ཐེངས་༢ པའི་ནང་ བཙག་འཐུ་གྲུབ་ཡོད་པའི་ ཤུལ་ལུ་ ན་ཧིང་དབྱིན་ཟླ་ ༡༡ པའི་ནང་ དགོངས་ ཞུ་འབད་ཡོད་མི་དེ་ཡང་ ཁོ་རའི་ཨམ་སྲུ་དེ་ ཕྱི་ རྒྱལ་ཨཱསི་ཊེ་ལི་ཡ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་བ་ འགྱོ་མི་དང་གཅིག་ཁར་ འགྱོ་ཡོདཔ་ལས་ ས་སོང་ ལུས་ཡོདཔ་ཨིན་པས། རྒཔོ་གི་གོ་གནས་ལུ་ དོ་ འགྲན་འབད་མི་འདེམས་ ངོ་ བཙག་འཐུ་འབད་ནིའི་ དོན་ལུ་ རོང་ཁག་བཙག་ འཐུའི་ཡིག་ཚང་གིས་ དབྱིན་ཟླ་༢ པའི་དབྱིན་ ཚེས་༡༤ ལུ་ སྤྱི་འོག་ འཛོམས་འདུ་ ཚུ་འགོ་ འདྲེན་འཐབ་ནི་ཨིན་པས། སྤྱི་འོག་འཛོམས་འདུ་དེ་ ཡང་ སྤྱི་འོག་རེ་ལས་ འདེམས་ཁོངས་༢ ལས་ ལྷག་ཏེ་ བཙག་འཐུ་མི་ འབད་ནིའི་དོན་ལུ་ རྒྱན་ བཙུགས་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་ པས། རྒེད་འོག་དེ་ནང་ སྤྱི་འོག་༥ ཡོདཔ་ཨིན་ པས། ཚོགས་རྒྱན་བཙུགས་ནིའི་ དབང་ཆ་ཡོད་མི་ སྐྱེས་ལོ་ ༢༥ ལས་༦༥ གི་བར་ན་ ཨིན་མི་ཚུ་གིས་ འདེམས་ ཁོངས་ནང་ལས་ འདེམས་ངོ་སྦེ་ བཅའ་ མར་གཏོགས་ནའི་འོས་ འབབ་ཡོདཔ་ཨིན་པས། སྤྱི་འོག་འཛོམས་འདུ་ནང་ ལས་ བཙག་འཐུ་གྲུབ་ ཡོད་མི་ འདེམས་ངོ་ཚུ་ གིས་ སྐུལ་བསྒྲགས་ འབད་ནའི་དོན་ལུ་ ཉིན་ གྲངས་༡༦ ཐོབ་ནི་ཨིནམ་ དང་ དེ་ཡང་ ཚོགས་རྒྱན་ བསྐྱུར་ནིའི་ཉིནམ་གི་ཧེ་མ་ ཆུ་ཚོད་༤༨ ལུ་ མཇུག་ བསྡུ་དགོཔ་ཨིན་པས། འདེམས་ངོ་ཚུ་གིས་ སྐུལ་ བསྒྲགས་འབད་ནའི་ཟད་ འགྲོ་དེ་ཡང་ མི་མང་ བཙག་འཐུའི་མ་དངུལ་ བཅའ་ཁྲིམས་༢༠༠༨ ཅན་ མ་དང་འཁྲིལ་ དངུལ་ ཀྲམ་༥༠,༠༠༠ ལས་ལྷག་ ཏེ་ གཏང་མི་ཆོག་ནི་ཨིན་ པས། དེ་མ་ཚད་བཙག་འཐུ་ལྷན་ ཚོགས་ཀྱི་ འདེམས་ངོ་ ཕྱིར་ཏོན་དང་ འགྲེམས་ ཐོག་ཚོགས་རྒྱན་གྱི་ ཞུ་ ཡིག་ལེན་ནི་དང་ ཚོགས་ རྒྱན་འགོ་དཔོན་གྱིས་ འགྲེམས་ཐོག་ཚོགས་རྒྱན་ ཚུ་ ཐོ་བཀོད་འབད་ཡོད་ པའི་ འགྲེམས་ཐོག་ ཚོགས་རྒྱན་སྐྱུར་ནི་དེ་ དབྱིན་ཟླ་༢ པའི དབྱིན་ ཚེས་༡༧ ལུ་སྒོ་བསྡམ་ནི་ ཨིན་པས། གལ་སྲིད་ འདེམས་ངོ་ བཏོན་ནའི་ཉིནམ་མཇུག་ ཚུན་ཚོད་ འདེམས་ངོ་ འཐོན་མི་མེད་པ་ཅིན་ བཙག་འཐུའི་དུས་ཚོད་དེ་ ཁྱབ་བསྒྲགས་མ་འབད་ ཚུན་ཚོད་ ཕར་འགྱངས་ འབད་ནི་དང་ འདེམས་ངོ་ ༡ ལས་མེད་པ་ཅིན་ འགྲན་ཡ་མེད་པའི་བཙག་ འཐུ་ འགོ་འདྲེན་འཐབ་ནི་ ཨིན་པས། བཙག་འཐུའི་འགོ་དཔོན་ གྱི་ གྲོས་སོན་ཐོག་ལས་ རང་སོའི་བཙག་འཐུའི་ འགོ་འདྲེན་པ་དང་ ཉེན་ སྲུང་འཐབ་མི་ཚུ་གིས་ སྤྱི་ འོག་ནང་ལུ་ སྤྱིར་བཏང་ གྲོས་གནས་ གོ་རིམ་ བསྒྲིག་ནི་ཨིནམ་མ་ཚད་ གཡུས་ཚན་ཁག་ཚུ་ནང་ ཡང་ ངེས་པར་དུ་དགོཔ་ མཐོང་པ་ཅིན་ གོ་རིམ་ བསྒྲིག་ནི་ཨིན་པས། རོང་ཁག་བཙག་འཐུའི་ ཡིག་ཚང་གིས་ ངོས་ འཛིན་འདྲ་པར་མེད་མི་ཚུ་ དང་ ཧེ་མ་བསྡུ་ལེན་ འབད་མ་ཚུགས་པར་ལུས་ མི་ཚུ་ལུ་ བཙག་འཐུའི་ ཉིནམ་དེ་ཁར་ཡང་ འཕོ་ མཐུད་དེ་རང་ བཀྲམ་ སྤེལ་འབད་ནི་ཨིན་པས། བོན་པོ་ལྷན་རྒྱས་དང་ མཐུས་མི་ འགོ་དཔོན་ སྲིད་དོན་ཚོགས་པའི་ མཐུས་མི་དང་ གཞན་མི་ བཙག་འཐུ་སྒྲུབ་ཡོད་པའི་ ས་གནས་གཞུང་གི་འགོ་ འཁྲིདཔ་ཚུ་གིས་ དུས་ མིན་བཙག་འཐུའི་འདེམས་ ངོ་ཚུ་ སྐུལ་བསྒྲགས་ འབད་ནི་ལུ་ ཐད་ཀར་ དང་ ཐད་ཀར་མིན་པའི་ སྒོ་ལས་ གྲོགས་རམ་ཚུ་ འབད་མི་ཆོག་ནི་ཨིན་པས། དེ་མ་ཚད་ གོ་གནས་ འཆང་མི་ཚུ་གིས་ བཙག་ འཐུའི་ཉིནམ་དེ་ཁར་ ཚོགས་རྒྱན་སྐྱུར་ནི་མ་ གཏོགས་ བཙག་འཐུའི་ དུས་ཚོད་ཀྱི་རིང་ལུ་ འདེམས་ཁོངས་ནང་ལུ་ གཞུང་འབྲེལ་གྱི་ བལྟ་ སྐོར་ཚུ་ཡང་འབད་མི་ཆོག་ ནི་ཨེིན་པས། སྐྱེས་ལོ་༡༨ ཡན་ཆད་ འབད་མི་ འབྲུག་མི་ཚུ་ གིས་ ཚོགས་རྒྱན་བསྐྱུར་ ནའི་ འོས་འབབ་ཡོདཔ་ ཨིན་པས། ཚོགས་རྒྱན་སྐྱུར་བའི་ ཉིནམ་དེ་ཁར་ གནང་བ་ ཡོད་མི་ཚུ་གི་མ་གཏོགས་ གཞན་མི་ཚུ་གིས་ ཚོགས་ རྒྱན་བསྐྱུར་བ་འོང་པའི་ སྐབས་ མཚོན་ཆ་ འདྲ་ པར་ ཐོས་སྒྲ་ སྒྲ་བཟུང་ དངོས་ཆས་དང་ བརྙན་ འཁོར་ཚུ་འབག་འོང་མི་ ཆོག་ནི་ཨིན་པས། བཙག་འཐུའི་ཉིནམ་དེ་ཁར་ རྒེད་འོག་དེ་ནང་གི་ སོབ་ གྲྭ་ཁག་དང་ཡིག་ཚང་ཚུ་ ག་ར་ ངལ་གསོ་བཞག་ནི་ ཨིནམ་དང་ འདེམས་ ཁོངས་དེ་ནང་ ཚོགས་ རྒྱན་གྱི་ཐོ་བཀོད་འབད་ ཡོད་པའི་ ས་གནས་ གཞན་ཁར་ཡོད་མི་ གཞི་ གཡོགཔ་ཚུ་ཡང་ ཚོགས་ རྒྱན་བསྐྱུར་འདོད་དང་ འཁྲིལ་ཏེ་ ངལ་གསོ་ འཐོབ་ནི་ཨིན་པས། ཚོགས་རྒྱན་སྐྱུར་བའི་ ཉིནམ་དེ་ཁར་ ས་ཁོངས་ ག་རའི་ནང་ བཙག་འཐུའི་ རྒྱན་བཙུགས་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ དྲོ་པ་ཆུ་ཚོད་༩ ལས་ཕྱི་རུ་ ཆུ་ཚོད་༥ ཚུན་ཚོད་འགོ་ འདྲེན་འཐབ་ན་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.