རྒྱལ་ཡོངས་ཆང་དང་སྨོས་རྫས་བརྡ་སྤོད་ལས་རིམ་སྒོ་འབྱེད་འབད་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ ཕྱུག་མཆོག་གིས་ གཟའ་ སྤེན་པ་ལུ་ རྒྱལ་ཡོངས་ཆང་ དང་སྨོས་རྫས་བརྡ་སྤོད་ལས་ རིམ་འདི་ སྒོ་འབྱེད་མཛད་ གནང་ཡོདཔ་ཨིན། ལས་རིམ་འདི་ཡང་ ན་ གཞོན་དང་ཕམ་ཚུ་གི་ བྱ་ སྤོད་ལེགས་བཅོས་འབད་ནི་ དེ་ལས་ སྨོས་རྫས་དང་ འབྲེལ་བའི་ ཤེས་ཡོན་ཚུ་ ཡར་སེང་འབད་ནི་ལུ་ དམིགས་ཏེ་ ད་རེས་འགོ་ དང་པ་ འགོ་བཙུགས་དོ་ ཡོདཔ་ཨིན། དེ་མ་ཚད་ ཆང་དང་སྨོས་ རྫས་ཚུ་ལོག་སྤོད་མི་ཚུ་ལུ་ ལེགས་བཅོས་ཀྱི་ཞབས་ཏོག་ ཚུ་བྱིན་ཏེ་ ཆང་དང་སྨོས་ རྫས་ ལག་ལེན་འཐབ་མིའི་ གྱངས་ཁ་ མར་ཕབ་རྐྱབ་ ཚུགས་པའི་རེ་བ་བསྐྱེདཔ་ ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ ཆང་དང་སྨོས་རྫས་ ལོངས་ སྤོད་དང་ ཚོང་འབྲེལ་འབད་ མིའི་གྱངས་ཁ་འདི་ ཡར་ སེང་འགྱོ་དེ་རང་ཡོདཔ་ལས་ ས་ཁོངས་ཚུ་ནང་བཤལ་ཏེ་ ཆང་དང་སྨོས་རྫས་ ཚོང་ འབྲེལ་འབད་མ་ཆོག་པའི་ སྐོར་ལས་ གོ་བརྡའི་ལས་ རིམ་ལས་བརྟེན་ ཕན་ ཐོགས་སོམ་འབྱུང་ཚུགས་ པའི་རེ་བ་བསྐྱེདཔ་ཨིན་མས། ལས་རིམ་འདི་འབྲུག་སྤྱི་ མཐུན་ཕན་སྡེ་ཚོགས་པ་དང་ འབྲུག་སྨོ་རྫས་བཀག་འཛིན་ ལས་སྡེ་ གཉིས་མཉམ་རུབ་ ཀྱི་ཐོག་ལས་འགོ་འདྲེན་ འཐབ་ཨིན་མས། རྒྱལ་ཁབ་ནང་ ཆང་དང་ སྨོས་རྫས་ཚུ་གིས་ མི་སྡེའི་ སྒྲིག་གཞི་དང་ གཞི་འགྱམ་ ཚུ་ མེདཔ་གཏངམ་མ་ཚད་ རང་སོའི་གཟུགས་ཁམས་ འཕོད་བསྟེན་ལུ་ཡང་ གནོདཔ་ལས་ ན་གཞོན་ དང་ ཨ་ལོའི་ཕམ་ཆ་ཁྱབ་ ཀྱིས་ ཆང་དང་སྨོས་རྫས་ཀྱི་ གནོད་སྐྱོན་ཚུའི་སྐོར་ལས་ ལྷ་གོ་སྟེ་ མི་གཞན་ལུ་ གོ་ བརྡ་སྤེལ་དགོཔ་ཁག་ཆེཝ་ ཨིན་མས། ལས་རིམ་ནང་ལུ་ མཁས་ བླངས་པ་ཚུ་གིས་ ཚོད་བསྲེ་ ཁྲོམ་དང་ གླ་འཁོར་བཞག་ སའི་ས་ཁོངས་ དེ་ལས་ ན་ གཞོན་དཔལ་རི་ཚུ་ནང་ ཆང་དང་སྨོས་རྫས་ཀྱི་བརྡ་ སྤོད་འབད་དེ་ཡོདཔ་ཨིན། དེ་མ་ཚད་ཁོང་ མཁས་ བླངས་པ་ཚུ་གིས་ རྐང་ འཁོར་གཏང་ཞིནམ་ལས་ ཐིམ་ཕུག་ལུ་རྐྱངམ་ཅིག་མེན་ པར་ གཞན་རྫོང་ཁག་༨ ནང་ལུ་ཡང་ ཆང་དང་སྨོས་ རྫས་ཀྱི་སྐོར་ལས་ གོ་བརྡའི་ ལས་རིམ་ཚུ་ འགོ་འདྲེན་ འཐབ་ནིའི་རེ་བ་ཡོདཔ་ཨིན་ པས། གཞན་ཡང་ མི་དམངས་ལུ་ ཆང་དང་སྨོས་རྫས་ཀྱི་སྐོར་ ལས་ གོ་བརྡའི་ལས་རིམ་ ཚུ་ མི་སྡེ་བརྡ་བརྒྱུད་དང་ མཁས་བླངས་པ་ཚུ་གིས་ མི་ཚུ་དང་ཕྱད་དེ་ གོ་བརྡ་ སྤེལ་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.