ཇ་པཱན་གྱི་ ཨ་ཀི་ཤི་ནོའི་སྲསམོ་མ་ཀོ་གིས་ རང་ལུགས་ཀྱི་རྩེད་རིགས་ འགྲེམ་བསོན་ནང་ལུ་ ཆིབས་བསྐོས་གནང་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༥ པའི་སྤྱི་ཚེས་༣ ལུ་ ཇ་པཱན་གྱི་ ཨ་ཀི་ཤི་ནོའི་ སྲསམོ་མ་ཀོ་གིས་ ཐིམ་ཕུག་ ལྕང་གླིང་པའི་ཐང་ནང་ འཇིགས་མེད་རོ་རྗེ་དབང་ཕྱུག་ རྗེས་དྲན་ རང་ལུགས་མདའ་ རྩེད་ཀྱི་ མཐའ་བཅད་འགྲན་ བསྡུར་དང་ རང་ལུགས་ཀྱི་ རྩེད་རིགས་འགྲེམ་བསོན་འབད་ ས་ལུ་ ཆིབས་བསྐོས་གནང་ ཡོདཔ་ཨིན། ཨ་ཀི་ཤི་ནོའི་སྲསམོ་མ་ཀོ་གིས་ གཟིགས་སྐོར་ནང་ལུ་ འབྲུག་ རྒྱལ་ཁབ་ཀྱི་ ག་ནི་བ་མཛེས་ ཆ་དང་ལྡན་པའི་ རང་ལུགས་ ཀྱི་ན་བཟའ་དཀྱི་ར་ནང་ འབོན་ ཡོདཔ་ཨིན། སྲསམོ་མ་ཀོ་གིས་ ཐུགས་སྤོ་ སོམ་ཡོད་པའི་ མཇལ་སྣང་གི་ ཐོག་ལས་ རང་ལུགས་ཀྱི་ མདའ་དང་ ཁུ་རུ་ལན་ཐེངས་༣ གནངམ་ད་ ཁུ་རུ་མཐའ་ མཇུག་གནང་མི་དེ་ ཀ་རེག་ ཕོག་ཡོདཔ་ལས་ མི་མང་ལུ་ དགའ་སྤོ་སོམ་འབྱུང་ཡོདཔ་ ཨིན། རང་ལུགས་ཀྱི་ རྡེད་སྒོར་ རྩེདམོ་ འགྲེམ་མསོན་འབད་ ས་ལུ་ཡང་ གཟིགས་ཞིབ་ གནང་ཡོདཔ་མ་ཚད་ རྩེད་ཐང་ ནང་ སོབ་ཕྲུག་དག་པ་ཅིག་ལུ་ མཇལ་ཕྲད་གནང་ཡོདཔ་ཨིན། ཆིབས་བསྐོས་གནང་ས་ལུ་ འབྲུག་རང་ལུགས་རྩེད་རིགས་ ཚོགས་པའི་ ཁྲི་འཛིན་ བོན་ པོ་ ཌག་ཊོར་ ཀུན་བཟང་རོ་ རྗེ་གིས་ གདན་འདྲེན་ཞུ་ ཡོདཔ་ཨིན། རྩེད་རིགས་འགྲེམ་བསོན་ནང་ རང་ལུགས་སྤགས་ཤིང་གི་གཞུ་ དང་ དེང་སང་གི་ལྕགས་ཞུའི་ མདའ་རྐྱབ་སྲོལ་ ཨམ་སྲའི་ཁུ་ རུ་རྩེད་སྲོལ་དང་ རྡེད་སྒོར་གྱི་ རྩེདམོ་ དེ་ལས་ མདའ་ འཆམ་རྐྱབ་སྲོལ་ཚུ་ འགྲེམ་ སོན་ཕུལ་ཡོདཔ་ཨིན། རང་ལུགས་ཀྱི་མདའ་རྩེད་ འགྲན་བསྡུར་དང་ རྩེད་རིགས་ འགྲེམ་བསོན་འབད་ས་ མི་ སེར་ བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ཡོད་མི་ ཚུ་ཡང་ མང་ཤོས་ཅིག་ ཨ་ ཀི་ཤི་ནོའི་རྒྱལ་པོའི་སྲསམོ་མ་ ཀོ་ མཇལ་ནིའི་དོན་ལུ་བར་ འོང་ནུག། འཇིགས་མེད་རོ་རྗེ་དབང་ཕྱུག་ རྗེས་དྲན་གྱི་ རང་ལུགས་ མདའ་རྩེད་འདི་ སྤྱི་ཟླ་༤ པའི་ ཚེས་༡༧ ལསའགོ་བཙུགས་ ཡོདཔ་ད་ འདི་ནང་སྡེ་ཚན་༢༩ གིས་ བཅའ་མར་གཏོགས་ ཡོདཔ་ཨིན་པས། ལོ་བསར་འགོ་འདྲེན་ འཐབ་ སྲོལ་ཡོད་པའི་ འཇིགས་མེད་ རོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ རང་ལུགས་མདའ་རྩེད་ཀྱི་ མཐའ་བཅད་ འགྲན་བསྡུར་ འདི་ སྤྱི་༥ པའི་ཚེས་༣ དང་ ༤ ལུ་ ཨོ་རྒྱན་ནོར་ལྷ་དང་ བུ་ཀྲི་ནིསི་ ཨར་ཅ་རི་ སྡེ་ ཚན་༢ ཀྱི་བར་ན་ རྩེད་འདྲེན་ འབད་ནི་ཨིན་པས། ཇ་པཱན་གྱི་ཨ་ཀི་ཤི་ནོའི་སྲསམོ་ མ་ཀོ་འདི་ འབྲུག་ལུ་ ཉིན་ གྲངས་༧ གྱི་གཞུང་འབྲེལ་ གཟིགས་བསྐོར་ནང་འབོན་ ཡོདཔ་ཨིན། ཨ་ཀི་ཤི་ནོའི་སྲསམོ་མ་ཀོ་གིས་ རྒྱལ་ཁབ་ནང་ལུ་ ཐིམ་ཕུག་ དང་ སྤ་རོའི་ས་གནས་ཚུ་ནང་ གཟིགས་བསྐོར་གནང་པའི་ཤུལ་ ལས་ སྤྱི་ཟླ་༥ པའི་སྤྱི་ཚེས་༦ ལུ་ སྤ་རོ་སག་ཚང་ལྷ་ཁང་ མཇལ་ཞིནམ་ལས་ སྤྱི་ཟླ་༥ པའི་སྤྱི་ཚེས་༧ ལུ་ སྤ་རོ་ལས་ སིང་གཱ་པོར་རྒྱལ་ཁབ་ བརྒྱུད་ དེ་ སྤྱི་ཟླ་༥ པའི་སྤྱི་ཚེས་༨ ལུ་ ལོག་ཏེ་ ཇ་པཱན་ལུ་ ཕེབས་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.