དུས་ཆེན་ལྔ་འཛྫོམས་ བརྩི་སྲུང་ཞུ་ཡྫོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ འབྲུག་རྒྱལ་ཁབ་མཐའ་ དབུས་མེད་པ་ རྫོང་གཞིས་ ཁག་དང་ ལྷ་ཁང་དགོན་སྡེ་ཚུ་ ནང་ ཟླཝ་༤ པའི་ཚེས་༡༥ དུས་ཆེན་ལྔ་འཛྫོམས་ཀྱི་ཉིནམ་ ལུ་ དད་ཅན་གྱི་མི་སེར་ སྫོང་ ཕྲག་ལས་ཅད་དེ་ ལྷ་ཁང་ མགོན་སྡེ་ མཇལ་བར་འགྱོ་སྟེ་ འདུག། དུས་ཆེན་བརྩི་སྲུང་གི་དྫོན་ལུ་ ཐིམ་ཕུག་དང་སྤ་རྫོ་ལུ་སྫོད་མི་ ཚུའི་ ས་གནས་དེ་ནང་ཡྫོད་ པའི་ གནས་རྩ་ཅན་དང་ དགོན་སྡེ་ཚུ་ མཇལ་བ་འགྱོ་ ཡྫོདཔ་མ་ཚད་ དད་ཅན་ལ་ལུ་ གིས་ ལྷ་ཁག་ནང་སངས་རྒྱས་ བསན་པའི་ སྐུ་འདྲ་་ཡང་ཕུལ་ ཡྫོདཔ་ཨིན་པས། རྫོང་གཞི་དང་ལྷ་ཁང་ཚུ་ནང་ བམ་དང་སྫོབ་དཔྫོན་ དེ་ལས་ དགེ་སྫོང་ཚུ་གིས་ རིམ་གྲོ་དང་ ཆོ་གུ་གནང་ཏེ་འདུག། དུས་ཆེན་ལྔ་འཛྫོམས་འདི་ཡང་ སངས་རྒྱས་བཅོམ་ལྡན་འདས་ ཀྱི་མཛད་རྣམ་ མཛད་པ་༡༢ ཀྱི་གྲལ་ལས་ ལྷུམས་སུ་ བཞུགས་པ་དང་ སྐུ་བལྟམས་ པ་ བདུད་བཏུལ་བ་དང་ མངོན་པར་རྫོགས་པར་སངས་ རྒྱས་པ་ དེ་ལས་ མྱ་ངན་ལས་ འདས་པ་ དུས་ཆེན་ལྔ་ འཛྫོམས་ཀྱི་ཟླཝ་ཨིན་པས། དུས་ཆེན་འདི་ལུ་ རྒྱལ་བའི་ དུས་ཆེན་གསུམ་འཛྫོམས་དང་ ལྔ་འཛྫོམས་ཟེར་ བརྩི་སྫོལ་ གཉིས་ཡྫོདཔ་ལས་ དུས་ཆེན་ གསུམ་འཛྫོམས་འདི་ ཟླཝ་༤ པའི་ཚེས་༧ ལུ་ སྐུ་བལྟམས་ པ་དང་ ཚེས་༡༥ ལུ་སངས་ རྒྱས་པ་དང་ མྱ་ངན་ལས་ འདས་པ་སྦེ་ དུས་ཆེན་གསུམ་ འཛྫོམས་ཟེར་བརྩིཝ་ཨིན་མས། དེ་བཟུམ་སྦེ་ དུས་ཆེན་ལྔ་ འཛྫོམས་འདི་ ཟླཝ་༤ པའི་ ཚེས་༡༥ ལུ་ ལྷུམས་སུ་ བཞུགས་པ་དང་ སྐུ་བལྟམས་ པ། བདུད་བཏུལ་བ་དང་ སངས་རྒྱས་པ། དེ་ལས་ མྱ་ ངན་ལས་འདས་པ་ཟེར་ དུས་ ཆེན་ལྔ་འཛྫོམས་བརྩིཝ་ཨིན་ པས། དེ་མ་ཚད་ རང་ཟླ་༤ པ་འདི་ ས་ག་ཟླ་བ་ཧྲིལ་བུམ་ཨིནམ་མ་ ཚད་ ལྷག་པར་ དུས་ཆེན་ལྔ་ འཛྫོམས་ལུ་ དགེ་སྦྫོར་གྱི་ལཱ་ ག་ཅི་ར་འབད་རུང་ ཕན་ཡྫོན་ སྫོམ་ཡྫོད་ནི་འདི་གིས་ ལྷག་ བསམ་རྣམ་དག་གི་སྒོ་ལས་ སངས་རྒྱས་ལུ་ དམིགས་པའི་ དད་པ་བསྐྱེད་དེ་ དགེ་བ་ བསྒྲུབ་པ་ཅིན་ ཕན་ཡྫོན་ཆེ་ བའི་ཨིན་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.