རྩིས་ཞིབ་དབང་འཛིན་གྱིས་ སྙན་ཞུ་༦ སྤྱི་ཚོགས་ལུ་ཕུལ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་། རྒྱལ་ཡོངས་རྩིས་ཞིབ་དབང་ འཛིན་གྱིས་ སྤྱི་ལོ་༢༠༡༦ གི་ ལོ་བསྟར་རྩིས་ཞིབ་སྙན་ ཞུ་༦ གསལ་བཀོད་འབད་དེ་ སྤྱི་ཚོགས་ནང་ ཕུལ་ཡོདཔ་ ཨིན་པས། རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༦ གི་ ལོ་ནང་ ཕྱིར་སྤོད་འབད་མི་ རྩིས་ ཞིབ་སྙན་ཞུ་༨༡༥ ནང་ལས་ ཕོགས་སྒྲིག་འབད་བའི་ རྩིས་འགྲིག་མ་འབད་བའི་ འཚབས་ཅན་གྱི་ གནད་ དོན་ཚུ་ ཕུལ་ཡོདཔ་ཨིན་ པས། སྙན་ཞུ་དེ་ནང་ གཞུང་གི་ལོ་ བསྟར་ དངུལ་འབྲེལ་རྩིས་ བརྗོད་ཀྱི་ངོ་སྦོར་དང་ རྒྱལ་ གཞུང་རྩིས་ཞིབ་དབང་འཛིན་ གྱི་ གྲུབ་འབྲས་ཚུ་ དེ་ལས་ གློག་མེ་ལས་འགུལ་གྱི་ རྩིས་ཞིབ་འགོ་འདྲེན་འཐབ་ པའི་སྐབས་ལུ་ ངོས་འཛིན་ བྱུང་མི་ འཚབས་ཅན་གྱི་ གནད་དོན་ཚུའི་ བཅུད་དོན་ ཚུ་ ཚུད་དེ་ཡོདཔ་ཨིན་པས། བལྟ་བཤལ་ལས་སྡེའི་ ལས་ འབྲེལ་རྩིས་ཞིབ་སྙན་ཞུ་ནང་ རིན་གོང་མཐོ་དྲགས་ གནོད་སྐྱོན་ཉུང་དྲགས་’ ཟེར་མི་ སྲིད་བྱུས་ཀྱི་ དམིགས་ཡུལ་ཚུ་ གྲུབ་ནི་ ནང་ ཁྲིམས་མཐུན་དང་ སྲིད་བྱུས་ཀྱི་ གཞི་བཀོད་ ལངམ་འབད་ཡོད་མེད་ བསྐྱར་ཞིབ་འབད་ནི་དང་ བལྟ་བཤལ་གྱི་ཁྲལ་མར་ ཕབ་འབད་ནིའི་ སྙན་ཞུ་ཚུ་ ཨིན་པས། དེ་ཡང་ འོས་མིན་གྱི་ ལག་ ལེན་ཚུ་ འབྱུང་ནི་ལས་ སྔོན་འགོག་དང་ ཞིབ་དཔྱད་ འབད་ནི་གི་ ནང་འཁོད་ དམ་འཛིན་ཚུ་གི་ དོན་སྨིན་ ཚུ་ བརྟག་ཞིབ་འབད་ནི། གཙུག་སྡེའི་གཞི་བཀོད་དང་ དམིགས་བསལ་གྱི་ ལྟ་རྟོག་ དང་འབྲེལ་མཐུན་གྱི་ ཐབས་ཤེས་ཚུ་ ལངམ་ འབད་ཡོད་མེད་ཀྱི་ བསྐྱར་ ཞིབ་འབད་ནི་ དེ་ལས་ བལྟ་བཤལ་ལས་སྡེའི་ དམིགས་གཏད་དང་ དམིགས་ཡུལ་ཚུ་གི་གྲུབ་ འབྲས་ཚུ་ དབྱེ་ཞིབ་འབད་ ནིའི་ དོན་ལུ་འགོ་འདྲེན་ འཐབ་ཡོདཔ་ཨིན་པས། འབྲུག་བཟའ་སྤོད་ལས་འཛིན་ ཚད་ཀྱི་ ལས་འབྲེལ་རྩིས་ ཞིབ་སྙན་ཞུའི་ནང་ ལས་ འཛིན་གྱི་དུས་མཚམས་ ལོ་ ལྔའི་ ཁྲིམས་མཐུན་དང་ སྲིད་བྱུས། གཙུག་སྡེའི་གཞི་ བཀོད། མཁོ་སྒྲུབ་འཛིན་ སྐྱོང་ལམ་ལུགས། མཛོད་ ཁང་འཛིན་སྐྱོང་དང་ མི་ སྟོབས་འཛིན་སྐྱོང་དང་འབྲེལ་ བའི་ གནད་དོན་ཚུ་གི་ བསྐྱར་ཞིབ་འབད་ཡོདཔ་ ཨིན་པས། རྩིས་ཞིབ་ཀྱིས་ ལས་འཛིན་ གྱི་ རེ་འདུན་བསྐྱེད་མི་ དམིགས་དོན་ཚུ་གྲུབ་ནི་ནང་ གལ་ཆེཝ་འབད་ ངོས་ འཛིན་འབད་མིའི་ ཉེན་ཁ་ཆེ་ བའི་གནད་དོན་ཚུ་ཡང་ ཞིབ་དཔྱད་འབད་ཡོདཔ་ཨིན་ པས། ལཱ་གཡོག་གསར་བཟོ་དང་ ཡར་འཕེལ་ཐབས་ཤེས་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ ཞུ་དེ་ རྒྱལ་ཁབ་ནང་ལུ་ ལཱ་ གཡོག་གི་ གོ་སྐབས་བཟོ་ ནི་ནང་ ཚད་དམ་དང་འཇོན་ ཚད་ དོན་སྨིན་ཚུ་ ངེས་ བརྟན་བཟོ་ནི་ནང་ འོས་ འབབ་རན་པའི་ བརྩིས་ མཐོང་བསྐྱེད་ཡོདཔ་ ངེས་ གཏན་བཟོ་ནི་གི་དོན་ལུ་ཨིན་ པས། དེ་མ་ཚད་ དམིགས་བསལ་ གྱི་ ལཱ་གཡོག་གི་གོ་སྐབས་ བཟོ་མི་དང་ ཕན་ཐབས་ཀྱི་ ལས་རིམ་འགོ་འདྲེན་འཐབ་ མི་ཚུ་གི་ དོན་སྨིན་ངེས་ གཏན་ བཟོ་ནིའི་དོན་ལུ་ འགོ་འདྲེན་འཐབ་ནུག། དེ་ འབདཝ་ལས་ རྩིས་ཞིབ་ ཀྱིས་ དོན་སྨིན་ཅན་གྱི་ གཡོག་སྤོད་ཀྱི་ བདག་སྐྱོང་ དང་འབྲེལ་བ་ཡོད་པའི་ ཀུན་འབྲེལ་གྱི་ གནད་དོན་ ཚུ་བསྐྱར་ཞིབ་འབད་ནི་ནང་ གཙོ་བོར་བཏོན་ཡོད་ཟེར་ ཨིན་པས། དེ་བཟུམ་སྦེ་ ནད་པའི་ བཞེས་སྒོའི་ཆ་རྐྱེན་གྱི་ ལས་ འབྲེལ་རྩིས་ཞིབ་སྙན་ཞུ་དེ་ ཟས་བཅུད་དང་ ནད་པའི་ བཞེས་སྒོའི་ལམ་ལུགས་ འཛིན་སྐྱོང་འཐབ་ཐངས་ལུ་ གཙོ་བོར་བཏོན་ཏེ་འགོ་ འདྲེན་འཐབ་ཡོདཔ་ཨིན་ མས། བཞེས་སྒོ་བྱིན་མི་ཚུ་གིས་ ནདཔ་ཚུ་མགྱོགས་དྲགས་ འབད་ དྲག་ནིའི་དོན་ལུ་ དགོས་མཁོའི་ ཟས་བཅུད་ ཚུ་དང་ ལྡན་མ་ལྡན་དང་ སྤྱིར་བཏང་གི་ འཕོད་བསྟེན་ ཡར་དྲག་གཏང་ནི་ཚུ་ ངེས་ གཏན་བཟོ་ཡོདཔ་དང་ ནདཔ་ཚུ་གི་ བཞེས་སྒོའི་ མང་ཉུང་དང་ ཉེན་སྲུང་ དེ་ ལས་ གཙང་སྦྲ་འཕོད་ བསྟེན་ཚུ་ དབྱེ་ཞིབ་འབད་ ཡོདཔ་ཨིན་པས། ནདཔ་ཚུ་གིས་ ཁོང་རའི་ བཞེས་སྒོ་ཚུ་ སྤོ་སྣང་གི་ ཐོག་ལུ་ཟ་ནི་ནང་ སྤོ་བ་ བསྐྱེད་བཅུག་ནིའི་དོན་ལུ་ སྨན་ཁང་ཚུ་གིས་ འོས་ མཐུན་གྱི་གནས་སྟངས་ཚུ་ བྱིན་ཡོད་མེད་ བརྟག་ཞིབ་ འབད་ནི་གི་ དམིགས་ཡུལ་ ཡང་བསྐྱེད་དེ་ འགོ་འདྲེན་ འཐབ་ཡོདཔ་ཨིན་པས། སོབ་གྲྭའི་བཞེས་སྒོ་གི་ ལས་རིམ་གྱི་ ལས་འབྲེལ་ རྩིས་ཞིབ་དེ་ ཟས་བཅུད་ དང་ ལས་རིམ་དེ་གིས་ ཟས་བཅུད་ ཡར་དྲག་ གཏང་ནི་དང་ ཟས་བཅུད་ མ་ཚང་བའི་སྐྱོན་ཆ་ཚུ་ མར་ ཕབ་འབད་ནི་ དེ་ལས་ སོབ་ཕྲུག་ཨ་ལུ་ཚུ་གི་ ཟས་ བཅུད་ཀྱི་ གནས་ཚད་ཡར་ དྲག་བཟོ་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ཐབས་ལམ་ གཞི་བཙུགས་ འབད་ནི་ནང་ ཕན་འདེབས་ འབད་ཡོད་མེད་ ངེས་གཏན་ བཟོ་ནི་ནང་ གཙོ་བོར་བཏོན་ ཏེ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པས། སྙན་ཞུ་དེ་ནང་ སྤྱི་ལོ་༢༠༡༡ ལས་༢༠༡༥ ཚུན་གྱི་དུས་ མཚམས་ཚུ་ ཁྱབ་ཡོདཔ་ ལས་ སྤྱི་ཚོགས་ནང་ གྲོས་ བསྡུར་གནང་ནིའི་དོན་ལུ་ རྩིས་ཞིབ་ཡོངས་ཁྱབ་ཀྱིས་ ཕུལ་མི་ ལོ་བསྟར་རྩིས་ཞིབ་ སྙན་ཞུ་༢༠༡༦ ཅན་མ་དང་ སྙན་ཞུ་གཞན་མི་ཚུ་ཡང་ཚུད་ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.